མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་གནང་བའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ནས་འཚོག་ལ་ཉེ་བའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་ཡོང་བའི་ཞུ་ཡིག་བསྐུར་འདུག

Photo: International Tibet Network

འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་དང་བསྟུན། དེ་རིང་བོད་དོན་ལས་འགུལ་བསྟི་གནས་ཁང་གིས། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་བཙན་གྱིས་ཁ་བྲལ་དུ་བཅུག་སྟེ། རྒྱ་གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ཏུ་འཁྲིད་ནས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

དེ་འབྲེལ་ཞུ་ཡིག་ནང་། རྒྱ་ནག་དམར་ཤོག་ཚོགས་པས་ལོ་བཞི་ནས་ ༡༨ བར་གྱི་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་རང་གི་ཁྱིམ་ཚང་ཕ་མ་དང་ཕ་ཡུལ། སྐད་ཡིག་སོགས་དང་བཙན་གྱིས་ཁ་བྲལ་དུ་བཅུག་སྟེ། རྒྱ་གཞུང་གིས་བཙུགས་བཅའ་སྡོད་སློབ་གྲྭར་རྒྱ་བསྒྱུར་གྱི་སློབ་ཁྲིད་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རིག་གནས་འཆད་སའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་གཏོར་བཤིག་གཏོང་གི་ཡོད། འབུམ་རམས་པ་རྒན་རྒྱ་ལོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་རང་ཁྱིམ་དང་ཁ་བྲལ་དུ་བཅུག་པ་ཙམ་དུ་མ་ཟད། མ་འོངས་པར་བོད་པའི་བྱིས་པ་རྣམས་རང་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་མེད་པ་ཞིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད།

བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་དག་ལ་འབོད་སྐུལ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་བོད་པའི་སློབ་གྲྭ་ཁག་སྒོ་རྒྱག་མཚམས་འཇོག་དགོས་པ་དང་། བོད་པའི་སློབ་མ་རྣམས་བཅའ་སྡོད་སློབ་གྲྭ་དང་བྱིས་གཉེར་ཁང་དུ་བཙན་འཇུག་བྱ་རྒྱུ་མཚམས་འཇོག་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ལོ་རྒྱུས། ངོ་བོ་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་མཚམས་འཇོག་དགོས་པ་སོགས་རྒྱ་ནག་གཞུང་ལ་གླེང་སློང་དང་འགན་འཁུར་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཡང་ཁ་སང་ཕྱི་ཚེས་ ༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ལོའི་ ༥ ནང་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་མཉམ་འབྲེལ་བསྒྲགས་གཏམ་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམིགས་བསལ་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་བར་བསྔགས་བརྗོད་དང་སྦྲགས། ད་རེས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་རྣམས་ནས་ཚོགས་ཆེན་ཐོག ༧སྐུའི་ཡང་སྲིད་ཀྱི་དབུས་པའི་ཆོས་དད་རང་དབང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། བོད་ནང་རང་དབང་ཞིབ་འཇུག་དང་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་ཆོག་པ་སོགས་རྒྱ་ནག་གཞུང་དང་ལྷན་གླེང་སློང་དགོས་པའི་ཞུ་ཡིག་བསྐུར་ཡོད་འདུག

ཉེ་ལམ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོ་ཞིག་ཏུ། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གི་ཡོད་པ་དང་། ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༠ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese