མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་ཚད་རིམ་ ༦.༣ ཅན་གྱི་ས་ཡོམ་བརྒྱབ་འདུག 

བོད་ཀྱི་དུས་བབ།
༢༠༢༢/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་མཚན་གུང་ཡོལ་ནས་ཆུ་ཚོད་ ༢ མ་ཟིན་ཙམ་ལ་བལ་ཡུལ་གྱི་ཏོ་ཐི་རྫོང་(Doti district)ཞེས་པའི་ནང་དུ་ཚད་རིམ་ ༦.༣ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༦ རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་ ༥ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

བལ་ཡུལ་ཏོ་ཐི་རྫོང་ཁོངས་སུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག ༢༠༢༢།༡༠།༩ photo:ANI

ཐེངས་འདིའི་ས་ཡོམ་གྱི་གནོད་འཚེ་ཐེབས་སའི་ས་ཁུལ་གཙོ་བོ་ནི་ཏོ་ཐི་རྫོང་ཁོངས་ཀྱི་ཀཱབ་ཏཱ་ཌ་རྒྱལ་ཡོངས་གླིང་ཀ་(Khaptad National Park )ཁུལ་ཡིན་འདུག་ལ། མི་མང་ལ་གནོད་འཚེ་དང་སྡོད་ཁང་མང་པོར་གཏོར་སྐྱོན་བྱུང་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་དང་། ཨུ་ཏར་ཁན་ཌི་མངའ་སྡེ་སོགས་ཀྱི་ས་ཁུལ་ཁག་ཅིག་ནང་དུའང་ཤུགས་རྐྱེན་བསླེབས་ཡོད་འདུག

བལ་ཡུལ་ཏོ་ཐི་རྫོང་དཔོན་ཁཱལ་པཱ་ནཱ་ཤྲི་སི་ཐཱ་(Kalpana Shrestha)ལགས་ཀྱིས། ད་ལྟའི་ཆར་མི་གྲངས་ ༦ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༥ ་ལྷག་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་མ་ཟད། ས་ཡོམ་ཤུགས་ཆེན་བརྒྱབ་པའི་རྐྱེན་གྱིས་ས་གནས་མང་པོར་ས་རུད་བྱུང་སྟེ་གཞུང་ལམ་དང་། སྡོད་ཁང་སོགས་ལ་གཏོར་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག

བལ་ཡུལ་སྲིད་བློན་ཤྲ་བྷ་ཧཱ་དུར་ཌུ་བྷ(Sher Bahadur Deuba)ལགས་ཀྱིས་སྒེར་གྱི་ཊི་ཝེ་ཊུར་སྟེང་དུ། ཐེངས་འདིའི་ས་ཡོམ་ཁྲོད་དུ་རྐྱེན་འདས་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ཁྱིམ་མི་ཚང་མར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་། གནོད་འཚེ་བྱུང་སའི་ས་ཁུལ་དུ་མགྱོགས་མྱུར་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་བལ་ཡུལ་དམག་མིའི་མགྲིན་ཚབ་པ་ནཱ་རཱ་ཡཱན་སིལ་ཝལ་( Narayan Silwal)ལགས་ཀྱིས་བལ་ཡུལ་དམག་མིའི་ཐད་འཕུར་གནམ་གྲུ་གཉིས་ཀྱིས་ས་ཡོམ་བརྒྱབ་སའི་ཉེ་འགྲམ་སུར་ཁི་ཐི་(Surkhet )དང་ནེ་པལ་གུ་ཇི་(Nepalgunj)གྲོང་གསེབ་ཏུ་མྱུར་སྐྱོབ་བྱེད་མུས་ཡིན་སྐོར་བརྗོད་འདུག

མདང་དགོང་བལ་ཡུལ་དུ་བྱུང་བའི་ས་ཡོམ་ཚད་རིམ་དང་བྱུང་ཐེངས་སོགས་ཀྱི་གནས་ཚུལ་ཐད་མི་འདྲ་བ་ཅུང་ཙམ་ཡོང་གི་འདུག་ཀྱང་། བལ་ཡུལ་ས་ཡོམ་བརྟག་དཔྱད་ཁང་གིས་ཐེངས་འདིའི་ས་ཡོམ་ཚད་རིམ་མཐོ་ཤོས་ ༦.༦ དང་། ཁ་སང་དགོང་མོའི་ཆུ་ཚོད་ ༨:༥༢ ཐོག་ཚད་རིམ་ ༤.༩ ཅན་ཞིག་བརྒྱབ་ཡོད་སྐོར་བསྒྲགས་འདུག

བལ་ཡུལ་དུ་ས་ཡོམ་བསྟུད་མར་འབྱུང་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཀ་ཐ་མན་ཌུ་རུ་ཚད་རིམ་ ༦ ཅན་གྱི་ས་ཡོམ་ཞིག་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཚད་རིམ་ ༧.༨ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས་ ༩༠༠༠ ཙམ་རྐྱེན་འདས་དང་། མི་གྲངས་ ༢༢༠༠༠ ལ་རྨས་སྐྱོན་ཕོག་པ་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་བྱུང་ཡོད་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese