མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་རྭ་ཆུང་དགེ་འདུན་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་གྲྭ་རཱ་ཆུང་དགེ་འདུན་ལགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་མོ་བསྐུར་བའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

པར་བོད་ནས་མཁོ་སྤྲོད་གནང་།

འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། གྲྭ་རཱ་ཆུང་དགེ་འདུན་ལགས་ཕྱི་ལོ་ ༢༠༢༡ ཟླ་  ༤ ཚེས་ ༡ ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་རྗེས་ཡུན་རིང་གང་དུ་ཡོད་མེད་རྩད་གཅོད་ཐུབ་མེད་པ་དང་། ཟླ་ཤས་རྗེས་བདེ་འཚམ་ངང་ཡོད་པ་ཙམ་ཤེས་རྟོགས་བྱུང་བ་ལས་ད་བར་ནང་མི་དང་ཐུག་འཕྲད་ཐེངས་གཅིག་ཀྱང་བྱེད་དུ་བཅུག་མེད་པ་རེད་ལ། ན་ནིང་ནས་བཟུང་ཁོང་གི་ཁྱིམ་མི་ཚོས་ཁོང་གང་མགྱོགས་ཀློད་གྲོལ་གཏོང་བའི་རེ་བ་བྱེད་བཞིན་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་། རྒྱ་ནག་གཞུང་གིས་གྲྭ་རཱ་ཆུང་དགེ་འདུན་ལགས་ནས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་སྤུན་མཆེད་རྭ་ཆུང་ཐོགས་མེད་ལགས་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་ཕྱོགས་སུ་སྒོར་མོ་བསྐུར་བའི་ཉེས་མིང་འོག་དུས་ཡུན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་གསུང་དོན་ལྟར་ན། གྲྭ་རཱ་ཆུང་དགེ་འདུན་ལགས་ད་ལན་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པ་ཙམ་མིན་པར། ཕྱི་ལོ་ ༡༩༩༨ ཟླ་ ༥ པ་ནས་རྔ་བ་ཁུལ་དང་རྫོང་རིམ་པའི་ལས་བྱེད་རྣམས་རྔ་ཡུལ་ཀིརྟི་དགོན་དུ་ཡོང་སྟེ། མདོ་སྨད་རྔ་བའི་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཆེས་ཐོག་མར་སྤེལ་ཏེ། དགོན་པའི་སྒྲིག་ལམ་དང་སངས་རྒྱས་ཀྱི་བསྟན་པ་གཙང་སེལ་བྱེད་ཐབས་སུ། ཁྲིམས་འགལ་གྱི་རིགས་དགོན་པར་གནས་སྡོད་བྱེད་མི་ཆོག་ཟེར་བ་དང་། ལོ་ན་བཅོ་བརྒྱད་མ་ལོན་པའི་གྲྭ་ཆུང་རྣམས་དགོན་པ་ནས་འགྲོ་དགོས་པ། དེ་བཞིན་དགོན་པར་ཡོད་པའི་གྲྭ་པ་རྣམས་ཀྱིས་གྲྭ་པའི་ཕྱག་འཁྱེར་ཞིག་ངེས་པར་དུ་བཟོ་དགོས་པ། ཀིརྟི་དགོན་པར་གྲྭ་མང་ཁྱོན་ ༣༠༠༠ ལྷག་ཡོད་པ་ལས་དགོན་པར་གྲྭ་པ་ཆིག་སྟོང་ལྔ་བརྒྱ་མ་གཏོགས་སྡོད་མི་ཆོག་པ། ༧གོང་ས་མཆོག་གི་༧སྐུ་པར་སྒྲིག་བཤམས་མི་ཆོག་པ་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་བརྩི་མི་ཆོག་པ་སོགས་བཤད་དེ། དུས་ཡུན་རིང་ཐུང་སྣ་ཚོགས་པར་ཚོགས་འདུ་བསྐངས་ཏེ་དགེ་འདུན་པ་རྣམས་དགོན་པར་བཞུགས་བཟོད་མི་བདེ་བར་བཟོས་ཡོད།

དེར་བརྟེན། སྐབས་དེར་གྲྭ་པ་མང་པོས་ཚོགས་ཐོག་ཏུ་ཡར་ལངས་ནས་སྐད་འབོད་བརྒྱབ་པ་དང་། ཕྱི་ལོགས་སུ་འགྲོ་བ་སོགས་རྒྱ་གཞུང་གི་ལས་བྱེད་པའི་མདུན་ནས་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་། སྐབས་དེའི་རིང་ཞོགས་པ་ཕལ་ཆེ་བར་དགོན་པའི་གླིང་བར་དང་རྔ་བ་རྫོང་གི་ཁྲོམ་བར་སོགས་སུ་བོད་རང་བཙན་ཡིན་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བར་ངོ་རྒོལ། ཀིརྟི་དགོན་གྱི་འདུ་ཁང་གི་གཡས་གཡོན་དང་གླིང་དཀྱིལ་གྱི་གློག་ཐག རྔ་བ་རྫོང་གི་སྲང་མདོའི་གློག་ཐག་དང་གློག་ཤིང་གི་རྩེ་བཅས་གང་སར་བོད་ཀྱི་རྒྱལ་དར་ཐེངས་མང་པོར་བསྒྲེངས་པ་སོགས་ཀྱིས་སྐབས་དེའི་ལས་དོན་ལམ་ལྷོང་གཏན་ནས་མ་བྱུང་བར་བརྟེན། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་སླར་ཡང་རྔ་བ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་གི་ལས་བྱེད་ལྔ་བཅུ་ཙམ་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་གྱིས་སྤེལ་ནའང་། དེ་ཡང་ལམ་འགྲོ་ཡག་པོ་མ་བྱུང་བར་ཀིརྟི་དགོན་གྲོང་གཉིས་ཀྱི་ས་ཕྱོགས་གང་སར་ཡི་གེ་མང་པོ་སྦྱར་འགྲེམས་བྱས་པ་སོགས་ཀྱི་ངོ་རྒོལ་བྱས་པར་བརྟེན་ནས་གྲྭ་པ་གང་མང་ཞིག་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་རྭ་ཆུང་དགེ་འདུན་ལགས་ཀྱང་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་སོགས་ཕྱི་ལོ་ ༢༠༡༠ ལོར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་པར་འགྲེམས་བྱས་པ། <<མི་ཐོག་གསུམ་གྱི་རྨ་ཁ་>>ཞེས་པའི་དཔེ་དེབ་ནང་གསལ་པོར་འཁོད་ཡོད་འདུག

རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕ་འདས་པོ་རྭ་ཆུང་ཀུ་ཡེ་དང་མ་ནོར་པོ་གཉིས་ཀྱི་བུ་རྭ་ཆུང་དགེ་འདུན་ལགས་ཆུང་ངུའི་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་སྦྱོར་དགེ་ཨ་ཁུ་ཆོས་འཛིན་དང་ཨ་ཁུ་བློ་ཡེ་(རྭ་ཁོའི་བློ་བཟང་བསོད་ནམས།) དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་ཚུལ་བཞིན་དུ་བསྟེན་ནས་བསླབ་པ་སློབ་གཉེར་ལ་གཞོལ་ཏེ་དགོན་པའི་འདོན་ཆོས་སྤྱོད་ཀྱི་རིགས་བློ་འཛིན་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྣམ་འགྲེལ་རྩ་བ། དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ། པཎ་ཆེན་ཕར་ཕྱིན་སྤྱི་དོན་སྐབས་དང་པོ་སོགས་བློ་འཛིན་གྱིས་དགོན་པའི་འདུ་ཚོགས་ལས་སྣེའི་མདུན་ནས་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་པོད་ལྔ་གར་འཆད་ཉན་གྱིས་སྦྱངས་པ་མཐར་ཕྱིན་བྱས་པར་མ་ཟད། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཞིས་ཀྱི་ཀིརྟི་དགོན་ཁག་རྣམས་ཀྱི་འཆད་ཉན་སློབ་གཉེར་གཅིག་གྱུར་མཛད་སྟངས་ཀྱི་ལམ་སྟོན་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་སྩལ་བའི་དགོངས་དོན་བཞིན། ཕྱི་ལོ་ ༢༠༡༧ ནས་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་ཡོད།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༧ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese