མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོ་དགོན་པའི་དགེ་བཤེས་བསྟན་དགའ་ལཊ་ནད་མནར་གྱིས་སྐུ་གྲོངས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་སྔོན་རྒྱ་ནག་གཞུང་གིས་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་པའི་བྲག་མགོ་དགོན་གྱི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནད་མནར་རྐྱེན་གྱིས་སྐུ་གྲོངས་ཡོད་འདུག

བྲག་མགོ་དགོན་པའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་སྐུ་གྲོངས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡས་མས་སུ། བྲག་མགོ་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནད་མནར་རྐྱེན་གྱིས་སྐུ་གྲོངས་ཡོད་འདུག ཁོང་ཕྱི་ལོ་ ༢༠༡༨ ལོར་ཀློད་གྲོལ་བཏང་ཡོད་ཀྱང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཏེ། ཕྱིས་སུ་ཁྲིན་ཏུའུ་སོགས་སུ་ཕྱིན་ནས་སྨན་པར་བསྟེན་གཏུག་བྱས་ཡོད་ཀྱང་ཕན་ཐོགས་བྱུང་མེད་འདུག

འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། དགེ་བཤེས་བསྟན་དགའ་ལགས་ཕྱི་ལོ་ ༢༠༡༨ ལོར་ཀློད་གྲོལ་བཏང་ཡོད་ཀྱང་། དགོན་པར་ཕེབས་མི་ཆོག་པ་དང་། འགྲོ་འདུག་ལའང་རང་དབང་མེད་པའི་རྐྱེན་གྱིས་སྐབས་དེར་ཚད་ལྡན་སྨན་པར་བསྟེན་གཏུག་བྱེད་ཐུབ་མེད་པ་དང་། འདས་ལོར་རྒྱ་ནག་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ཏུ་ཕྱིན་སྐབས། སྨན་པས་ཁོང་གི་གློ་བའི་ནང་ནག་པོ་ཞིག་ཡོད་སྐོར་དང་། དེར་གཟབ་གཟབ་མ་བྱས་ཚེ་མགོའི་ནང་དུ་ཕྱིན་ན་གནས་སྟངས་ཛ་དྲག་པོ་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་།  དེ་ནས་ཟླ་གཅིག་ཙམ་གྱི་རྗེས་ནས་བསྐྱར་དུ་སྨན་ཁང་དེར་ཕྱིན་ནས་བརྟག་དཔྱད་བྱེད་སྐབས་ན་ཚ་དེ་ཀླད་པའི་ནང་དུ་ཕྱིན་ཚར་འདུག སྨན་བསྟེན་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་སྐོར་བརྗོད་ཡོད་སྟབས།  དགེ་བཤེས་ནས་སྨན་ཤུགས་ཆེན་པོ་ཟོས་ཡོད་འདུག སྨན་ཤུགས་ཆེན་ཟོས་རྐྱེན་མིད་པའི་ནང་ན་ཟུག་བྱུང་སྟེ་སྐད་ཆ་བཤད་མི་ཐུབ་པ་དང་ཁ་ལག་ཀྱང་ཡག་པོ་ཟ་མི་ཐུབ་པའི་དཀའ་ངལ་འཕྲད་པའི་ཐོག ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་སྨན་ཁང་དུ་བསྟེན་གཏུག་བྱེད་ཁག་པོ་ཆགས་པ་སོགས་ཀྱིས་སྐུ་གྲོངས་ཡོད་སྐོར་བརྗོད་བྱུང་།

ཁོང་དང་མཉམ་དུ་བཙོན་འཇུག་མནར་གཅོད་མྱངས་བའི་བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་དང་། དགོན་པའི་རྩིས་པ་དང་དྲུང་ཡིག་གཅིག་ལྕོགས་དགྲ་ལྷ་ལགས། དེ་བཞིན་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་བཅས་ཀྱི་ད་ལྟའི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། ཕྱི་ལོ་ ༢༠༡༨ ཟླ་ ༡ ནང་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགསཀློད་གྲོལ་གཏོང་སྐབས་རྐང་པ་གཉིས་ནད་པར་གྱུར་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། ད་ལྟ་ཏོག་ཙམ་དྲག་སྟེ་འཁར་རྒྱུག་འཁྱེར་ནས་འགྲོ་ཐུབ་ཙམ་ཡོད་པ་དང་། དགོན་པའི་རྩིས་པ་དང་དྲུང་ཡིག་གཅིག་ལྕོགས་དགྲ་ལྷ་ལགས་ལོ་ཆུང་ཆུང་ཡིན་པས་ད་ལྟ་ནད་པ་ཚབས་ཆེན་ཆགས་མེད་སྲིད་སྐོར་དང་། སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་ཀྱི་སྐུ་གཟུགས་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཁ་གསལ་མེད་སྐོར་བརྗོད་བྱུང་།

གསར་འགོད་པས་ད་ལྟའི་ཆར་བྲག་མགོ་དགོན་པའི་གནས་སྟངས་གང་འདྲ་ཡོད་དྲིས་པར་ཁོང་གིས། དེ་སྔོན་རྒྱ་ནག་གཞུང་གིས་བྲག་མགོའི་སེར་སྐྱ་མི་མང་ལ་རྡུང་རྡེག་དང་འཛིན་བཟུང་བྱས་པ་དང་། བཙན་གྱིས་རྒྱའི་སློབ་གསོ་སྤྲོད་ཐབས་སོགས་བྱས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། ད་ལྟའི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ སྟེ་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཉིན། བྲག་མགོ་རུ་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་མི་མང་ནང་གང་བྱུང་མེ་མདས་བརྒྱབ་སྟེ་བོད་མི་ཁག་ཅིག་དམར་གསོད་དང་རྨས་སྐྱོན་བཟོས་ཡོད་པ་དང་། དེ་ནས་ཉིན་ཤས་རྗེས་ཁྲིན་ཏུའུ་ནས་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་དང་། བྲག་མགོ་དགོན་པའི་སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས། ཚོང་པ་འཕྲིན་ལས། རྩིས་པ་དགྲ་ལྷ། དེའི་རྗེས་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་བཅས་ཞི་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཟླ་བ་མང་པོར་གར་སོང་ཆ་མེད་དུ་གྱུར་རྗེས། ཁྱིམ་མི་དང་རང་དབང་ཁྲིམས་རྩོད་པ་སོགས་གང་མེད་པར་སྒོ་ཆེན་དགོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལ་ལོ་༧ དང་། ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)དང་། སློབ་དགེ་དགེ་བཤེས་ཚེ་དབང་རྣམ་རྒྱལ་དང་རྩིས་པ་དགྲ་ལྷ་གཉིས་ལ་ལོ་ ༦ རེ། དེ་བཞིན་དགོན་པའི་ཚོང་པ་འཕྲིན་ལས་ལ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནི། ཕྱི་ལོ་ ༡༩༦༥ ལོར་བྲག་མགོ་ནོར་བ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་སྐྱེས་ཤིང་། ཆུང་དུས་ས་གནས་སློབ་ཆུང་འགྲིམས་ཏེ་རྒྱ་ཡིག་དང་བོད་ཀྱི་སྐད་ཡིག་ཐོག་ལ་སློབ་སྦྱོང་གནང་རྗེས། བྲག་མགོ་དགོན་པའི་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། སྔ་ཕྱིར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་ཀྱི་མཚན་སྙན་བཞེས། ལོ་དེར་ཕྱིར་རང་ཡུལ་དུ་ཕེབས་ཏེ་བྲག་མགོ་དགོན་པའི་ཕྱི་ནང་གི་ལས་དོན་མང་པོ་ཞིག་ལ་འགན་བཞེས་ཡོད་པ་དང་། དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese