མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱི་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་བཟུང་སྲིད་སྐྱོང་མཆོག་གི་དབུས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མང་པོར་མཇལ་མོལ་དང་བོད་དོན་གསུང་བཤད་གནང་བ་སོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་ཡོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གི་འཛིན་སྐྱོང་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཨེ་ལེ་སན་ཌོ་རོ་ཆིའོ་ཆི་ཊི་ (Alessandro Chiocchetti) མཆོག་གིས་གཙོས་ཁོང་གི་སློབ་སྟོན་པ་དང་ཕྱག་རོགས་རྣམ་པ་བཅས་དང་མཇལ་འཕྲད་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཀྱི་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་གི་ཡུ་རོབ་རྒྱལ་ཁབ་འཇར་མན་དང་སྦེལ་ཇམ་སོགས་ཀྱི་ནང་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མང་པོར་མཇལ་མོལ་གནང་སྟེ་བོད་དོན་ཞུ་གཏུག་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཇར་མ་ནི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀལ་བྷ་རན་ཌི་(Michael Brand) ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཀ་ལུ་སི་པི་ཌར་ཝིལ་སི་ཤི་(Klaus-Peter Willsch)་ལགས་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། ཧྥ་རན་ཁི་ཧྥུར་ཌི་མངའ་སྡེ་(Frankfurt) ནང་གི་གྷོ་ཐེ་ཇེམ་ན་ཟུམ་(Goethe-Gymnasium)་སློབ་གྲྭར་གཟིགས་སྐོར་ཕེབས་ཏེ། དེ་གའི་སློབ་གྲྭའི་དབུ་འཛིན་དང་ལས་བྱེད་རྣམས་དང་ལྷན་དུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གོ་བསྡུར་གནང་ཡོད་པ་མ་ཟད། བོད་ཀྱི་གནས་སྟངས་ཐད་སློབ་ཕྲུག་རྣམས་ལ་དྲི་བ་དྲིས་ལན་གྱི་ཐོག་ནས་གོ་རྟོགས་སྤེལ་ཡོད་འདུག ཉིན་རྒྱབ་མངའ་སྡེ་དེ་གའི་གྲོང་སྡེ་ལས་ཁུངས་ཀྱི་གུ་ཡངས་ཚོགས་པའི་མི་སྣ་དང་། འཇར་མན་དངུལ་ཁང་གི་གནད་ཡོད་མི་སྣ་ཁག་དང་ལྷན་དུ་འཇར་མན་རྒྱལ་ཁབ་ཀྱི་དཔལ་འབྱོར་སྐོར་དང་། བཙན་བྱོལ་བོད་མིའི་གནས་སྟངས་དང་མ་འོངས་བའི་ལས་དོན་བྱེད་ཕྱོགས་ཐད་མུ་མཐུད་རོགས་རམ་གནང་དགོས་པའི་སྐོར་ལ་གླེང་མོལ་གནང་ཡོད་འདུག་ལ། ཡེ་ཤུ་ལྷ་ཁང་གྲགས་ཅན་དང་། འཇར་མན་བོད་ཁང་དུ་གཟིགས་སྐོར་གྲུབ་རྗེས་ཡུ་རོབ་ཀྱི་སྦེལ་ཇམ་རྒྱལ་ཁབ་ཏུ་ཕེབས་ཐོན་གནང་།

ཕྱི་ཚེས་ ༡༣ ཉིན་སྦེལ་ཇམ་རྒྱལ་ཁབ་ཀྱི་རྒྱལ་ས་སྦིལ་ཛིལ་དུ་འབྱོར་ཏེ། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་གཞོན་པ་ལྕམ་ཀཱ་ཏན་ལིན་ལགས་(katanlin Cseh)ལགས་དང་། ཡུ་རོབ་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་སློབ་དཔོན་ཇཱེ་མེ་སི་མོ་རཱན་(James Moran) ལགས། སྦེལ་ཇམ་ཧྥ་སྒྲི་རི་ཁི་ནུ་མཱན་ཐེབས་རྩ་ཁང་(Friedrich Naumann Foundation) གི་ས་གནས་འགན་འཛིན་ཇུ་ལེ་སི་མཱ་ཌན་(Jules Maaten )ལགས་བཅས་དང་ལྷན་དུ་བོད་ཀྱི་གནས་སྟངས་སྐོར་གླེང་སློང་གནང་། ཉིན་རྒྱབ་ཡུ་རོབ་གྲོས་ཚོགས་ཚོགས་ཁང་དུ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལཱ་སི་པེ་ཁི་སཱ་(Mikulas Peksa)་ལགས་གཙོས་ཡུ་རོབ་གྲོས་ཚོགས་མི་སྣ་བཞི་དང་། གྲོས་ཚོགས་འཐུས་མིའི་སྐུ་ཚབ་ལས་བྱེད་བདུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་གཉིས་བཅས་ཀྱི་ལྷན་དུ་བོད་ཀྱི་གནད་དོན་ཐད་ཞུ་སྐུལ་གྱི་ཚོགས་འདུ་ཚོགས་ཡོད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་ཡིག་ངག་གཉིས་ཐོག་ནས་བོད་དོན་ཀྱི་སྙན་ཞུ་ཕུལ་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་སྐུ་ཚབ་དྲུང་ཡིག་ཆེན་མོ་ཨ་ལེ་སཱན་ཌོ་(Alessandro Chiocchetti) ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པར་སྣེ་ལེན་ཟབ་རྒྱས་ཞུས་ཏེ། ཡུ་རོབ་གྲོས་ཚོགས་ཚོགས་ཁང་དུ་བོད་ཀྱི་རྒྱལ་དར་མཉམ་དུ་བསྒྲེངས་བའི་ཐོག རྒྱ་གཞུང་གིས་བོད་ནང་དུ་བོད་མིའི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་མ་འོངས་བར་བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས། དེ་བཞིན་རྒྱ་ནག་དང་ཡུ་རོབ་གྲོས་ཚོགས་གཉིས་ཀྱི་འབྲེལ་བའི་བར་བསྐྱར་ཞིབ་དགོས་སྐོར་གྲོས་བསྡུར་བྱུང་ཡོད་ཅིང་། དྲུང་ཡིག་ཆེན་མོ་ནས་༧གོང་ས་མཆོག་མ་འོངས་པར་ཡུ་རོབ་གྲོས་ཚོགས་སུ་ཆིིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་ཝེ་ཌན་རྒྱལ་ཁབ་ཀྱི་རྒྱལ་ས་(Stockholm)་དུ་ཕེབས་འབྱོར་བྱུང་ཡོད་པ་དང་།  ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་སུད་ཝེ་ཌན་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་མཱར་གྷ་རེ་ཌ་(Margareta Cederfelt)་ལགས་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་ནང་དུ་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་འཛུགས་སྐྲུན་དང་། བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐད་ཡུ་རོབ་མཐུན་ཚོགས་ཀྱིས་ལངས་ཕྱོགས་བརྟན་པོ་འཛིན་པར་སུད་ཝེ་ཌན་གྱིས་ནུས་པ་འདོན་ཐུབ་པའི་སྐོར་ཞུས་ཡོད་ཅིང་། སུད་ཝེ་ཌན་གཞུང་དང་ཡུ་རོབ་མཐུན་ཚོགས་ཐུན་མོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ལས་དོན་སྤེལ་ཕྱོགས་གྲོས་བསྡུར་དང་། གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་ཐད་ཞལ་བཞེས་གནང་འདུག ཚོགས་འདུ་དེར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕར་སི་ལགས་དང་། སུད་ཝེ་ཌན་བོད་དོན་རྒྱབ་སྐྱོར་ཚོགས(Swedish Tibet Committee)་པའི་ཚོགས་གཙོ་སྐུ་ཞབས་མཱ་ཌཱི་སི་(Mattias Bjornerstedt)་ལགས། སུད་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་རིན་ཆེན་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག ཉིན་རྒྱབ་སུད་ཝི་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདུ་འཛོམས་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། ས་གནས་བོད་རིགས་གཞོན་སྐྱེས། མི་མང་ཁག་ཅིག་ལ་གསུང་བཤད་གནང་ཡོད་འདུག

ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དབུ་ཁྲིད་པའི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་མི་མང་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས།  དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་དང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སྦེལ་ཇམ་གྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་སོགས་མཉམ་བཅར་ཞུས་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

༢༠༢༦/༠༦/༢༣
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese