མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༢ འཁོར་བའི་དུས་ཆེན་སྲུང་གཙི་སྐབས། ཨ་མ་རྗེ་བཙུན་པདྨ་མཆོག་གིས་མ་འོངས་པར་བོད་ཕྲུག་ཁྱིམ་སྡེ་རོགས་ཚོགས་གཞན་ལ་རེ་མ་དགོས་པར་ང་རང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་གང་འཚམས་ཡོད་པ་ཚོས་ཐུགས་འགན་བཞེས་ནས་རོགས་པ་གནང་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་རྡ་སྟེང་བོད་ཁྱིམ་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༢ འཁོར་བའི་དུས་ཆེན་དང་སྟབས་བསྟུན། དམིགས་བསལ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་ཕྲུག་ཚོའི་ཤེས་རིག་གི་ཆེད་དུ་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་གནང་སོང་། མཛད་སྒོའི་ཐོག་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་མཆོག་སྤྲུལ་མཆོག་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་འགན་འཛིན་རྣམ་པ། དགའ་ལྡན་ཕོ་བྲང་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། བོད་ཕྲུག་ཁྱིམ་སྡེའི་སྦྱིན་བདག་ཁག་ཅིག་དང་དགེ་སློབ་ངོ་ཟུར་རྣམ་པ། དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁོར་གྱི་བོད་མི་སེར་སྐྱ་ཕོ་མོ་མང་པོ་ཞིག་ཀྱང་ཕེབས་འདུག

བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་རྒན་བསོད་ནམས་སྲི་གཅོད་ལགས་ནས་བོད་ཕྲུག་ཁྱིམ་སྡེའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས། བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་སྐུ་ངལ་འཛེམས་མེད་ངང་མིག་དཔེ་བཟང་པོ་དང་བཅས་ཏེ། བཙན་བྱོལ་བོད་ཕྲུག་ཚོའི་ཤེས་རིག་གི་ཆེད་དུ་བློས་གཏོང་གནང་བར་བརྟེན། བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་གྱིས་བཀའ་དྲིན་རྗེས་དྲན་མཚོན་ཕྱིར། དངུལ་ལས་གྲུབ་པའི་སྒྲོལ་མའི་སྐུ་ཞིག་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་གསོལ་སྩལ་གནང་སོང་། དེ་བཞིན་ཨ་མ་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ “Ama La” ཞེས་པ་དང་། ལོ་རྒྱུས་སྙིང་བསྡུས་ཀྱི་ཕྱག་དཔེ་གངས་ཅན་བོད་ཀྱི་ཨ་མ་ལགས་ཞེས་པ་གཉིས་དབུ་འབྱེད་གནང་སོང་བ་མ་ཟད། ཨ་མ་ལགས་སྐུ་ཉིད་ནས་དབྱིན་ཡིག་ནང་བརྩམས་གནང་བའི་ “Tibet: My Story” ཞེས་པའི་ཕྱག་དཔེ་དེའི་བོད་སྒྱུར་ཡང་དབུ་འབྱེད་གནང་སོང་།

ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་དེ་རིང་གི་མཛད་སྒོ་དང་འབྲེལ་ནས་དགེ་ལས་སློབ་ཕྲུག་ཡོངས་ལ། ཕྱོགས་ཡོངས་ནས་ང་ཚོས་གང་ཡོང་ཡོང་བྱེད། གཙོ་བོ་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྙིང་ལ་བཅངས་ནས་དེའི་ཐོག་ལག་ལེན་བསྟར་བ་ཡིན་ན། ལས་ཀ་ག་རེ་བྱེད་པ་ཡིན་ན་ཡང་གྲུབ་འབྲས་ཡག་པོ་ཞིག་ཏན་ཏན་ཏིག་ཏིག་འཐོན་གྱི་འདུག ང་ཚོས་སྒྲིག་འཛུགས་བཟོས་པ་དེ་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡག་པོ་ཞེ་དྲགས་ཆགས་ཡོད། དེ་ནས་མར་ཕྱག་ལས་གནང་མཁན་ལོ་ན་གཞོན་གཞོན་མང་པོ་བང་སྒྲིག་ནས་ཡོད་པ་རེད། ཁོང་ཚོས་ངོས་ནས་ཧུར་ཐག་འབད་ཐག་གནང་གི་འདུག ང་རང་མགོ་དཀར་པོ་ལོ་ ༨༢ ལ་སླེབས་ཡོད་རེད། ང་རང་གིས་ཕར་ལྟ་དུས་དངོས་གནས་འགྲིག་ཤག་དྲན་གྱི་འདུག ལས་ཀ་ག་རེ་བྱས་ན་ཡང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སེམས་ལ་བཞག་ན་ཡག་པོ་ཞིག་བསྒྲུབ་ཐུབ་ཀྱི་འདུག བྱས་ཙང་ང་ཚོའི་འོག་ལ་ཕྱག་ལས་གནང་མཁན་ཚོས་མུ་མཐུད་དེ་འདྲའི་དགོངས་པ་བཞེངས་ཏེ་ཕྱག་ལས་གནང་གི་རེད་བསམ་གྱི་འདུག ང་ཚོའི་པུ་གུ་དེ་ཚོ་མ་འོངས་བོད་ཀྱི་སོན་རྩ་རེད། སོན་རྩ་དེ་ཚོ་ཧྲ་ཐག་ཐག་བྱུང་བ་ཡིན་ན། ང་ཚོར་སོ་སོའི་རྒྱལ་ཁབ་མེད་ན་ཡང་ང་ཚོ་ལ་གཅིག་སྟོན་རྒྱུ་ཡོད། བྱས་ཙང་དེ་འདྲའི་སྐུ་ལས་མུ་མཐུད་ནས་བཀྱོན་རོགས་གནང་། ང་རང་གི་རེ་འདུན་ཞུ་གི་ཡོད། ཅེས་གསུངས་གནང་སོང་།

ཡང་ཁོང་གིས་ང་ཚོ་རྟག་པར་ཕྱིའི་རོགས་ཚོགས་ལ་ལག་པ་བསྐྱངས་ནས་བསྡད་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས་ང་ཚོའི་སློབ་ཟུར་ག་བ་ག་ས་ལ་སླེབས་ཡོད། ཁ་སང་གོ་ཡ་བྱས་ན་རོགས་ཚོགས་ཀྱི་དངུལ་བརྒྱ་ཆ་ ༢༠ སློབ་ཟུར་ཚོགས་པ་ནས་རེད་འདུག དེ་དཔེ་ཡག་པོ་རེད། ད་དུང་ཨང་ཀི་དེ་མཐོ་རུ་བཏང་ནས་མི་གཞན་དག་ལ་རེ་མ་དགོས་པར་ང་རང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་གང་འཚམས་ཡོད་པ་ཚོས་ཐུགས་འགན་བཞེས་ནས་རོགས་པ་གནང་རྒྱུ་གལ་ཆེན་པོ་འདུག དེ་རེ་འདུན་ཞུ་གི་ཡིན། ཞེས་གསུངས་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྐབས། དེང་སང་བོད་ནང་རང་ལོ་ ༦ ནས་ ༡༨ བར་གྱི་སློབ་ཕྲུག་རྣམས་གཏན་འཇགས་སློབ་གྲྭའི་ནང་བཅུགས་ཏེ། སོ་སོའི་སྐད་ཡིག་དང་རིག་གཞུང་། ཕ་མ་སོགས་དང་ཁ་བྲལ་བཏང་ནས་ཚུར་རང་ཁྱིམ་དུ་ལོག་པར་བོད་སྐད་རྒྱག་མི་ཤེས་པའི་གནས་སྟངས་ཛ་དྲག་ལ་འགྱུར་གྱི་ཡོད་པའི་སྐོར་གསུངས་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་བྱང་གནང་སྐབས། དེང་སང་རང་རེའི་སློབ་གྲྭ་ཁག་གི་ནང་དུ་སློབ་ཕྲུག་ཇེ་ཉུང་འགྲོ་གི་ཡོད་ན་ཡང་། ཐབ་ཆུང་ཆུང་ལ་མེ་ཚ་བོ་ཞེས་པའི་དཔེ་ལྟར་འབྲེལ་ཡོད་དགེ་ལས་ཡོངས་ནས་ཤེས་རིག་བཟང་སྤྱོད་སྔར་ལྷག་ཡོང་བར་འབད་བརྩོན་གང་ཐུབ་གནང་སྐྱོང་ཡོང་བའི་རེ་འདུན་འདོན་གནང་སོང་།

མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས། ང་ཚོ་བོད་མི་རྣམས་བཙན་བྱོལ་ལ་ཐོག་མར་ཕེབས་སྐབས་༸སྐུ་མདུན་གྱིས་ཕྱག་ལས་མང་པོ་ཡོད་པ་ནང་ནས་གལ་ཆེ་ཤོས་དེ། བོད་མི་རིགས་བསྟན་སྲིད་དང་བཅས་པ་གནས་ཐུབ་པ་དེ་ཡིན་པ་དང་། དེ་ཡང་མི་རབས་གསར་པ་སོན་རྩ་རྣམས་ལ་རགས་ལས་བསྡད་ཡོད་པ་དགོངས་པར་བཅངས་ཏེ་ཤེས་ཡོན་ཐོག་ལ་ཐུགས་འཁུར་རྒྱ་ཆེན་པོ་བཞེས་ཡོད། དེར་བརྟེན་ང་ཚོའི་སློབ་གྲྭ་དེ་བྱུང་བ་རེད། སློབ་གྲྭ་དེའི་འགན་འཁུར་ལྷ་ལྕམ་སྐུ་གཞོགས་ལགས་ཀྱིས་ཐུགས་འགན་བཞེས་ཏེ་གྲུབ་འབྲས་གང་བྱུང་ཡོད་པ་དེ་ཚོ་ནི་བཤད་ཐུབ་པ་དེ་འདྲ་ཡོད་པ་མ་རེད། བོད་ཕྲུག་ཁྱིམ་སྡེ་ནས་ཐོན་པའི་སློབ་ཕྲུག་ཁག་གཞུང་དང་གཞང་འབྲེལ་མ་ཡིན་པའི་ལས་ཁུངས་དང་སྒྲིག་འཛུགས་གང་སར་ཞབས་འདེབས་ཞུ་ཐུབ་མཁན་མང་པོ་ཞིག་ཐོན་བསྡད་ཡོད། དེ་འདྲའི་གྲུབ་འབྲས་ཐོན་པ་དེ་གཙོ་བོ་ལྷ་ལྕམ་སྐུ་གཞོགས་གཙོས་སྐབས་དེ་དུས་ཀྱི་དགེ་ལས་ཚང་མའི་མཉམ་རུབ་ཀྱི་ནུས་པ་ལ་བརྟེན་ནས་བྱུང་བ་ནི་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ལྷ་ལྕམ་སྐུ་གཞོགས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། ༸གོང་ས་མཆོག་བཀའ་སློབ་ལམ་སྟོན་སྙིང་ལ་བཅངས་ནས་མི་ཚེ་ཆོས་དང་མཐུན་ཞིང་བཟང་རྟགས་འཁྱོལ་བ་ཞིག་ཡོང་བ་ནི་ང་ཚོས་བསྒྲུབ་ཐུབ་པ་དང་ཁ་ཡོད་ལག་ཡོད་ཀྱི་ལས་འགན་ཡང་ཆགས་བསྡད་འདུག་དྲན་གྱི་ཡོད་ཚུལ་གསུངས་གནང་སོང་།

དེ་རིང་མཛད་སྒོའི་སྟེང་ནས་བོད་ཕྲུག་ཁྱིམ་སྡེའི་ནང་ཞབས་ལོ་ ༢༠ འཁོར་བའི་ཞབས་ཞུ་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་དང་། སློབ་ཕྲུག་ཁག་ཅིག་ལ་ཤེས་ཡོན་གྱི་བྱ་དགའ། སློབ་ཕྲུག་རྩེ་ཕུད་གཉིས་ལ་ཤེས་རིག་ལས་ཁུངས་ཀྱི་བྱ་དགའ་སོགས་སྩལ་གནང་སོང་བ་མ་ཟད། གཞན་ཡང་རྒྱལ་སྤྱིའི་བོད་ཁྱིམ་སློབ་ཟུར་བརྟན་བཞུགས་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་གཟེངས་རྟགས་ཕུལ་གནང་སོང་།

ལྡི་ལི་གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

སྐར་མ ༤༢ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese