མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞིས་ཀ་རྩེ་ངམ་རིང་རྫོང་དུ་གཞི་རྒྱ་ཆེ་བའི་ཆུ་མཛོད་གློག་ཁང་ལས་གཞི་ཞིག་མགོ་འཛུགས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་ངམ་རིང་རྫོང་ཁོངས་སུ་བར་རྩེ་ཆུ་མཛོད་གློག་ཁང་ཆེན་མོ་དང་དེའི་ཆུ་འདྲེན་ཡན་ལག་ལས་གྲྭ་ཟེར་བའི་གཞི་རྒྱ་ཆེ་བའི་ཆུ་མཛོད་ཆེན་མོ་ཞིག་དངོས་སུ་ལས་མགོ་བརྩམས་ཡོད་འདུག

གཞིས་ཀ་རྩེ་བར་རྩེ་ཆུ་མཛོད་གློག་ཁང་གི་དཔེ་རིས། ༢༠༢༢།༡༠།༢༩ བོད་སྐད་རླུང་འཕྲིན་གྱི་པར་རིས།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་ངམ་རིང་རྫོང་བར་རྩེ་ཆུ་མཛོད་གློག་ཁང་ཆེན་མོ་དང་དེའི་ཆུ་འདྲེན་ཡན་ལག་ལས་གྲྭ་ཟེར་བ་ཞིག་གི་ལས་མགོ་བཙུགས་ཡོད་ཅིང་། འཛུགས་སྐྲུན་ལས་གཞི་དེ་མ་འོངས་ལོ་ལྔ་དང་ལོ་ཕྱེད་ཙམ་ནང་ཚར་བ་བྱ་རྒྱུ་ཡིན་འདུག རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་ལས་གཞི་དེ་རྒྱལ་ཡོངས་ཆུ་མཛོད་ལས་གྲྭ་གལ་ཆེན་ ༡༥༠ ཞེས་པའི་གྲས་སུ་བཅུག་ཡོད་འདུག་ལ། ཁྱོན་མ་དངུལ་སྒོར་དུང་ཕྱུར་ ༢༩ ལྷག་ཅིག་དང། ཆུ་གསོག་ཚད་སྨི་ ༤༣༢༥ ཟིན་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་ཚང་མ་མི་མང་གི་ཆེད་དུ་ཡིན་ཚུལ་བརྗོད་དེ་ས་གནས་མི་མང་གི་ཁ་འགོག་ཐབས་བྱེད་བཞིན་ཡོད་པ་ལྟར།  ཆུ་མཛོད་གློག་ཁང་དེ་ལེགས་འགྲུབ་བྱུང་ཚེ་བོད་ཀྱི་ནུབ་བྱང་ས་ཁུལ་གྱི་རྫོང་ཁག་ ༥ ཡི་དགུན་དུས་གློག་དཀོན་པའི་དཀའ་ངལ་དང་། ཞིང་ཆུ་དཀོན་པའི་དཀའ་ངལ་སེལ་ཐུབ་ཚུལ་དང་། ས་ཁུལ་དེའི་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འཐོན་རྒྱུ་རེད། ཅེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༡༠ པའི་ནང་རྒྱ་ནག་གཞུང་ནས་སྤེལ་བའི་གནས་ཚུལ་ནང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆུ་མཛོད་ཅིག་གསར་རྒྱག་བྱ་རྒྱུ་ཡིན་ལ། ལས་གཞི་དེ་ནི་རྒྱ་ནག་དབུས་གཞུང་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ ལོ་བར་གྱི་ལྔ་ཚན་ ༡༤ པའི་ལས་གཞི་ཡི་ཆ་ཤས་ཤིག་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཆ་ཤས་ཤིག་ཡིན་པ་མ་ཟད། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་གྱི་ཕྱི་ལོ་ ༢༠༣༥ བར་ཀྱི་ཕུགས་རྒྱང་རིང་བའི་ལས་འཆར་ཞིག་ཡིན་སྐོར་བསྒྲགས་ཡོད་པ་རེད། རྒྱ་གར་གྱི་དེ་རིང་ (India Today) གསར་ཁང་གིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། འདས་པའི་ལོ་ངོ་ ༡༠ ཙམ་གྱི་ནང་རྒྱ་ནག་གཞུང་གིས་ས་ཁུལ་དེའི་སྤྱི་ལེ་ ༢༤ ཙམ་གྱི་ནང་ཆུ་མཛོད་གསུམ་གསར་རྒྱག་བྱས་ཡོད་པ་དང་། དུས་ཡུན་ཐུང་ངུ་ཞིག་གི་ནང་ཆུ་མཛོད་ཀྱི་ལས་གཞི་ཤུགས་ཆེན་འགྲོ་བཞིན་པའི་དམིགས་ཡུལ་ནི། རྒྱ་ནག་གཞུང་གིས་རྒྱ་གར་དུ་བཞུར་བཞིན་པའི་ཆུ་བོར་སྟངས་འཛིན་བྱེད་ཐུབ་ཆེད་དང་། ཆུ་བོའི་ཁ་ཕྱོགས་རྒྱ་ནག་སྐམ་སར་བསྒྱུར་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་ཞིབ་འཇུག་སྙན་ཐོ་ལྟར་ན། བོད་ནི་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་ཡིན་ཞིང་། བོད་ཀྱི་ཆུ་གློག་གི་ཐོན་ཁུངས་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་གི་ཐོན་ཁུངས་ཀྱི་སུམ་ཆའི་གཅིག་ཙམ་ཟིན་གྱི་ཡོད་པ་དང་། ད་ལྟ་བོད་ཁུལ་དུ་ཉུང་མཐར་ཆུ་མཛོད་གསར་རྒྱག་གི་ལས་གཞི་ ༡༡ ཙམ་ལ་འཆར་གཞི་སྒྲིག་གི་ཡོད་འདུག རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཁག་གི་རྒྱུད་དུ་ཆུ་མཛོད་མང་པོ་བརྒྱབས་དང་རྒྱག་བཞིན་ཡོད་པའི་རྐྱེན་གྱིས། བོད་ནང་ཆུ་ལོག་དང་རི་ཉུལ་བྱུང་བའི་དོན་རྐྱེན་བསྟུད་མར་འབྱུང་གི་ཡོད་ལ། ཕྱི་ལོ་ ༢༠༡༨ ལོར་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་དུ། བདུན་ཕྲག་གཅིག་གི་ནང་རི་ཉིལ་ཐེངས་གཉིས་བྱུང་ནས་ཆུ་བོའི་བཞུར་རྒྱུན་འགག་སྟེ་འགྲམ་རྒྱུད་ཀྱི་མི་མང་ལ་ཛ་དྲག་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

ཆུ་ཚོད་ ༤ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese