མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གསང་མིག་བརྙན་ཆས་ཀྱིས་བོད་མི་རྣམས་ལོགས་སུ་དབྱེ་ཐུབ་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

དམར་ཤོག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་གསང་མིག་བརྙན་ཆས་ས་ཡ་ཉིས་བརྒྱ་ལྷག་བཙུགས་ཡོད་པ་དང་དེ་དག་གིས་བོད་དང་ཡུ་གུར་བ་རྣམས་མི་རིགས་གཞན་གྱི་ཁྲོད་ནས་ལོགས་སུ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་འདུག

ད་ལྟ་ཞི་ཅིན་ཕིན་གྱི་སྲིད་དབང་འོག བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གཙོ་བྱས་པའི་ཧོང་ཀོང་དང་ཨོ་མན། དེ་བཞིན་རྒྱ་ནག་རྒྱལ་ཡོངས་སུ་གསང་ལྟ་པར་ཆས་བཙུགས་ཏེ། མི་མང་གི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་གྱི་བྱ་སྤྱོད་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཀྱང་། ད་སྔ་བར་དམིགས་བསལ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ལོགས་སུ་བཀར་ནས་ལྟ་རྟོག་དང་དྲག་གནོན་བྱེད་བཞིན་ཡོད་པ་ངོས་ལེན་བྱེད་ཀྱི་མེད།  འོན་ཀྱང་། ཉེ་ལམ་ཨ་རིའི་དྲ་རྒྱའི་བརྙན་རིགས་འཕྲུལ་ཆས་ཞིབ་འཇུག་ཁང་ (IPVM) གིས་ད་ལྟ་རྒྱ་ནག་གཞུང་གིས་དཱ་ཧྥ་ (Dahua)འཕྲུལ་རིགས་བཟོ་བསྐྲུན་ཁང་གིས་བཟོས་པའི་གསང་མིག་བརྙན་ཆས་མི་འདྲ་བ་བཞི་བརྒྱུད། བོད་མི་དང་ཡུ་གུར་བའི་ངོ་གདོང་དང་མདོག ལོ་དང་ཕོ་མོ དེ་བཞིན་རིགས་སོགས་ངོས་འཛིན་ཐུབ་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག

དེ་འབྲེལ་ཨེ་ཕོག་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་གསང་མིག་བརྙན་ཆས་དེ་དག་གིས་མི་མང་འདུ་འཛོམས་དང་སྲང་ལམ། ཁྲོམ་ལམ་སོགས་ཀྱི་དཀྱིལ་ནས་ཐད་ཀར་ཡུ་གུར་བ་ངོས་བཟུང་སྟེ་འཛིན་བཟུང་བྱེད་ཐུབ་ཀྱི་ཡོད་སྟབས། ཨ་རིའི་དྲ་རྒྱའི་བརྙན་རིགས་འཕྲུལ་ཆས་ཞིབ་འཇུག་ཁང་དེས། རྒྱ་ནག་གི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་ནི་ཧ་ཅང་ཐལ་དྲགས་པ་དང་གདུག་རྩུབ་ཅན་ཡིན་པས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག་ལ། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གྲོས་ཚོགས་འཐུས་མི་ ༡༧ ལྷག་དང་རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་སོགས་ནས་རྒྱ་ནག་གཞུང་གིས་གསང་མིག་བརྙན་ཆས་བཀོལ་སྤྱོད་བགྱིས་ཏེ་ཡུ་གུར་མི་རིགས་ལ་དབྱེ་འབྱེད་དང་དྲག་གནོན་བྱེད་བཞིན་ཡོད་པའི་སྐོར་ལ་སྐྱོན་བརྗོད་རབ་དང་རིམ་པ་སྤེལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་སྔ་བར་གསང་མིག་བརྙན་ཆས་བེད་སྤྱོད་བྱས་པ་བརྒྱུད་མི་རིགས་དབྱེ་འབྱེད་བྱས་མེད་ཚུལ་བརྗོད་ནས་ངོས་ལེན་བྱེད་ཀྱི་མེད་པ་རེད།

ད་རེས་ཨ་རིའི་དྲ་རྒྱའི་བརྙན་རིགས་འཕྲུལ་ཆས་ཞིབ་འཇུག་ཁང་གི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་ནག་གིས་ཡུ་གུར་བ་རྣམས་མི་ཚོགས་ཁྲོད་ནས་ཐད་ཀར་ངོས་འཛིན་ཐུབ་སྐོར་བརྗོད་འདུག་ནའང་། ངོ་གདོང་དང་མདོག ལོ་དང་ཕོ་མོ དེ་བཞིན་རིགས་སོགས་ངོས་འཛིན་ཐུབ་པ་ལས་བོད་མི་རྣམས་ལའང་གཅིག་མཚུངས་ལྟ་རྟོག་དང་དྲག་གནོན་བྱེད་བཞིན་ཡོད་པར་བསྟན་པ་མ་ཟད། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་བོད་ནང་ཡུན་རིང་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་མཁན་ཁྲན་ཆོན་ཀའོ་ཤིན་ཅང་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེར་བསྐོས་རྗེས། ཕྱི་ལོ་ ༢༠༡༨  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུ་གུར་མི་མང་ས་ཡ་ ༢ ཙམ་བཀག་ཉར་ཁང་དུ་བཅུག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ཅིང་། ད་དུང་ཁྲན་ཆོན་ཀའོ་ཡིས་ཤིན་ཅང་ཁུལ་ཁྱོན་ཡོངས་ནས་རིགས་རྫས་བསྡུ་རུབ་དང་གསང་མིག་བརྙན་ཆས་སོགས་བཙུགས་ཏེ། སྐབས་དེར་ཁོས་ཡུ་གུར་མི་རིགས་ཀྱི་ཐོག་གདུག་རྩུབ་ཆེ་བའི་དྲག་པོའི་སྲིད་ཇུས་རྐྱང་ལག་བསྟར་བྱས་ཡོད་པ་དང་། ཁྲན་ཆོན་ཀའོ་ཡིས་ཡུ་གུར་མི་རིགས་རྩ་གཏོར་གྱི་སྲིད་ཇུས་སྐབས་ལྷན་དུ་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅེན་ཀྲན་ཟེར་བ་ཁོ་ཡང་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པའི་རྒྱབ་ཀྱི་ཇུས་འདོད་པ་གཙོ་བོ་ནི་ཁྲན་ཆོན་ཀའོ་དང་ལྷན་དུ་ཡུ་གུར་མི་རིགས་ཀྱི་རིགས་རྫས་བསྡུ་རུབ་བྱེད་མཁན་དང་ད་ལྟའི་བོད་ནང་གི་དམར་ཤོག་དཔོན་རིགས་མཐོ་ཤོས་ཝང་ཅེན་ཀྲན་ཡིན་པ་གསལ་འདོན་དང་ཕྱོགས་ཡོངས་ནས་བོད་དང་ཡུ་གུར་གཉིས་ལ་རྒྱ་ནག་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་མངོན་གསལ་ཆགས་ཡོད།

སྤྱིར་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་སྐར་ཆ་གཅིག་གི་ནང་རྒྱ་ནག་མི་མང་ཐེར་འབུམ་ ༡།༤ ཡི་ངོ་གདོང་བཤེར་འབེབས་ཐུབ་ཀྱི་ཡོད་སྐོར་བསྒྲགས་ཡོད།  ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་དྲ་རྒྱའི་གསང་མིག་བརྙན་ཆས་དང་འབྲེལ་བའི་གནས་ཚུལ་རིགས་ཕྱིར་ཤོར་བ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་གནས་པའི་མི་ཞིག་ཡིན་ཕྱིན། མི་རེ་རེ་ཡི་ངོ་གདོང་དང་མཛུབ་རྟགས་བཤེར་བ་ནི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་གསང་མིག་བརྙན་ཆས་ས་ཡ་ ༢༠༠ ལྷག་བཙུགས་ཏེ། མགོ་བཟོ་གྲ་ལྡན་པའི་ཕྱུག་བདག་ཁག་གཙོས་པའི་རྐུན་མ་དང་དྲག་པོའམ་ངོ་རྒོལ་ལས་འགུལ་རིགས། དེ་བཞིན་དམར་ཤོག་གཞུང་དང་འགལ་ཟླ་ཅན་གྱི་མི་སྣ་སོགས་ཀྱི་བར་ལྟ་རྟོག་བྱས་དང་བྱེད་མུས་ཡིན་འདུག་ལ། དཱ་ཧྥ་འཕྲིལ་རིགས་བཟོ་བསྐྲུན་ཁང་ནི་རྒྱ་ནག་གཞུང་འབྲེལ་གྱི་འཕྲིལ་རིགས་ཚན་རྩལ་བཟོ་བསྐྲུན་ཁང་རྩེ་ཕུད་བཅུའི་གྲས་ཡིན་པ་དང་།  ཨ་རིའི་དྲ་རྒྱའི་བརྙན་རིགས་འཕྲུལ་ཆས་ཞིབ་འཇུག་ཁང་གིས། དཱ་ཧྥ་འཕྲུལ་རིགས་གསང་མིག་བརྙན་ཆས་ཀྱི་རིགས་དག་བོད་དང་ཡུ་གུར་ཙམ་དུ་མ་ཟད། ཧོང་ཀོང་ནང་ལའང་དེ་སྔ་ནས་གསང་མིག་བརྙན་ཆས་བཙུགས་ཏེ་དྲག་གནོན་བྱེད་མུས་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese