མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་གྲངས་ ༥༧ ལ་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་གྲངས་ ༥༧ ལ་མཇལ་ཁ་སྩལ་སྐབས། བོད་ལ་བསམ་གྱི་མི་ཁྱབ་པའི་ནང་ཆོས་ཡོད་པ་དང་དེ་ལ་བདག་པོ་རྒྱག་མཁན་དགེ་བཤེས་ཚོ་ཡིན་སྟབས། དགེ་བཤེས་ཚོ་གལ་ཆེན་པོ་ཆགས་ཡོད་པའི་བཀའ་སློབ་སྩལ་འདུག

པར་དབང་། དགའ་ལྡན་ཕོ་བྲང་ཡིག་ཚང་།

དེ་རིང་ཕྱི་ཚེས་ ༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་གྲངས་ ༥༧ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། ང་ཚོའི་གནས་སྟངས་བཙན་བྱོལ་བ་ཆགས་ནས་བསྡད་ཡོད་ཀྱང་། གདན་ས་གསུམ་སློབ་གཉེར་མུ་མཐུད་རྒྱག་གི་ཡོད། ང་ཚོའི་གཞིས་ཆགས་ཆེ་ཁག་ཚུགས་སྐབས། གདན་ས་གསུམ་མར་ལྷོ་ཕྱོགས་སུ་བཙུགས་པ་དང་། ཁྱེད་རང་ཚོས་ད་ལྟ་བར་དུ་སློབ་གཉེར་ཧུར་ཐག་བྱས་པ་རེད། ཞེ་དྲགས་ཡག་པོ་རེད།

ང་ཚོ་བོད་ལ་ངོམ་རྒྱུ་ཡོད་པ་ནི་ནང་ཆོས་ཀྱི་ཤེས་ཚད་ཆགས་ཡོད། དེ་ཡང་འདོན་པ་དང་སྨོན་ལམ་བརྒྱབ་པ་ཙམ་མ་ཡིན་པར་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱས་པ་དང་། དེའི་ནང་གི་གཙོ་བོ་ཞིག་ཚད་མ་རིག་པར་སློབ་སྦྱོང་བྱས་ཏེ། གནས་ཚུལ་གང་ཡིན་ཡང་། བཅོམ་ལྡན་འདས་ཁོང་ཉིད་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།  བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་པ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་བཀའ་ལ་བསྲེག་བཅད་བརྡར་གསུམ་གྱིས་ཏེ་ཞིབ་འཇུག་བྱ་དགོས་པ་ལས། བཅོམ་ལྡན་འདས་ཀྱི་བཀའ་རེད་ཟེར་ནས་རྨོངས་དད་ཀྱི་ཚུལ་བྱ་རྒྱུ་མེད་གསུངས་ཡོད། དེ་ནས་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་ནཱ་ལནྡཱའི་མཁས་པའི་དབང་པོ་དག་གིས་བཅོམ་ལྡན་འདས་ཀྱི་བཀའ་ལ་བསྲེག་བཅད་བརྡར་གསུམ་གྱི་ཞིབ་འཇུག་བྱས་ཏེ། ཚད་མའི་ལམ་ནས་ངེས་པ་འདྲེན་ཐུབ་པ་བྱུང་ཡོད། ངོས་ལ་ཆ་བཞག་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ཆོས་ལུགས་ཚང་མའི་ལྟ་གྲུབ་མི་འདྲ་ནའང་སེམས་པ་བཟང་པོ་དང་རྙིང་རྗེའི་བློ་བསྐྱེད་དེ་མིར་ཕན་གྱི་ཡོད་སྟབས་གུས་ཞབས་བྱེད་བཞིན་ཡོད། སངས་རྒྱས་པའི་ཆོས་དང་ལྷག་པར་དུ་ནཱ་ལནྡཱའི་ཆོས་བརྒྱུད་དེ་བསྲེག་བཅད་བརྡར་གསུམ་བྱས་ནས་མར་གསུངས་པ་རེད།

ང་ཚོའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་པ་རེད་དེ། བོད་ཡིག་གསར་དུ་བཟོས་ཏེ་རྒྱ་ཡིག་ལ་དཔེ་ལྟ་བ་དང་སློབ་སྦྱོང་བྱེད་མི་དགོས་པར་བཟོས་ཡོད། རྒྱ་གར་གྱི་སྡེ་བ་ནག་རིའི་ཡིག་གེར་དཔེར་བལྟས་ནས་ང་ཚོའི་དབྱངས་དང་གསལ་བྱེད་བཟོས་པ་ཡིན་དུས། ཧ་ཅང་གྲུང་པོ་དང་ཡག་པོ་ཞེ་དྲགས་རེད། མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་སྟེ་བོད་ལ་ཕེབས་དུས། མཁན་ཆེན་ཞི་བ་འཚོས། ཁྱེད་རང་ཚོར་བོད་ཡིག་རང་བཙན་པ་ཞིག་ཡོད་སྟབས། ལེགས་སྦྱར་དང་པ་ལིའི་སྐད་བསླབ་དགོས་ཀྱི་མི་འདུག བོད་ཡིག་ལ་སློབ་སྦྱོང་བྱས་ཏེ། ལེགས་སྦྱར་དང་པ་ལིའི་སྐད་དུ་ཡོད་པའི་བཅོམ་ལྡན་འདས་དང་རྒྱ་གར་མཁས་པའི་གསུང་དག་བོད་ཡིག་ནང་བསྒྱུར་རྒྱུ་གལ་ཆེན་པོ་འདུག་གསུངས་པ་རེད། དེ་དག་བསམ་བློ་བཏང་དུས་ང་ཚོ་བོད་པར་སྤོབས་པ་སྐྱེས་དགོས་པ་ཡོད། ང་ཚོ་བོད་པ་ལ་སྐད་ཡིག་ཡོད་པ་དང་མཁན་ཆེན་ཞི་བ་འཚོས་བོད་པའི་སྐད་ཡིག་དེ་ཕྱུག་པོ་ཡོད་པར་གཟིགས་ཏེ། ཁྱེད་རང་ཚོར་པ་ལི་དང་ལེགས་སྦྱར་སྐད་ཡིག་བསླབ་མི་དགོས་པར། བོད་ཡིག་ནང་བཀའ་བསྟན་བཅོས་བསྒྱུར་ཏེ། སོ་སོའི་སྐད་ཡིག་རང་གི་ཐོག་ནས་རང་མགོ་ཐོན་པར་བྱས་ན་ཡག་པོ་ཡོང་གི་རེད་ཅེས་གསུངས་པ་རེད།

ཕྱེད་ཀ་སྒྲུང་ལྟ་བུ་རེད་དེ། དེ་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་གཉིས་ལ་འཁྲུངས་ས་བསྐྱོན་ཡོད་སྟབས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་རྒྱ་ནག་དང་བལ་ཡུལ་གཉིས་ལ་འབྲེལ་བ་ཧ་ཅང་ཉེ་བོ་ཡོད། སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུས་ལ་བཞུགས་པ་དང་། ཕྱོགས་གཅིག་ལ་རྒྱ་ཡི་མཁན་པོ་རྣམས་དང་ཕྱོགས་གཅིག་ལ་སློབ་དཔོན་ཀ་མ་ལ་ཤཱི་ལགས་ཀྱི་རྗེས་འབྲང་བ་ཚོ་བཞུགས་ཏེ། ཆོས་རྒྱལ་གྱིས་གཟིགས་བཞིན་པའི་སྐབས་སུ་རྒྱ་ཡི་མཁན་པོ་རྣམས་སྒོམ་རྒྱག་རྒྱུ་མ་གཏོགས་བཤད་རྒྱུ་ཞེ་དྲགས་མེད་པ་དང་སློབ་དཔོན་ཀ་མ་ལ་ཤཱི་ལགས་ཀྱི་རྗེས་འབྲང་བ་བཤད་རྒྱུ་ཞེ་དྲགས་ཡོད་སྟབས། ཆོས་རྒྱལ་གྱིས་སྐབས་རྒྱ་ཡི་སློབ་དཔོན་ཚོ་མར་རྒྱ་ནག་ཏུ་ཕྱིན་ན་འགྲིག་གི་འདུག་གསུངས་པ་རེད། དེ་ཚོའི་གྲས་དེ་ལོ་རྒྱུས་རེད་དེ་གོ་རྒྱུ་ཆེན་པོ་འདུག ང་རང་ཚོ་བོད་པས་སྒོམ་རྒྱག་པ་དང་འདོན་པ་བཏོན་པ་ཙམ་མ་ཡིན་པར་ལོ་ངོ་སྟོང་ཕྲག་རིང་གཞུང་ཆེན་ལ་སྤྱངས་པ་དང་སློབ་གཉེར་བྱས་ཏེ་སངས་རྒྱས་ཀྱི་ཆོས་ལ་བདག་པོ་བརྒྱབ་པ་མངོན་གསལ་ཆགས་ཡོད།  ཅེས་གསུངས།

དེ་རིང་ཁ་སང་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག ཁོ་ཚོས་བརྟག་དཔྱད་བྱས་ཡོང་དུས། ང་ཚོས་འདིར་བཅོམ་ལྡན་འདས་ཀྱི་བཀའ་རེད་ཟེར་བ་དང་མདོ་ཡི་ཚིག་དོན་ལུང་འདྲེན་བྱས་པ་ཙམ་མ་ཡིན་པར་རྒྱུ་མཚན་གྱི་ཐོག་ནས་ནང་ཆོས་བཤད་ཡོང་དུས། དེ་སྔ་ནང་ཆོས་ལ་རྒྱུས་མངའ་མེད་པའི་ནུབ་ཕྱོགས་པའི་གྲས་མང་པོ་ཞིག་གིས་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་སྤྲོད་ཀྱི་འདུག དེར་བརྟེན། ཁྱེད་རང་ཚོ་གལ་ཆེན་པོ་ཞེ་དྲགས་རེད། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་ཐེག་པ་ཐམས་ཅན་གྱི་གནས་འདུས་ཡོད་པ་དང་མདོ་སྔགས་སོགས་ཚང་མ་ཡོད་པས་ཞེ་དྲགས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡོད། ཉམས་ལེན་གྱི་ཐོག་ནས་ལེའུ་དང་པོ་བའི་གནས་སྐབས་ནས་བཟུང་རིམ་པའི་གསང་སྔགས་ཀྱི་གཞུང་དང་འབྲེལ་ཡོང་དུས། སེམས་ཕྲ་རགས་དབྱེ་བ་ཕྱེས་ཏེ་རགས་པ་གློ་བུ་བའི་སེམས་ཕར་འཇོག་པ་དང་ཕྲ་བ་སྙི་མའི་སེམས་ལམ་གྱི་ངོ་བོར་བསྐྱེད་ནས་ཉམས་ལེན་བྱ་རྒྱུ་ཡོད་པ་ཞེ་དྲགས་ཟབ་པོ་རེད། དེ་འདྲ་བའི་ཆོས་བསམ་གྱི་མི་ཁྱབ་པ་ཞིག་ང་ཚོ་བོད་ལ་ཡོད་པ་དང་ད་ལྟའི་དུས་ཚོད་འདིའི་སྐབས་སུ་དེ་ལ་བདག་པོ་རྒྱག་མཁན་ང་ཚོ་ཆགས་བསྡད་ཡོད། ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༧ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese