མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ནས་བོད་འབྲོག་པའི་འཚོ་བར་དངོས་སུ་རོལ་མྱོང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་བོད་འབྲོག་པའི་སྦྲ་ནག་ཅིག་ཕུབ་སྟེ་ལ་དྭགས་བོད་ཁྱིམ་གྱི་དགེ་སློབ་ཚོས་ཉིན་རེའི་འཚོ་བའི་བྱེད་སྒོ་འཁྲབ་སྟོན་དང་བོད་འབྲོག་པའི་ཡོ་ཆས་སོགས་འགྲེམས་སྟོན་བྱས་སོང་།

ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་འགྲེམས་སྟོན་དབུ་འབྱེད་གནང་། ༢༠༢༢།༡༠།༢༧ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་བོད་ཁྱིམ་སློབ་གྲྭ་ཐུན་མོང་གི་གོ་སྒྲིག་འོག  གངས་ཅན་སྐྱིད་གཤོངས་ཀྱི་ལྟེ་གནས་སུ་བོད་ཀྱི་འབྲོག་པའི་སྦྲ་དང་བཅས་དངོས། ཉིན་རེའི་འཚོ་བའི་བྱེད་སྒོ་རྣམ་བཞག་དང་ཐུན་མོང་མ་ཡིན་པའི་གླུ་སོགས་ཀྱི་སྐོར་ནས་དུས་ཐུང་འགྲེམས་སྟོན་དང་འཁྲབ་སྟོན་གནང་སོང་ལ། ལ་དྭགས་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་ཚོས་རྐང་འགན་འཁུར་ཏེ་འགྲེམས་སྟོན་དང་དངོས་འཁྲབ་སྟོན་གནང་བཞིན་འདུག་ལ། མ་འོངས་པར་འགྲེམས་སྟོན་སྐོར་སྐྱོད་ཀྱང་གནང་འཆར་ཡོད་འདུག

འགྲེམས་སྟོན་གྱི་ཐོག་མར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། བོད་ཀྱི་འབྲོག་པ་དེ་ལོ་སྟོང་ཕྲག་སྔོན་གྱི་ལུགས་སྲོལ་དང་། བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་བོད་ས་མཐོ་འབྱུང་ཁམས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ལུགས་སྲོལ་ཆགས་ཀྱི་འདུག དེ་སྔ་ཕྱི་ལོ་ ༡༩༥༩ གོང་ལ་བོད་ཀྱི་འབྲོག་པའི་མི་འབོར་ཉམས་ཞིབ་བྱས་པ་ཡིན་ན། བོད་ཀྱི་འབྲོག་པའི་མི་འབོར་དེ་ཧ་ལམ་ས་ཡ་ ༣ དང་འབུམ་ ༢ ལྷག་ཙམ་ཡོད་པའི་ཁྲོད། ས་ཡ་ ༢ དང་འབུམ་ ༢ ལྷག་ཙམ་ནི་འབྲོག་པ་ཡིན་པ་དང་ས་ཡ་ ༡ ལྷག་ཙམ་ནི་ས་མ་འབྲོག་ཡིན་པས། བོད་པའི་མི་འབོར་གྱི་ཆ་ནས་བཤད་ན་བརྒྱ་ཆ་ ༥༠ ལྷག་ཙམ་ཞིག་འབྲོག་པ་ཆགས་ཀྱི་འདུག དེར་བརྟེན་ང་ཚོས་འབྲོག་པའི་བསྟི་གནས་ནི་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་སོགས་བོད་ཀྱི་བསྟི་གནས་ཆེ་ཤོས་ཤིག་དང་བརྩི་བཀུར་ཞུ་དགོས་པ་ཞིག་ཆགས་ཀྱི་འདུག ད་དུང་བོད་ཀྱི་འབྲོག་པའི་འཚོ་བ་ནི་རང་ཁ་རང་གསོའི་འཚོ་བ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་སྐོར་དང་། ད་ལྟའི་ཆར་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པས། ཚན་རིག་པ་དང་མཁས་པ་མང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་། འབྲོག་པའི་འཚོ་བའི་ནང་དུ་ལོ་ངོ་སྟོང་ཕྲག་སྔོན་ནས་ཤིང་ནགས་གཅོད་བྲེག་དང་མེར་སྲེག་གཏོང་གི་མེད་པ་དང་། ཆུ་མིག་དང་རྒྱུག་ཆུ་སོགས་སྦག་བཙོག་མི་བཟོ་བ་སོགས་ཁོར་ཡུག་སྲུང་སྐྱོབ་བྱས་དང་བྱེད་མུས་ཡིན་སྐོར། ད་ལྟའི་ཆར་རྒྱ་ནག་གཞུང་གི་སྲིད་ཇུས་ངན་པ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཉམ་ཆག་འགྲོ་བཞིན་ཡོད་པ་དང་། འབྲོག་པ་ཇེ་ཉུང་དུ་ཕྱིན་ཡོད་པ་དང་རིམ་པས་རྩ་བརླག་ཏུ་འགྲོ་ཉེན་ཆེ་བས། བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་འབྲོག་པའི་སྐོར་གྱི་དུས་ཐུང་འགྲེམས་སྟོན་དེ་མུ་མཐུད་དུ་གནང་རྒྱུ་དང་། མ་འོངས་པར་དུས་ཐུང་འགྲེམས་སྟོན་འདི་སྐོར་སྐྱོད་འགྲེམས་སྟོན་ལ་བསྒྱུར་རྒྱུའི་ཐབས་ལམ་སྒྲིག་བཞིན་ཡོད་ལ། ད་ལྟ་འབྲོག་པའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། མ་འོངས་པར་འབྲོག་པའི་རིག་གནས་ཉར་ཚགས་བྱ་རྒྱུ་དང་། དེའི་ཐོག་ལ་ཐབས་ལམ་གསར་པ་འཚོལ་རྒྱུའི་འབད་བརྩོན་གནང་གི་ཡོད་སྐོར་སོགས་བརྗོད་སོང་།

གངས་སྐྱིད་དུ་བོད་འབྲོག་པའི་འཚོ་བ་དངོས་འཁྲབ་སྟོན་བྱས། ༢༠༢༢།༡༠།༢༧ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་ཀྱི་འབྲོག་པའི་སྐོར་དང་འབྲེལ་ནས་དམིགས་བསལ་སྐུ་མགྲོན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་ལགས་ཀྱིས། བོད་ཀྱི་འབྲོག་པའི་སྐོར་གྱི་འགྲེམས་སྟོན་དེ་ལོ་གཉིས་སྔོན་ནས་གྲ་སྒྲིག་བྱས་པའི་འགྲེམས་སྟོན་ཞིག་ཡིན། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་གི་གཙོ་འཛིན་དང་མཛད་གཙོ་རྣམ་པས་ང་ཚོར་མངག་བྱ་ནན་པོ་གནང་ཡོད་པ་རེད། དེ་ཡང་ལ་དྭགས་སུ་ལ་དྭགས་ཀྱི་སློབ་ཕྲུག་དང་འབྲོག་པར་འབྲེལ་བ་ཡོད་པར་བརྟེན། ཐེངས་འདིའི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཆེན་དང་བརྟན་བཞུགས་སྐབས། འབྲོག་གཞས་དང་འབྲོག་པའི་འཚོ་བ་སྐྱེལ་སྟངས་སྐོར་ལ་གྲ་སྒྲིག་གནང་དགོས་པའི་ལམ་སྟོན་གནང་བ་ལྟར། ལ་དྭགས་བོད་ཁྱིམ་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གི་གོ་སྒྲིག་འོག་འབྲོག་པའི་སྐོར་ལ་ཉམས་ཞིབ་བྱེད་མཁན་གྱི་ཚོགས་ཆུང་བཙུགས་ཡོད་པས། རྒན་ལགས་རྣམ་པ་ཚོའི་བཀའ་དྲིན་གྱིས་དེ་རིང་ང་ཚོས་འབྲོག་པའི་སྐོར་གྱི་འགྲེམས་སྟོན་བྱེད་ཐུབ་སོང་། འགྲེམས་སྟོན་འདིའི་ནང་དུ་ང་ཚོས་བཟོ་བཅོས་བྱས་པ་གཅིག་ཀྱང་མེད་ལ། དོན་དངོས་སུ་འབྲོག་པས་ག་རེ་གནང་གི་ཡོད་པ་དེ་བསྟན་ཡོད། ལྷག་པར་དུ་འདིའི་ནང་དུ་མཉམ་ཞུགས་བྱེད་མཁན་གྱི་སློབ་ཕྲུག་ཕལ་ཆེ་བ་འབྲོག་པའི་ཕྲུ་གུ་ཡིན་པ་དང་། ཞིབ་འཇུག་གནང་མཁན་གྱི་དགེ་རྒན་དེ་དག་ཀྱང་འབྲོག་པ་ཡིན་ལ་ད་ལྟ་ལས་བྱེད་གནང་བཞིན་པ། ཡང་ན་འབྲོག་པའི་འཚོ་བའི་ནང་རྒྱུན་རིང་པོར་དུས་ཚོད་གཏོང་མཁན་ཡིན་པས། རྒན་ལགས་དེ་དག་གིས་ཞིབ་འཇུག་བྱས་ནས་ཕྲུ་གུར་བེད་སྤྱོད་གཏོང་སྟངས་དང་མིང་བསླབ་པ་སོགས་བརྒྱུད་ནས་སློབ་སྦྱོང་བྱས་ཏེ་འགྲེམས་སྟོན་བྱེད་རྒྱུའི་གོ་སྐབས་རག་སོང་། འབྲོག་པའི་གནས་སྟངས་སྐོར་དང་འབྲེལ་ནས་ཁོང་གིས། སྤྱིར་བཏང་ཕྱི་ལོ་ ༡༩༦༠ ལོར་བོད་མི་ཚོ་ལ་དྭགས་བྱང་ཐང་ཁུལ་ནས་བཙན་བྱོལ་དུ་ཡོང་བ་རེད། སྐབས་དེ་དུས་འབྲོག་པ་ཕལ་ཆེར་ ༥༠༠ ལྷག་ཡོད་ས་རེད། འོན་ཀྱང་། ད་ལྟའི་ཆར་འབྲོག་པ་ཇེ་ཉུང་དུ་ཕྱིན་ནས་འབྲོག་པ་ ༡༠༠ ཙམ་ལས་མི་འདུག ཞེས་བརྗོད་སོང་།

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ད་ལན་བོད་ཀྱི་འགྲེམས་སྟོན་ཚན་པ་ནས་དུས་ཐུང་གི་འགྲེམས་སྟོན་གོ་སྒྲིག་གནང་བ་དང་། དམིགས་བསལ་གྱིས་བོད་ནང་དུ་གནའ་རབས་ནས་ཡོད་པའི་ལོ་རྒྱུས་ལྡན་པའི་འབྲོག་པའི་རིག་གཞུང་དང་གོམས་སྲོལ། བྱེད་ཕྱོགས་བཅས་ཀྱི་ཐོག་ལ་ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་དགེ་དང་སློབ་ཕྲུག་རྣམ་པས་གནད་དོན་འདིའི་ཐོག་ལ་འགྲེམས་སྟོན་གནང་རྒྱུའི་འཁུར་བླངས་པར་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། རྒྱུ་མཚན་ནི་འགྲེམས་སྟོན་ཁང་ཟེར་བ་དེ་ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་ཆགས་ཀྱི་ཡོད་པ་རེད། འགྲེམས་སྟོན་ཁང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས། ཆབ་སྲིད་ཀྱི་གནས་བབ། རིག་གཞུང་སྲུང་སྐྱོབ། དེ་བཞིན་ཁྱབ་བསྒྲགས། ད་ལྟ་དམིགས་བསལ་གྱིས་རྒྱ་ནག་གིས་བོད་ནང་དུ་སྲིད་ཇུས་ངན་པ་འཛིན་པ་དང་ལག་བསྟར་བྱེད་པའི་ཐོག་ནས། བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྩ་མེད་རྡོག་རོལ་ག་འདྲ་གཏོང་གི་ཡོད་པ། དེ་བཞིན་རིག་གཞུང་སྲུང་སྐྱོབ་ཀྱི་ཐོག་ལ་དོ་ཕོག་འགྲོ་ཡི་ཡོད་པ། ད་དུང་རྒྱ་ནག་གིས་སྲིད་ཇུས་ལག་བསྟར་གྱི་ཐོག་ནས་ཁོར་ཡུག་ལ་གནོད་འཚེ་འབྱུང་གི་ཡོད་པ་དེ་དག་ཁྱབ་བསྒྲགས་བྱ་རྒྱུ་དང་གོ་རྟོགས་སྤེལ་རྒྱུ་ནི་གལ་ཆེན་ཞིག་ཡིན་པ་ངོས་འཛིན་ཞུ་ཡི་ཡོད་ལ། ང་ཚོའི་ངོས་ནས་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དམིགས་བསལ་གྱིས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་གནས་སྟངས་དང་རྒྱལ་རབས་སོགས་ལ་སྦྱང་རྒྱུའི་གོ་སྐབས་དགོས་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་པ་རེད། ད་ལན་གྱི་དུས་ཐུང་གི་འགྲེམས་སྟོན་འདི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཚགས་ཚུད་པོ་དང་གོ་སྒྲིག་ཞུ་ཕྱོགས་དེ་ཡག་པོ་ཞེ་དྲགས་བྱུང་འདུག དེར་བརྟེན་འབྲེལ་ཡོད་ཚང་མར་བཀའ་དྲིན་ཆེ་ཞུ་ཡི་ཡིན། ཞེས་གསུངས་སོང་།

གངས་སྐྱིད་དུ་བོད་འབྲོག་པའི་འཚོ་བ་དངོས་འཁྲབ་སྟོན་བྱས། ༢༠༢༢།༡༠།༢༧ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཡང་བཀའ་བློན་མཆོག་ནས་དུས་ཐུང་གི་འགྲེམས་སྟོན་གོ་སྒྲིག་གནང་བ་འདི་དུས་ལ་འཚམས་པ་དང་རན་པོ་ཞེ་དྲགས་ཆགས་ཀྱི་འདུག ད་དུང་འགྲེམས་སྟོན་འདིའི་ནང་དུ་ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ ༢༦ ཡོད་པ་དེ་དག་སོ་སོའི་རིག་གཞུང་ལ་དོ་དབྱིངས་ཆེན་པོ་ཡོད་པ་དང་སྤོབས་པ་ལྡན་པའི་འཁྲབ་སྟོན་གནང་བ་མཐོང་དུས་དགའ་ཚོར་ཆེན་པོ་བྱུང་། རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་དོན་དུ་འཐབ་རྩོད་བྱ་རྒྱུ་དང་། སོ་སོའི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་སྐྱོང་ཡོང་སླད། གཞོན་སྐྱེས་ཚོས་གང་ཐུབ་ཐུབ་ཀྱིས་མཉམ་ཞུགས་གང་མང་གནང་རྒྱུ་གལ་ཆེན་པོ་རེད། ད་ལྟ་གཞོན་སྐྱེས་རྣམས་ཀྱིས་དགའ་ཚོར་གྱི་ཐོག་ནས་མཉམ་ཞུགས་བྱས་པ་མཐོང་དུས། དགའ་པོ་ཞེ་དྲགས་བྱུང་། རྒྱལ་ཁབ་གཅིག་གི་ནང་དུ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་ག་པར་འགྱུར་དང་མ་འགྱུར། རྒྱལ་ཁབ་དེའི་ཡར་རྒྱས་ཀྱི་ཚད་གཞི་ཇི་ཙམ་ཆགས་ཡོད་མེད་དེ་དག་གཞོན་སྐྱེས་ཚོར་རག་ལས་ཀྱི་ཡོད་པས། ད་ལན་གཞོན་སྐྱེས་ཀྱིས་མཉམ་ཞུགས་གང་མང་གནང་ཡོད་པ་དེ་ལ་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས་སོང་།

བོད་འབྲོག་པའི་སྐོར་གྱི་འགྲེམས་སྟོན་འདིའི་ནང་དུ་འབྲོག་པའི་སྦྲ་དང་འཐག ཐབ་ཆས། ཆས་གོས། དེ་བཞིན་ཐུན་མོང་མ་ཡིན་པའི་གླུ་གཞས་ལེན་བཞིན་བལ་རྩིད་འབྲེག་གསེད་བྱེད་པ་སོགས་དངོས་སུ་འཁྲབ་སྟོན་བྱས་ཏེ་ཀུན་གྱིས་དགའ་མོས་དང་དོ་དབྱིངས་ཆེན་པོ་བྱས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese