མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ལྕམ་ནན་སི་པི་ལོ་སི་མཆོག་གི་ཁྱིམ་མིར་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་ནན་སི་པི་ལོ་སི་མཆོག་གི་སྐུ་ཟླར་གློ་བུར་དོན་རྐྱེན་བྱུང་བ་དང་འབྲེལ་ཏེ་ལྕམ་སྐུ་མཆོག་གི་དབུས་ཁྱིམ་མི་ཡོངས་ལ་ཐུགས་གསོ་དང་ཕྱག་ལས་རྣམས་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

His Holiness the Dalai Lama Expresses Sympathy for Paul Pelosi after Reports of Physical Attack. Photo:@DalaiLama

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་ལྕམ་ནན་སི་པི་ལོ་སི་མཆོག་གི་སན་ཧྥ་རན་སི་ཁོར་ཡོད་པའི་བཞུགས་ཤག་ནང་གློ་བུར་དུ་མི་ཞིག་ཧམ་འཛུལ་བྱས་ཏེ། ནན་སི་གང་དུ་འདུག་ཅེས་སྐད་ཅོར་ཆེན་པོ་བརྒྱབ་རྗེས། ལྕམ་སྐུ་མཆོག་གི་སྐུ་ཟླ་པཱལ་པི་ལོ་སི་ (Paul Pelosi) ལགས་སུ་ཐོ་བས་གཞུས་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ད་ལྟའི་ཆར་འབྲེལ་ཡོད་སྨན་ཁང་ནས་ཁོང་དྲག་སྐྱེད་ལེགས་པོ་ཡོང་གི་ཡོད་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༩  ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྕམ་ནན་སི་པི་ལོ་སི་མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་ནས་ཁོང་(Paul Pelosi) དྲག་སྐྱེད་འབྱུང་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་མོད། འོན་ཀྱང་།  ངོས་ནས་ཁོང་རྦད་དེ་རྩ་བ་ནས་འཕྲོད་བསྟེན་བདེ་ཐང་སྔར་རྒྱུན་བཞིན་ཡོང་ཐུབ་པར་སྨོན་ལམ་རྒྱག་བཞིན་ཡོད། གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ཁྱེད་ཀྱི་ཁྱིམ་དུ་ཧམ་འཛུལ་བྱས་ཏེ་རྒོལ་རྡུང་གཏོང་མཁན་གྱི་མི་དེས། ཁྱེད་ཉིད་འཚོལ་བཞིན་ཡོད་ཚོད་འདུག ངོས་ནས་ཁྱེད་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་དགོས་ངེས་ཀྱི་བྱེད་སྒོ་ཡོངས་འཐུས་ཚང་ཡོད་པའི་རེ་བ་ཡོད།

ངོས་ནས་ཨ་རི་དང་ཨ་རིའི་མི་མང་གིས་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་རང་དབང་ལ་ཤིན་ཏུ་གུས་བཀུར་ཆེན་པོ་ཡོད་ཀྱང་། རང་དབང་ནི་འགན་འཁུར་བའི་ཐོག་ནས་ལོངས་སྤྱོད་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། ཨ་རི་དང་འཛམ་གླིང་རྒྱལ་ཁབ་གཞན་གང་ཞིག་ཏུའང་། དྲག་པོས་ཚོགས་པ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་སུ་བཟང་ཕྱོགས་ནས་རམ་འདེགས་བྱ་མི་ཐུབ། ཅེས་གསུངས་འདུག ཡང་གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་མཆོག་གིས་ལྕམ་ནན་སི་པི་ལོ་སི་མཆོག་དང་ནང་མི་རྣམས་ཕྱག་ལས་རྣམས་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

དོན་རྐྱེན་བྱུང་བའི་གནས་ཚུལ་ཐོས་པ་དང་ལྕམ་ནན་སི་པི་ལོ་སི་མཆོག་རྒྱལ་ས་ནས་སན་ཧྥི་སི་ཁའོ་རང་ཁྱིམ་དུ་ལོག་ཡོད་ཅིང་། སྐབས་དེར་ཁོང་མོས། མི་ཞིག་གིས་ང་ཚོའི་ཁྱིམ་དུ་བཙན་འཛུལ་བྱས་ཏེ་ངའི་བཟའ་ཟླར་དྲག་རྒོལ་ཚབས་ཆེན་བྱས་ཡོད། ད་ལྟ་ང་དང་ངའི་བྱིས་པ་ཚོ་འཇིགས་སྐུལ་དྲག་པོའི་འོག་དཀའ་ངལ་མྱོང་བཞིན་ཡོད་ལ། ཁྱེད་ཅག་གིས་ང་ཚོར་རེ་སྨོན་བཟང་པོ་མང་པོ་བསྐུར་བ་དག་ནི་ངེད་ཁྱིམ་མི་ཚོའི་སེམས་ངལ་གསོ་བྱེད་ཀྱི་རྒྱུ་དང་པཱལ་པི་ལོ་ས་ཡར་རྒྱས་འགྲོ་བར་ཕན་ཐོགས་ཀྱི་འདུག ཅེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་འཛམ་གླིང་གི་མགོ་འཁྲིད་གཞན་མང་པོ་ཞིག་གིས་ཐུགས་གསོའི་འཕྲིན་ཡིག་བསྐུར་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

ད་ལྟ་སན་ཧྥི་རན་སེ་ཁའོ་གྲོང་ཁྱེར་ཉེན་རྟོག་པས་མིང་ལ་ཌའེ་ཝི་ཊི་(Δαϖιδ ΔεΠαπε)འབོད་པའི་ཉེས་ཅན་པ་དེ་འཛིན་བཟུང་བྱས་ཏེ། དྲག་པོའི་མཚོན་ཆ་བཟུང་སྟེ་ལྐོག་གསོད་དང་རྐུན་ཇག་གི་བྱ་སྤྱོད་སྤེལ་བ། གཞུང་གི་ལས་བྱེད་པ་དང་ཁྱིམ་ཚང་ཞིག་གི་རྒན་རབས་པ་སོགས་ལ་དྲག་པོའི་འཇིགས་སྐུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།

ད་རེས་ལྕམ་ནན་སི་པི་ལོ་སི་མཆོག་གི་ཁྱིམ་དུ་ཕྱི་མིས་བཙན་འཛུལ་བྱས་པའི་རྒྱབ་ལྗོངས་དམིགས་ཡུལ་གང་ཡིན་གསལ་བོ་མ་ངེས་ཀྱང་། ད་རེས་ནི་ཁོང་གི་གཟིམ་ཁང་དུ་གཏོར་རྒོལ་བྱས་པ་ཐོག་མ་མ་ཡིན་པར། ཕྱི་ལོ་ ༢༠༢༡ ལོར་ཨ་རིའི་གྲོས་ཚོགས་ཀྱིས་དཔྱ་ཁྲལ་བསྡུ་འགོད་དང་འབྲེལ་བའི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་རྗེས། ལྕམ་ནན་སི་པི་ལོ་སི་མཆོག་གི་གཟིམ་ཤག་ལ་གཏོར་སྐྱོན་བཏང་ཡོད་ཅིང་སྒོ་ལམ་དུ་ཕག་མགོ་ཞིག་གཏུབ་ནས་བཞག་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༢༡ ལོའི་ཨ་རིའི་ཕོ་བྲང་དཀར་པོར་གཏོར་རྒོལ་བྱུང་སྐབས། མི་ཞིག་གིས་ལག་ཏུ་མཚོན་ཆ་ཞིག་བཟུང་ནས། ཁྱེད་རང་གང་དུ་ཡོད། ཅེས་ལྕམ་ནན་སི་པི་ལོ་སི་མཆོག་རྩད་གཅོད་གཏོང་གི་ཡོད་པའི་བརྙན་དངོས་སུ་ཡོད་སྟབས། ཕྱིས་སུ་ཨ་རིའི་ཉེན་རྟོག་པས་མི་དེ་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. སྐྱབས། says:
    ལོ་ 4 སྔོན།

    རྦད་དེ་རྩ་བ་ནས་འཕྲོད་བསྟེན་བདེ་ཐང་སྔར་རྒྱུན་བཞིན་ཡོང་ཐུབ་པར་སྨོན་ལམ་རྒྱག་བཞིན་ཡོད། ལྟ་བུ་འདི་བོད་སྐད་རེད་མི་འདུག
    བོད་སྐད་ལྟར་བྱས་ན། ཁོང་གསང་དྲག་འགྲོ་རྒྱུར་ངས་སྨོན་ལམ་རྒྱག་གི་ཡོད། ཟེར་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese