མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་རང་ཉིད་ལ་བློ་དཀར་བའི་དཔོན་རིགས་རྐྱང་ཕྱོགས་སྒྲིག་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ཉུ་ཤུ་བའི་སྟེང་འདེམས་སྒྲུག་བྱས་པའི་དཔོན་རིགས་ཚང་མ་ཞི་ཅིན་ཕིན་ལ་བློ་དཀར་གཞུང་དྲང་རྐྱང་ཡིན་པ་ལས། དམར་ཤོག་ཚོགས་པའི་རྩ་ཁྲིམས་དང་མ་འོངས་པའི་རྒྱ་ནག་གི་ཕུགས་བསམ་སོགས་ལ་བསམ་བློ་ཞེ་དྲགས་བཏང་མེད་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉུ་ཤུ་བའི་སྟེང་འདེམས་ཐོན་བྱུང་བའི་དབུས་རྒྱུན་ལས་བདུན་དང་དབུས་ཆབ་སྲིད་སྲིད་གྲོས་ཀྱི་འཐུས་མི་ཉེར་ལྔ་ཡོངས་བསྒྲགས་བྱས་པའི་ནང་དབུས་རྒྱུན་ལས་བདུན་ནི། ཞི་ཅིན་ཕིན་མུ་མཐུད་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་སྐབས་གསུམ་པར་སྡོད་རྒྱུ་ཙམ་དུ་མ་ཟད། འདས་པའི་ལོ་ངོ་ ༧༠ རིང་མའོ་ཙེ་ཏུང་གི་རྗེས་ཀྱི་རྒྱ་ནག་གི་སྲིད་འཛིན་ཆེས་དབང་ཐང་ཅན་ཞིག་ཡིན་པའི་ཁྱབ་བསྒྲགས་དང་། ཀྲོ་ལི་ཅི་དང་ཝང་ཧོན་ནིན་༼སྐབས་སྔོན་མའི་ནང་ཡོད༽། ལི་ཆང་དང་ཏིན་ཞའེ་ཞཱ། ཚའེ་ཆི། ལི་ཞི་བཅས་ཡིན་པ་རེད་ལ། ད་རེས་འདེམས་ཐོན་བྱུང་བའི་དབུས་རྒྱུན་ལས་བདུན་ནི་ཞི་ཅིན་ཕིན་གྱི་བློས་མཐུན་དཔོན་རིགས་རྐྱང་ཡིན་ཡང་། ཞི་ཡི་མ་འོངས་པའི་རྒྱུན་འཛིན་པ་རེད་བསམ་པ་གཅིག་ཀྱང་མེད་སྟབས། དབྱེ་ཞིབ་པ་ཚོས་ཞི་ཅིན་ཕིན་འབྱུང་འགྱུར་ལོ་ལྔའི་རྗེས་ནས་བསྐྱར་དུ་རྒྱ་ནག་གི་སྲིད་འཛིན་བྱས་ནས་སྡོད་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག

ད་ལན་དམར་ཤོག་ཚོགས་ཆེན་ཐེངས་ཉུ་ཤུ་བ་དང་འབྲེལ་ནས། རྒྱ་ནག་ཤིན་ཧ་གསར་ཁང་གི་གནས་ཚུལ་ནང་། ཞི་ཅིན་ཕིན་དངོས་སུ་དབུས་ཆབ་སྲིད་སྲིད་གྲོས་ཀྱི་འཐུས་མི་དང་དབུས་རྒྱུན་བདུན་འདེམས་སྒྲུག་གི་ལས་དོན་ནང་ཞུགས་ཏེ། རང་ཉིད་ཀྱི་མཐུན་གྲོགས་འདེམས་སྒྲུག་དང་དཔུང་རོགས་ཕྱོགས་སྒྲིག་བྱས་པའི་གནས་ཚུལ་སྤེལ་འདུག་ལ། ཕྱོགས་གཞན་ཞིག་ནས་འདི་ལོའི་ཚོགས་ཆེན་སྟེང་དབུས་ཆབ་སྲིད་ལྷན་ཁང་ལ་འཐུས་མི་ཁྱོན་ ༢༥ ཡོད་པའི་སྲོལ་རྒྱུན་སྒྲིག་གཞི་བཅོས་སྒྱུར་བཏང་སྟེ་འཐུས་མི་ཁྱོན་ ༢༤ ལས་མེད་པར་བཟོས་ཡོད། སྤྱིར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་བུད་མེད་དཔོན་རིགས་ཉུང་ཉུང་ཡིན་པ་དང་ད་རེས་ཚོགས་ཆེན་ཐོག་དམར་ཤོག་བུད་མེད་དཔོན་རིགས་མཐའ་མ་སོན་ཁྲན་ལན་(Sun Chunlan)རྒས་གཡོལ་ཞུས་ཡོད་སྟབས། ད་ལྟ་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཀྱི་གྲས་སུ་བུད་མེད་གཅིག་ཀྱང་མེད་པ་རེད། ད་དུང་ཚོགས་ཆེན་ཐོག་ཐོག་གཅོད་ཁེ་མཚར་རྐྱང་བླངས་ཡོད་པའི་ཁྲོད། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅི་ཐོ་གློ་བུར་དུ་ཚོགས་ཐོག་ནས་བཙན་གྱིས་ཕྱི་རུ་འཁྲིད་ཡོད་པ་དང་། ཉམས་ཞིབ་པ་མང་པོས་དབུས་དམར་ཤོག་དཔོན་རིགས་མཐོ་ཤོས་བདུན་གྱི་གྲས་སུ་ཡོང་སྲིད་པར་ཚོད་དཔག་བྱེད་བཞིན་པའི་ཧུའུ་ཁྲན་ཧྥ་ཡི་གོ་གནས་འཕར་མེད་སྟབས། ཁོས་མགོ་བོ་དམའ་ས་ཞིག་ནས་བྱ་བ་བསྒྲུབ་དགོས་ཀྱི་ཡོད་པ་རེད། སྤྱིར་ཧུའུ་ཁྲན་ཧྥ་(Hu Chunhua) ནི་ཞི་ཅིན་ཕིན་གྱི་དབུལ་གྲོལ་དགག་གཏོར་སྲིད་ཇུས་རྒྱབ་ཀྱི་མི་སྣ་གཙོ་བོའི་གྲས་ཡིན་པ་དང་། ཁོས་བོད་ནང་འདས་པའི་ལོ་ངོ་ ༢༠ མ་ཟིན་ཙམ་གྱི་རིང་གདུག་རྩུབ་ཀྱི་དྲག་གནོན་སྲིད་ཇུས་རྐྱང་ལག་བསྟར་བྱས་པ་ནི་དམར་ཤོག་ཚོགས་པའི་དཔོན་རིགས་ཁྲོད་བྱས་རྗེས་ཤིག་ལ་བརྩི་ཡི་ཡོད་སྟབས། བར་སྐབས་ཤིག་ལ་ཁོ་མ་འོངས་པའི་ཞི་ཅིན་ཕིན་གྱི་རྗེས་འཛིན་པ་ཡིན་པའི་གླེང་སློང་ཀྱང་ཤུགས་ཆེན་བྱུང་ཡོད།

དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་གསར་པ་བཞི།

ལི་ཆང་ (Li Qiang)ད་ལྟ་རང་ལོ་ ༦༣ ཡིན་པ་དང་། ཞི་ཅིན་ཕིན་ཀྲའེ་ཅང་དུ་ཡོད་སྐབས་ལོ་གསུམ་གྱི་རིང་ཞི་ཡི་དྲུང་ཡིག་དང་རྒྱབ་སྐྱོར་བ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཁོས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་རྒྱ་ནག་དམར་ཤོག་ཚོགས་པ་དང་གཞུང་། དམག་བཅས་ཀྱི་ས་ཁུལ་གལ་ཆེན་ཞིག་ཏུ་བརྩི་བཞིན་པའི་ཀྲའེ་ཅང་དུ་བྱ་བ་བསྒྲུབས་མྱོང་ཡོད་པ་མ་ཟད། ལི་ཆང་ནི་ཞི་ཡི་དཔལ་འབྱོར་སྒྱུར་བཅོས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་གྲས་ཤིག་ཡིན་པ་དང་། འདས་ལོའི་ཕྱི་ཟླ་ ༦ པའི་ནང་ཁོ་རྒྱ་ནག་རྒྱལ་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་ཆེ་ཤོས་ཨང་གཉིས་པ་ཡིན་པའི་ཅང་སོའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་རུ་བསྐོ་གཞག་བྱས་ཏེ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་འགན་ཤུགས་ཆེན་འཁུར་བཅུག་ཡོད་ལ། ཁ་སང་ཏང་གི་ཚོགས་ཆེན་ཐོག་ལི་ཆང་དབུས་དམར་ཤོག་རྒྱུན་ལས་བདུན་གྲས་ཀྱི་གོ་གནས་ཨང་རིམ་གཉིས་པ་དང་། ཁོ་ལི་ཁུ་ཆང་གི་ཚབ་ཏུ་མ་འོངས་པའི་རྒྱ་ནག་གི་སྲིད་བློན་དུ་བསྐོ་གཞག་བྱ་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག

ཚའེ་ཆི་ (Cai Qi)དང་ཞི་ཅིན་ཕིན་བར་གྱི་འབྲེལ་བ་ཧ་ཅང་བཟང་། ཞི་ཅིན་ཕིན་ཧྥོ་ཇིན་དང་ཀྲའེ་ཅང་དུ་ཡོད་སྐབས། ཚའེ་ཆི་ཡིས་ཞི་ཅིན་ཕིན་འོག་ལས་ཀ་བྱེད་མྱོང་ལ། ཁོ་གཉིས་ལ་འདས་པའི་ལོ་ངོ་ ༢༠ རིང་ལས་ཀ་མཉམ་ལས་བྱས་པའི་འགྲོག་འདྲིས་ཟབ། ཕྱི་ལོ་ ༢༠༡༧ ལོར་ཚའེ་ཆི་པེ་ཅིན་གྱི་དམར་ཤོག་དྲུང་ཆེར་བསྐོས། ཁོས་པེ་ཅིན་དང་ཧུ་བྷེ། ཀྲའེ་ཅང་ཁུལ་དུ་གནས་སྦོ་བྱས་ཏེ་ཁྲིམས་འགལ་ངང་འཛུགས་སྐྲུན་བྱེད་བཞིན་པ་དག་མཚམས་འཇོག་གིས། ས་ཁུལ་དེ་དག་ནང་གི་མཁའ་རླངས་དུ་བའི་དཀའ་ངལ་རིགས་མེད་པར་བཟོ་ཐབས་བྱེད་སྐབས། མི་མང་འབོར་ཆེན་གྱིས་ཚའེ་ཆི་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད། འོན་ཀྱང་། ཚའེ་ཆི་ནི་དམར་ཤོག་དཔོན་རིགས་གཞན་དང་མི་འདྲ་བར་རང་གི་བསམ་འདུན་དག་ཐད་ཀར་བཤད་ཕོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཁོས་རྒྱ་ནག་ནང་ཕྱི་གསལ་ནང་གསལ་དགོས་པ་དང་མི་མང་གི་བསམ་ཚུལ་ལ་དགའ་བསུ་ཡོད་པའི་རྩོམ་ཡིག་སྤེལ་ཡོད་ལ། ལོ་དེར་ཨ་རིའི་སྤྱི་ཚོགས་བརྒྱུད་ལམ་ངོ་དེབ་ཀྱི་སྦྱིན་བདག་མཱག་རྫཱ་ཁར་བྷག་རྒྱ་ནག་ཏུ་བསྐྱོད་སྐབས། ཚའེ་ཡིས་རྒྱ་ནག་ནང་ངོ་དེབ་དང་ཊུ་ཝེ་ཊར། ཡོ་ཊུབ་སོགས་བཀག་སྡོམ་བྱས་ཡོད་པ་ནི་ངོ་གནོང་དགོས་པ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱེད་མྱོང་། ཕྱི་ལོ་ ༢༠༡༢ ལོར་ཁོས་རྒྱ་ནག་ནང་དྲ་རྒྱ་བདེ་འཇགས་ཀྱི་སྒྲིག་ཁྲིམས་དགོས་པའི་བསམ་ཚུལ་བཏོན་པ་ཡོད། དེ་ནས་ཡུན་རིང་མ་འགོར་བར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་དང་དྲ་རྒྱའི་བདེ་འཇགས་ནི་ཞི་ཡི་དོ་ཁུར་བྱེད་ཡུལ་གལ་ཆེན་དུ་གྱུར་བ་རེད་ལ། ཕྱི་ལོ་༢༠༡༤ ལོ་ནས་ཚའེ་ཆི་ཡི་གོ་གནས་ཀྱང་ཀྲའེ་ཅང་གི་འཛིན་སྐྱོང་མགོ་ཁྲིད་གཞོན་པ་ཞིག་ནས་དབུས་བློན་ཆེན་རིམ་པའི་གོ་གནས་ཐོག་འཕར་ཡོད། པེ་ཅིན་གྱི་མགོ་ཁྲིད་རྒན་གྲས་མང་པོ་ཞིག་ལ་མཚོན་ན་ཚའེ་ཆི་ཡི་གོ་གནས་གློ་བུར་དུ་འགྱུར་ལྡོག་བྱུང་བར་དོགས་འདྲིའི་གཞི་རུ་གྱུར་ཡོད་པ་རེད། ད་ལྟ་རང་ལོ་ ༦༦ ཡིན་པའི་ཚའེ་ཆི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེར་བསྐོས་ཡོད་འདུག

ཏིན་ཞའེ་ཞཱ་ (Ding Xuexiang)ནི་ད་ལྟ་རང་ལོ་ ༦༠ དང་ཞི་ཅིན་ཕིན་གྱི་ཆེས་ཉེ་བའི་བློ་མཐུན་གྲོགས་པོ་ཞིག་ཀྱང་ཡིན། ཁོས་ཧྲང་ཧེ་ནས་དམར་ཤོག་ཚོགས་པའི་དཔོན་རིགས་ཀྱི་ཐེམ་སྐས་རིམ་འཛེགས་བྱེད་བཞིན་ཧྲང་ཧེའི་དམར་ཤོག་དྲུང་ཆེའི་བར་བྱ་བ་བསྒྲུབས་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་དང་ཏིན་ཞའེ་ཞཱ་པི་ཅིན་དུ་གནས་སྤོ་བྱས་ཏེ། དབུས་དམར་ཤོག་རྒྱུན་ལས་ཁང་དང་སྲིད་འཛིན་ལས་ཁུངས་སོགས་ལས་གྲུབ་པའི་ཞི་ཅིན་ཕིན་གྱི་སྲིད་དབང་འོག་གི་ལས་བྱེད་བཀོད་འདོམས་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཐོག་མ་ཆགས། འདས་པའི་ལོ་ཤས་རིང་ཏིན་ཞའེ་ཞཱ་ཡིས་སྲུང་སྐྱོབ་གཉིས་ཞེས་༼ཞི་ཅིན་ཕིན་སྲོག་ཤིང་ཡིན་པ་དང་དམར་ཤོག་ཚོགས་པའི་དབུས་དབང་ཆ་༽ལ་སྣང་མེད་གཏོང་མཁན་གྱི་དམར་ཤོག་མགོ་ཁྲིད་འགའ་དམིགས་འབེན་དུ་བཟུང་སྟེ། ཞི་ཅིན་ཕིན་ལ་ཡིད་ཆེས་བློ་དཀར་དགོས་པའི་སྲིད་ཇུས་ཤིག་ལག་བསྟར་བྱས་ཡོད། ཕྱི་ལོ་ ༢༠༡༢ རྗེས་ནས་ཞི་ཅིན་ཕིན་གང་དུ་སོང་ན་དེར་ཏིན་ཞའེ་ཞཱ་ཡོད་སྟབས། ཁོ་ནི་ཞི་ཅིན་ཕིན་གྱི་ལོ་བཅུའི་སྲིད་དབང་སྐབས་ངོ་ལྐོག་གཉིས་ནས་ཞི་ལ་སྐྱོར་མ་བྱེད་མཁན་གྱི་བློ་མཐུན་གྲོགས་པོ་ཞིག་ཡིན་པ་རེད།

ལི་ཞི་ (Li Xi)ནི་ད་ལྟ་རང་ལོ་ ༦༡ ཡིན་ཞིང་། ཚོགས་ཆེན་ཐེངས་ཉུ་ཤུ་བའི་སྟེང་དབུས་དམར་ཤོག་རྒྱུན་ལས་བདུན་ནང་འདེམས་ཡོད་པ་མ་ཟད། ཧུའུ་ཁྲན་ཧྥ་ (Hu Chunhua) ཚབ་ཏུ་རྒྱ་ནག་ཀུང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོས་ཡོད། ལི་ཞི་དང་ཞི་ཡི་འབྲེལ་བ་ནི། ལི་ཞི་ཡིས་ཕྱི་ལོ་ ༡༩༨༠ ནང་ཞི་ཡི་ཨ་ཕ་ཞི་ཀྲའོ་ཞོན་གྱི་བློ་མཐུན་གྲོགས་པོ་ལི་ཀྲི་ཆི་ (Li Ziqi) ཡི་དྲུང་ཆེ་བྱེད་མྱོང་བ་དང་། ཁོས་འདས་པའི་ལོ་ངོ་ ༢༢ རིང་གཙོ་ཆེ་བ་ཀན་སུའུ་ཞིང་ཆེན་ནང་དམར་ཤོག་གི་ལས་དོན་བསྒྲུབས། ལི་ཞི་ཀུང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོས་དོན་ནི། ཀུང་ཏུང་ནི་རྒྱ་ནག་གི་ཚོང་ཟོག་འཛུགས་སྐྲུན་གྱི་སྙིང་ལྟ་བུ་སྟེ། འདས་པའི་ལོ་ངོ་ ༢༨ རིང་རྒྱ་ནག་གི་ཞིང་ཆེན་ཡོངས་ཀྱི་གྲས་ནས་ཐོན་སྐྱེད་སྤྱི་འབོར་ཆེས་མང་ཡུལ་ཡིན་པ་དང་། ཧོང་ཀོང་དང་ཁྱིམ་མཚེས་ཡིན་སྟབས་རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་དང་འབྲེལ་བ་ཧ་ཅང་གལ་ཆེན་ཡིན་པས་རེད་འདུག་ལ། ལི་ཞི་ད་དུང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་ཁྲིད་དུ་བསྐོས་ཡོད་པ་ཤི་ཧྥ་གསར་ཁང་གིས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese