མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་འབྲི་རུ་རྫོང་ཁོངས་ནས་བོད་མི་གཉིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཡང་ཤོད་སྐྱིད་བརྡ་གྲོང་ཚོ་ནས་ཡིན་པའི་གཞོན་སྐྱེས་རིན་ཆེན་དར་རྒྱས་དང་བསམ་གཏན་གཉིས་རྒྱ་ནག་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་གང་དུ་ཡོད་མེད་ཙམ་ཡང་གསལ་ཁ་བྱུང་མེད་འདུག

བོད་རིགས་གཞོན་ནུ་བསམ་གཏན་ལགས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས། ༢༠༢༢།༡༠།༢༦ པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

འདི་གར་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༦ ཡས་མས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གཡང་ཤོད་སྐྱིད་བརྡ་གྲོང་ཚོ་ནས་ཡིན་པའི་བོད་མི་རིན་ཆེན་དར་རྒྱས་དང་། བསམ་གཏན་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟ་བར་དུ་བདུན་ཕྲག་གཅིག་ཙམ་འགྲོ་བཞིན་ཡོད་ནའང་ཀློད་གྲོལ་བཏང་མེད་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། ཁོང་གཉིས་ཡུལ་ཚོ་ནས་རྫོང་ཐོག་ཏུ་ཅ་དངོས་ཉོ་བར་ཕྱིན་ཡོད་པ་དང་། ལམ་བར་དུ་གྲོགས་པོ་ཁག་ཅིག་དང་ཐུག་སྟེ་ཁ་བརྡ་བྱས་ནས་བསྡད་ཡོད་སྐབས། ཉེན་རྟོག་པ་བསླེབས་ཏེ་གང་བྱུང་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་མ་ཟད། དོན་མེད་འདུ་འཛོམས་བྱས་པའི་ཉེས་མིང་འོག་བཙན་འཁྲིད་བྱས་ཡོད་པ་དང་། ཁྱིམ་མི་ཚོས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་རྩད་གཅོད་བཏང་ཡོད་ཀྱང་ཁོང་གཉིས་ག་བར་འཁྲིད་ཡོད་མེད་ཙམ་ཡང་གསལ་ཁ་བྱུང་མེད་འདུག

ཁོང་གཉིས་ཁྱིམ་གཅིག་གི་བུ་སྤུན་ཡིན་ཞིང་། པ་ལགས་སྔ་མོ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཨ་མ་ལགས་ཡོད་འདུག ཁྱིམ་ཚང་གི་ཆ་རྐྱེན་སྐྱོ་བོ་ཡིན་པས་ཁོང་གཉིས་ཆུང་དུས་ནས་སློབ་གྲྭར་མ་ཕྱིན་པར་ཞོར་ལས་བྱས་ཏེ་བསྡད་ཡོད་འདུག་ལ། རིན་ཆེན་དར་རྒྱས་རང་ལོ་ ༢༧ དང་། བསམ་གཏན་རང་ལོ་ ༢༢ ཡིན་ཞིང་། རིན་ཆེན་དར་རྒྱས་ལགས་ལ་ཤུལ་དུ་བཟའ་ཟླ་ཞིག་ཀྱང་ཡོད་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ནས་ཡུལ་མིའི་འགྲོ་སྐྱོད་ལ་བཀག་སྡོམ་དང་། གོང་རིམ་གྱི་བཀོད་འདོམས་ལ་མ་ཉན་པའི་ཉེས་མིང་འོག་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱས་པ་དང་། དངུལ་ཆད་བཅད་པའི་གནས་ཚུལ་མང་པོ་ཐོན་གྱི་ཡོད་པ་ལྟར། ཁོང་གཉིས་ལའང་དང་ཐོག་ཏོག་དབྱིབས་བཀག་སྡོམ་ལ་མ་རྩིས་པའི་ཉེས་མིང་གཡོགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. སྐྱབས། says:
    ལོ་ 4 སྔོན།

    བོད་ནག་ཆུ་དང་། བོད་འབྲི་རུ། བོད་གཞིས་ཀ་རྩེ་ལྟ་བུའི་གོང་དུ་ངེས་པར་དུ་བོད་སྦྱར་དགོས་མེད། གཞིས་ཀ་རྩེ་ཟེར་ན་བོད་ཀྱི་གཞིས་ཀ་རྩེ་ཡིན་པས་ཁྱབ་པས། རྒྱ་ནག་གི་ཤོད་སྟངས་ལྟར། ཀྲུང་གོའི་བོད་ལྗོངས་ཞེས་ཡིན་གཅིག་ཨུ་ཚུགས་རྒྱག་དགོས་དོན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese