མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་དྲང་བདེན་མིན་པའི་ཁྲིམས་ཆད་ལ་འདྲི་རྩད་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བར་ཉེས་མེད་ཉེས་འཛུགས་ཀྱི་ཁྲིམས་ཆད་དེ་འདྲ་གུང་ཁྲན་ཏང་གི་ཁྲིམས་སུ་ཡོད་མེད་འདྲི་རྩད་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་ཐང་དུ་འདྲི་རྩད་ཞུ་གཏུག་གི་ལས་འགུལ་སྤེལ། ལས་འགུལ་གྱི་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བརྙན་ཐུང་ལས་བླངས།

ཉེ་སྔོན་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་དྲ་ལམ་དུ་བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་ཟེར་བ་དེས་རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་གནད་དོན་དེ་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་ཡོད་སྐོར་འདྲི་རྩད་ནན་པོ་བྱས་ཡོད་སྐོར་ངོ་སྤྲོད་གནང་བའི་བརྙན་ཐུང་ཞིག་ཁྱབ་བཞིན་འདུག་ལ། མགོན་པོ་སྐྱིད་ལགས་ནས་འདྲི་རྩད་དེ་ག་དུས་གནང་བ་ཡིན་ཁ་གསལ་མི་འདུག་ཀྱང་།  ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མགོན་པོ་སྐྱིད་ལགས་ནས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཁྲིམས་ཁང་གི་མདུན་དུ་འདྲི་རྩད་ཞུ་གཏུག་གི་ལས་འགུལ་དེ་སྤེལ་ཡོད་སྐོར་གནས་ཚུལ་སྤེལ་འདུག

སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་དེའི་ནང་དུ་མགོན་པོ་སྐྱིད་ལགས་ཀྱིས། ངའི་མིང་པོ་རྡོ་རྗེ་ཚེ་བརྟན་ལ་སྐྱོན་ཆ་གང་ཡང་མེད་པར་ལོ་དྲུག་ལ་བཙོན་ཁང་དུ་བཅུག་ཡོད་པ་དང་། ངའི་མིང་པོ་རྡོ་རྗེ་བཀྲིས་སྒོར་མོ་ཁྲི་བརྒྱ་དང་ལྔ་བཅུར་ཁ་གཡར་ནས་ཚེ་བཙོན་དུ་བཅུག་སོང་།  སྒོར་མོ་ཁྲི ༡༥༠ དེ་འཇལ་ཚར་བ་མ་ཟད། སྐྱེད་ཀ་སྒོར་མོ་ཁྲི ༥༠ བསྣན་ནས་རྒྱ་སྒོར་ཁྲི ༢༠༠ འཇལ་བ་ཡིན་ཡང་། རྡོ་རྗེ་བཀྲ་ཤིས་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ང་ཚོར་贷款诈骗(དངུལ་བུན་གཡོ་ལེན་)བྱས་པའི་མིང་ཞིག་ཀྱང་བཏགས་སོང་། རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་གི་དཔོན་པོ་པ་སངས་ཟེར་བ་དེས་ང་ཚོར་གུང་ཁྲན་ཏང་གི་ཁྲིམས་སུ་མེད་པའི་ནག་ཉེས་ཤིག་བཙུགས་སོང་། དེའི་ཕྱིར་ངས་གུང་ཁྲན་ཏང་གི་ཁྲིམས་ལ་སྒོར་མོ་བསྐྱིས་ཚད་ཚང་མར་贷款诈骗་(དངུལ་བུན་གཡོ་ལེན)ཟེར་བ་དེ་ཡོད་པ་རེད་དམ།  སྒོར་མོ་ཡི་སྐྱིན་པ་བྱིན་ཚར་ནའང་གུང་ཁྲན་ཏང་གི་ཁྲིམས་སུ་མ་དངུལ་བུན་གཡོ་ལེན་ཟེར་བ་ཞིག་ཡོད་པ་རེད་དམ། ཞེས་བརྗོད་འདུག

ཁོང་མོས་མུ་མཐུད། གལ་སྲིད་གུང་ཁྲན་ཏང་གི་ཁྲིམས་སུ་ངོ་མ་དེ་འདྲ་ཞིག་ཡོད་པ་ཡིན་ན། ངས་ཁྲིམས་དེ་ཁུར་རྒྱུ་ཡིན་ལ། བརྩི་སྲུང་ཡང་བྱ་ངེས་ཡིན། གུང་ཁྲན་ཏང་གི་ཁྲིམས་སུ་དངུལ་ལ་སྐྱིན་པ་སྤྲད་བཞག་པ་ཡིན་ནའང་བུ་ལོན་གཡར་མཁན་ཚང་མར་དངུལ་བུན་གཡོ་ལེན་ཞེས་པ་དེ་འདྲ་ཞིག་ཡོད་པ་རེད་ཅེས་་ཁྱོད་ཚོས་དག་མཆན་ཞིག་རྒྱག་རོགས། ཞེས་མི་མང་ཁྲིམས་ཁང་ལ་བཤད་ཡོད་ཀྱང་།  ང་རང་ཉིད་ཀྱི་མི་ལ་སྐྱོན་ཆ་མེད་ནའང་མེད་ཟེར་བའི་ཐོབ་ཐང་དེ་མི་འདུག གུང་ཁྲན་ཏང་གི་ཁྲིམས་ཀྱི་ཐོག་ཏུ་རང་ཉིད་ལ་སྐྱོན་ཆ་མེད་ན་མེད་ཟེར་བའི་ཐོབ་ཐང་དེ་ཡོད་པ་རེད། ཡིན་ནའང་། འདི་མེད་དུ་འཇུག་མཁན་ནི་རང་སྐྱོང་ལྗོངས་ཀྱི་དཔོན་པོ་ཚོ་རེད། ཕྱི་ལོ་ ༢༠༠༨ ཀྱི་དཔོན་པོ་ཚོ་རེད། ངས་སྐྱོན་ཆ་མེད་ན་མེད་ཟེར་བའི་དབང་ཆ་དང་ཐོབ་ཐང་དེ་གུང་ཁྲན་ཏང་གི་ཁྲིམས་ཀྱི་ཐོག་ཏུ་མེད་ཟེར་བ་དང་། དངུལ་བུན་གཡོ་ལེན་ཟེར་བ་དེ་གཉིས་ལ་དག་མཆན་ཞིག་བྱོས་དང་། དེ་ནས་བཟུང་སྟེ་ང་ཁྱོད་ཚོ་ཁྲིམས་ཁང་གི་སྒོ་ཁར་མི་ཡོང་ཞེས་བཤད་པ་ཡིན། ཞེས་སོགས་བརྗོད་འདུག

བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ནས་ཁྲིམས་ཁང་གི་ཉེས་འཛུགས་དེ་གཏན་ནས་ཁས་ལེན་བྱས་མེད་ལ། ཕྱི་ལོ་ ༢༠༢༠ ལོར་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པ་རེད། རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་འདུག

རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་དེ་སྔོན་བོད་ཁུལ་གྱི་དབུལ་ཕོངས་དཀའ་ངལ་ཅན་མང་པོར་རོགས་རམ་གནང་ཡོད་པ་སོགས་སྤྱི་ཕན་གྱི་ལས་དོན་གང་མང་གནང་ཡོད་སྟབས། མི་མང་པོས་དགའ་མོས་ཆེན་པོ་ཐོབ་པའི་བོད་རིགས་ཕྱུག་བདག་ཅིག་ཡིན་འདུག་ལ། བོད་རང་སྐྱོང་ལྗོངས་ཟེར་བས་འགྲོ་ཕན་སྒྲུབ་པའི་བྱ་དགའ་དང་ཚོང་ལས་རྩེར་སོན་གྱི་བྱ་དགའ་སོགས་ཀྱང་ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese