མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཨི་ཊ་ལིའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨི་ཊ་ལིའི་སྲིད་བློན་གསར་པ་ལྕམ་ཇོར་ཇི་ཡ་མེ་ལོ་ནི་(Giorgia Meloni)མཆོག་ཡུལ་དེའི་ལོ་རྒྱུས་ཁྲོད་ཀྱི་བུད་མེད་སྲིད་བློན་དང་པོར་བདམས་ཐོན་བྱུང་བར་ཐུགས་སྨོན་དང་བཅས་འཚམས་འདྲི་མཛད་འདུག

Tibetan spiritual leader the Dalai Lama greets devotees at the Buddha Park in Bomdila, Arunachal Pradesh, India, Wednesday, April 5, 2017.

དེ་ཡང་གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འདས་ཟིན་པའི་ལོ་ངོ་འདི་དག་རིང་ངོས་རང་ཐེངས་མང་པོར་ཁྱེད་ཀྱི་རྒྱལ་ཁབ་ནང་དུ་འགྲོ་རྒྱུ་བྱུང་བར་དགའ་བོ་བྱུང་། ཨི་ཊ་ལིའི་མི་མང་གིས་ངོས་ལ་མཛའ་བརྩེ་ཟབ་མོ་བསྟན་པར་སེམས་འགུལ་ཐེབས་སོང་། ངོས་ཀྱིས་ཀྱང་ཨེ་ཊི་ལི་མི་མང་ཡོངས་ནས་ལྷག་བསམ་རྣམ་དག་གིས་བོད་མི་མང་གི་རང་དབང་དང་ཆེ་མཐོང་གི་ཆེད་དུ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་ཞེས་གསུངས་འདུག

ཡང་༧གོང་ས་མཆོག་ནས་ཨི་ཊ་ལིའི་སྲིད་བློན་གསར་པ་ནི་བུད་མེད་ཞིག་ཡིན་པར་དགའ་བོ་བྱུང་ཞེས་ཞུ་འདོད་བྱུང་། རྒྱུ་མཚན་ནི་བུད་མེད་རྣམས་ཀྱིས་གཞན་གྱི་བདེ་སྡུག་ཚོར་བ་རྣོ་བོའི་ཐོག་ནས་དྭང་ལེན་བྱེད་ཀྱི་ཡོད་པ་ཚན་རིག་དང་མཐུན་པའི་སྒོ་ནས་ར་འཕྲོད་བྱུང་ཡོད། གཞན་གྱི་བདེ་སྡུག་གི་ཆེད་དུ་བྱམས་བརྩེ་ཆེ་བ་སྟོན་གྱི་ཡོད་པ་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་དུས་འདི་ནི་ཨི་ཊ་ལི་དང་འགྲོ་བ་མིའི་རིགས་ཡོངས་ཀྱི་ཆེད་དུ་གདོང་ལེན་བྱེད་དགོས་པའི་དུས་ཚོད་ཞིག་ཏུ་འཁེལ་ཡོད། འཛམ་གླིང་གཅིག་ཕན་གཅིག་གྲོགས་སུ་གནས་ཡོད་པའི་སྐབས་འདིར། མི་སྒེར་བ་དང་རྒྱལ་ཁབ་གཅིག་པོས་ང་ཚོ་འཕྲད་བཞིན་པའི་དཀའ་ངལ་གཙང་སེལ་གཏན་ནས་བྱེད་ཐུབ་ཐབས་མེད། ང་ཚོ་ཡིད་ཆེས་བློས་འཁེལ་གྱི་ཐོག་ནས་སྤྱི་ཚོགས་ཆེན་པོ་འདིའི་ནང་དུ་འཚོ་གནས་བྱེད་དགོས་པར་བརྟེན། ང་ཚོས་ཕན་ཚུན་ལ་བྱམས་བརྩེ་དང་སྙིང་རྗེ་ལག་བསྟར་བྱེད་དགོས། ཞེས་གསུངས་འདུག

གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་མཆོག་གིས། ལྕམ་སྐུ་ཇོར་ཇི་ཡ་མེ་ལོ་ནི་མཆོག་གིས་འཛམ་བུ་གླིང་དང་ཨི་ཊ་ལིའི་མི་མང་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་ལ་གདོང་ལེན་དང་། གོ་སྐབས་རྣམས་དམ་འཛིན་གྱིས་ཕུགས་བསམ་ལེགས་པར་འགྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག

The first Female  PM of Italy Giorgia Meloni

ལྕམ་ཇོར་ཇི་ཡ་མེ་ལོ་ནི་མཆོག་ནི་ཕྱི་ལོ་ ༡༩༧༧ ལོའི་ཟླ་ ༡ ཚེས ༡༥ ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་སྐྱེས་ཞིང་། གྷར་བྷ་ཌེ་ལཱ་(Garbatella)་རྗོང་དུ་འཚར་ལོངས་བྱུང་། ཕྱི་ལོ་ ༡༩༩༢ ལོར་དགུང་ལོ་ ༡༥ ཐོག་ཏུ་ཨི་ཊ་ལིའི་(Neo -fascism) སྲིད་དོན་ཚོགས་པས་བཙུགས་པའི་སྤྱི་ཚོགས་ལས་འགུལ་ཀྱི་ཡན་ལག་ན་གཞོན་ལས་འགུལ་དུ་ཞུགས། ཕྱི་ལོ་ ༡༩༩༦ ལོར་རྒྱལ་སྤྱིའི་སློབ་མའི་ལས་འགུལ་ཚོགས་པའི་མགོ་ཁྲིད་(National leader of student Action) བྱས། རོམ་མཐོ་སློབ་(Rome’s Amerigo Vespocci Institute) ཏུ་དམིགས་བསལ་སྐད་ཡིག་སློབ་གཉེར་བྱས་ཏེ་གྲུབ་འབྲས་བཟང་པོ་ཐོབ། ཕྱི་ལོ་ ༢༠༠༦ ལོར་འོས་འདེམས་ཀྱི་ལམ་ནས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་ཞིང་དུས་མཚུངས་གསར་འགོད་ལས་རིགས་ཀྱང་གཉེར།

ཕྱི་ལོ་ ༢༠༠༨ ལོར་ཨི་ཊ་ལིའི་ལོ་རྒྱུས་ནང་གི་ལོ་ན་ཆུང་ཤོས་ཀྱི་བློན་ཆེན་དུ་བདམས་ཡོད་པ་དང་། རྒྱ་ནག་གཞུང་ནས་བོད་སོགས་ཀྱི་ཐོག་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་ལོ་དེའི་པེ་ཅིན་ཨོ་རྩལ་འགྲན་ཕྱིར་བསྡུ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག ཕྱི་ལོ་༢༠༡༤ ལོར་ཡུ་རོབ་གྲོས་ཚོགས་ཀྱི་ཨི་ཊ་ལིའི་འཐུས་མིའི་འོས་ཁོངས་སུའང་བསླེབས་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ཟླ་ ༨ ཙམ་ནས་ཡུ་རོབ་སྲུང་སྐྱོབ་དང་གསར་བརྗེ་ཚོགས་པ་(European Conservatives and Reformists Party)ཡི་ཚོགས་གཙོ་གནང་ཡོད་པ་དང་། དེ་བཞིན་ཨི་ཊ་ལིའི་བུ་སྤུན་སྲིད་དོན་ཚོགས་པ་(Brothers of Italy)ཚོགས་གཙོ་སོགས་གནང་མྱོང་ཡོད་འདུག

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese