མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས་སུ་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ་མ་འོངས་པར་དབྱིན་ཡུལ་མི་མང་གི་ཕུགས་བསམ་མངོན་འགྱུར་ཡོང་བ་དང་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་ཕྱོགས་སུ་བརྩོན་པའི་ཐུགས་སྨོན་མཛད་འདུག

པར་དབང་། བོད་ཀྱི་དུས་བབ་གསར་ཁང་།

དེ་རིང་ཉིན་རྒྱབ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རིགས་རྒྱུད་ཡིན་ཞིང་དབྱིན་ཇིའི་སྲིད་བློན་སྐབས་ ༥༧ པར་བདམས་ཐོན་བྱུང་བའི་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས་སུ་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་འདུག་པ་དང་། གསུང་འཕྲིན་ནང་༧མགོན་པོ་གང་ཉིད་མཆོག་གིས། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ངོས་རང་འཆར་ཅན་བཞིན་དབྱིན་ཡུལ་ནང་དུ་འགྲོ་རྒྱུ་བྱུང་། དབྱིན་ཡུལ་མི་མང་གིས་ངོས་ལ་མཛའ་བརྩེ་ཟབ་མོའི་འདུ་ཤེས་བཅངས་པར་སེམས་འགུལ་ཐེབས་སོང་ལ། ཁོང་ཚོས་ངོས་ནས་འགྲོ་བ་མིའི་གཅིག་མཚུངས་ཀྱི་བསམ་བློ་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་འཕེལ་ལ་འབད་པ་བྱེད་བཞིན་པར་བློ་སྤོབས་སྦྱིན་བྱུང་། དུས་མཚུངས་སུ་ངོས་ཀྱིས་གོ་སྐབས་འདི་བཟུང་ནས་དབྱིན་ཡུལ་མི་མང་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་རང་དབང་དང་ཆེ་མཐོང་ཆེད་དུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།

གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་མཆོག་གིས། ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། གཅིག་ཕན་གཅིག་གྲོགས་སུ་གནས་ཡོད་པའི་འཛམ་གླིང་འདིའི་ནང་། ས་ཕྱོགས་གང་ཞིག་ཏུ་གནད་དོན་བྱུང་ཚེ། དེས་ང་ཚོ་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན། ངོས་ནས་དབྱིན་ཡུལ་མི་མང་གི་ཕུགས་བསམ་མངོན་འགྱུར་ཡོང་བ་དང་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་ཕྱོགས་སུ་བརྩོན་པའི་ཐུགས་སྨོན་ཡོད་ཅེས་གསུངས།

ད་ལྟའི་ཆར་དབྱིན་ཡུལ་གྱི་དཔལ་འབྱོར་དང་འཕྲོད་བསྟེན་གནས་སྟངས་ཐད་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ནས། ཟླ་འདིའི་ཕྱི་ཚེས་  ༢༠ ཉིན་དབྱིན་ཇིའི་སྲིད་བློན་ལི་ཙི་ཊི་རོ་སི་ཉིན་གྲངས་ ༤༥ རིང་དབྱིན་ཇིའི་སྲིད་བློན་བྱས་རྗེས་དགོངས་པ་ཞུས་ཡོད་པ་ལྟར། ཁ་སང་དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས་སུ་གྲོས་ཚོགས་ནང་ཁ་གཏད་མེད་པར་ཚད་མཐོའི་རྒྱབ་སྐྱོར་ཐོབ་སྟེ། སྐབས་ ༥༧ པའི་དབྱིན་ཇིའི་སྲིད་བློན་ཆགས་ཡོད་པ་རེད།

དབྱིན་ཇིའི་ལུགས་སྲོལ་ལྟར་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས་ཀྱིས། དེ་རིང་དབྱིན་ཇིའི་རྒྱལ་པོ་ཆཱར་ལེ་སི་ཡི་མདུན་ནས་དམ་འབུལ་ཞུས་རྗེས་དངོས་སུ་དབྱིན་ཇིའི་སྲིད་བློན་གསར་པ་ཆགས་ཡོད་ཅིང་། སྐབས་དེར་ཁོང་གིས། ད་ལྟ་དབྱིན་ཇིའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། ད་རེས་གྲོས་ཚོགས་ཀྱིས་རང་ཉིད་སྲིད་བློན་ཟུར་བ་ལི་ཙི་ཊི་རེ་སིའི་ཚབ་ཏུ་བསྐོས་ཏེ་མོས་བཟོས་པའི་ནོར་འཁྲུལ་གྱི་དཀའ་ངལ་རིགས་སེལ་རྒྱུ་མ་ཟད། ད་ལྟ་ང་ལ་གྲོས་ཚོགས་ཀྱི་ཡིད་ཆེས་བྱེད་བཞིན་ཡོད་ལ། ངས་ཁྱེད་ཅག་གི་ཡིད་ཆེས་འགུག་ཐུབ་པ་བྱ་རྒྱུ་ཡིན། ཞེས་མི་མང་དང་གསར་འགོད་པར་བརྗོད་ཡོད།

གཞན་ཡང་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས་སུ། ཨ་རིའི་སྲིད་འཛིན་བྷའེ་ཌན་ལགས་དང་རྒྱ་གར་སྲིད་བློན་མུ་དྷུ། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན། པ་ཀི་སི་ཐན་གྱི་སྲིད་བློན་ཤཱ་རེ་ཧྥི་ (Shehbaz Sharif)།  ཡོ་ཁུ་རེན་གྱི་སྲིད་འཛིན་ཛན་ལན་སི་གེ་(Zelensky) དང་ཁན་ཡའི་སྲིད་འཛིན་ (William Ruto) སོགས་ཀྱིས་འཚམས་འདྲི་ཞུས་ཡོད་འདུག

རྙིང་ཞེན་སྲིད་དོན་ཚོགས་པའི་མགོ་ཁྲིད་དང་རྒྱ་གར་པན་ཇབ་ནས་ཡིན་པའི་སྐུ་ཞབས་རཱི་ཤེ་སའོ་ནག་ལགས་ནི་ཕྱི་ལོ་ ༡༩༨༠ ལོར་དབྱིན་ཡུལ་གྱི་སའོ་ཐི་ཨམ་ཊོན་ (Southampton) གྲོང་ཁྱེར་ནང་སྐྱེས་ཤིང་། ཁོང་གིས་དབྱིན་ཡུལ་གྱི་ (Hampshire) རྫོང་དུ་ཡོད་པའི་གཞི་རིམ་དང་མཐོ་རིམ་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༢༠༠༡ ལོར་དབྱིན་ཡུལ་གྱི་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རིག་པའི་གཞུང་ལུགས་དང་ཆབ་སྲིད། དཔལ་འབྱོར་རིག་པའི་ཐོག་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༠༦ ལོར་སི་ཊན་ཧྥོར་ཊི་གཙུག་ལག་སློབ་གཉེར་ཁང་ (Stanford University) ནས་ཚོང་ལས་རིག་པའི་ཐོག་ལ་གཙུག་ལག་འབྱམས་པ་ཐོན། ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ བར་ལོ་བཞིའི་རིང་ལ་ (Goldman Sachs) ཟེར་བའི་མ་འཛུགས་དངུལ་ཁང་དུ་དབྱེ་ཞིབ་བྱས་པ་སོགས་ཚོང་ལས་དང་འབྲེལ་བའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༥ ནས་ད་བར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཆགས་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེའི་ཕྱག་ལས་གནང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༠ ནས་ ༢༠༢༢ བར་དཔལ་འབྱོར་བློན་ཆེན་བཅས་ཀྱི་ཕྱག་ལས་གནང་མྱོང་བ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese