མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབྲི་གུང་༧སྐྱབས་མགོན་མཆོག་དབུ་བཞུགས་ཐོག་ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་གཉིས་པ་འཚོགས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

འབྲི་གུང་༧སྐྱབས་མགོན་མཆོག་ནས་ཐའེ་ཝན་ནང་གནས་སྡོད་བོད་རིགས་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུར་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་བོད་སྐད་ཡིག་ཡག་པོ་བསླབ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གྱི་བླང་དོར་བཀའ་སློབ་གནང་འདུག

འབྲི་གུང་༧སྐྱབས་མགོན་མཆོག་དབུ་བཞུགས་ཐོག་ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་འཚོགས། ༢༠༢༢།༡༡།༡༣ ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སྐུ་པར།

ཁ་སང་ཕྱི་ཚེས་ ༡༣ ཉིན་ཐའེ་སྡོད་བོད་རིགས་ཚོགས་པ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཐུན་མོང་གིས་གསོལ་བ་བཏབ་པ་བཞིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧འབྲི་གུང་སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་བཙུན་མ་སོགས་དང་། ཐའེ་སྡོད་བོད་རིགས་མི་མང་བཅས་མི་གྲངས་ ༣༠༠ ལ་ཉེ་བ་མཉམ་འཛོམས་ཀྱིས་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་གཉིས་པ་དེ་ཉིད་ཐའེ་པའེ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་འཚོགས་གནང་ཡོད་པ་དང་། ཉིན་དེའི་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ། དགེ་འདུན་པ་དང་མི་མང་ཡོངས་རྫོགས་འཚོགས་ཡུལ་དུ་འཛོམས་རྗེས། སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་༧འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་ཅིང་། སྟོན་མཆོག་ཐུབ་པའི་དབང་པོ་དང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྤྱན་སྔར་མཇལ་དར་དང་སྣང་གསལ་མར་མེའི་ཞལ་འབྱེད་གནང་གྲུབ་རྗེས། འདུས་ཚོགས་ཐུན་མོང་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་འབུམ་ཚོགས་ཀྱི་ཆོ་ག་དངོས་སུ་དབུ་འཛུགས་ཞུས།

འབྲི་གུང་༧སྐྱབས་མགོན་མཆོག་དབུ་བཞུགས་ཐོག་ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་འཚོགས། ༢༠༢༢།༡༡།༡༣ ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་པར།
དད་ལྡན་དོན་གཉེར་ཅན་རྣམས་ལ་རིན་པོ་ཆེ་མཆོག་ནས་བླང་དོར་གྱི་བཀའ་སློབ་སྩལ་སྐབས། ད་ལྟའི་ཆར་ས་ཆ་གང་དུ་ཡིན་ཡང་བོད་པ་འདི་གྲངས་ཉུང་མི་རིགས་ལྟ་བུ་ཆགས་ཡོད་ན་ཡང་། དོན་ལ་མི་རིགས་ཤིག་གི་སྲོག་རྩ་ནི་རིག་གཞུང་ཡིན་པ་དང་། རིག་གཞུང་གི་རྩ་བ་སྐད་ཡིག་ཡིན་པ། ནང་པའི་གཞུང་ལུགས་ཚང་མ་བོད་ཡིག་གི་ནང་དུ་ཡོད་པ་ལྟ་བུ་གཞན་ལ་མེད་པས་གལ་ཆེན་ཡིན་ཚུལ་དང་། ཁྱད་པར་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོས་སོ་སོའི་ཕྲུ་གུ་དག་ལ་བོད་ཀྱི་སྐད་ཡིག་སྦྱོང་ས་གཙོ་བོ་སྟེ། ཕ་མ་ཚོས་རང་གི་ཕྲུ་གུར་ནང་ནས་བོད་སྐད་བོད་ཡིག དེ་བཞིན་ཕྱག་དང་མཆོད་པ་འབུལ་སྟངས། གྱོན་པ་ཚུལ་བཞིན་གྱོན་སྟངས། ཞེ་ས་དང་གུས་ཞབས་ཀྱི་འགྲོ་སྟངས་ཚུན་ཆད་གང་ནུས་སློབ་དགོས་པ་དང་། དེ་དག་གི་ནང་ནས་གཙོ་བོ་སྐད་ཡིག་ཡག་པོ་བསླབ་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས།

ཡང་རིན་པོ་ཆེ་མཆོག་ནས་ཕྱི་རྒྱལ་བ་དག་གིས་ཕྲུ་གུ་ལོ་ལྔ་དྲུག་ཅན་དེ་འདྲ་ཕྱི་ལོགས་སུ་ནང་མི་དང་མཉམ་དུ་གླིང་ཀ་གཏོང་བ་སོགས་སུ་འཁྲིད་སྐབས་བཟའ་བཏུང་གྱོན་པ་སོགས་ཕྲན་ཚེགས་དག་ཕྲུ་གུ་རང་གིས་ཁུར་གྱི་ཡོད་ན་ཡང་། བོད་པའི་ཕྲུ་གུ་དག་མང་ཆེ་བ་ཕ་མས་ཁུར་ནས་ལས་ཀར་མི་སྐུལ་བར་ཕ་མ་རང་གིས་ལས་ཀ་ཡོད་ཚད་བྱེད་འགྲོ་བའི་གོམས་གཤིས་དེ་འདྲ་འདུག དེའང་སྤྱིར་བཏང་ཕྲུ་གུར་བྱམས་པོ་བྱས་པ་ཡིན་པའི་ཁུར་རེད་དེ། ཕྲུ་གུ་མཚར་ལོངས་ཡོང་བར་ཕ་མས་ཕྲུ་གུ་མང་ཙམ་མཉམ་ཞུགས་དང་རང་མགོ་ཐོན་པ་ཡོང་ཐབས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་དང་། བོད་པ་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པ་གལ་ཆེན་ཡིན་པ་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་སྩལ།

ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་འཚོགས་སྐབས་བྱིས་པ་ཚོས་ཐག་འཐེན་རྩེད་མོ་རྩེས་པ། ༢༠༢༢།༡༡།༡༣ ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་པར།
དེ་བཞིན་གོ་སྒྲིག་པའི་ངོས་ནས་འབུམ་ཚོགས་སུ་ཞུགས་པའི་ན་གཞོན་ལོ་བཅུ་དྲུག་མན་ཆད་ཉི་ཤུ་རྩ་གྲངས་ཡིན་པ་དག་ལ་རང་གི་ཆོས་དང་རིག་གཞུང་དང་འབྲེལ་བའི་བྱེད་སྒོར་མཉམ་ཞུགས་ཀྱི་མྱོང་ཚོར་དང་བག་ཆགས་གང་ལེགས་འཇོག་པའི་ཆེད་དུ། ཀ་ཁ་འབྲི་ཀློག་དང་། བོད་ཆས་ཚད་ལྡན་གྱོན་མཁན། དེ་བཞིན་སྲོལ་རྒྱུན་ཐག་འཐེན་རྩེད་མོ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་ཅིང་། བོད་ཆས་སྤུས་ལེགས་གྱོན་མཁན་དག་ལ་ཐའེ་ཝན་སྒོར་མོ་ཉིས་སྟོང་གི་དམིགས་བསལ་ལག་རྟགས་སོགས་ཀྱིས་མཚོན་པའི་ཨང་རིམ་ལ་ལྟོས་པའི་བྱ་དགའ་དང་། ཐུན་མོང་ལ་ལག་རྟགས་ཀྱི་བརྔན་པ་སྤྲད་གནང་ཡོད་འདུག
ཕྱི་དྲོར་མུ་མཐུད།  ༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་དབུས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྟན་པ་དང་། བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བ། ནད་ཡམས་དང་དམག་འཁྲུག་སོགས་ཀྱི་གནོད་འཚེ་སེལ་བ་བཅས་ཀྱི་ཆེད་དུ་གུ་རུའི་ཚོགས་འབུམ་གྱི་ཆོ་ག་ཚད་འགྲོ་གནད་སྨིན་བཅས་མཛད། གོ་སྒྲིག་ཚོགས་པ་འདི་ནི་ཐའེ་ཝན་གྱི་རྒྱ་རིགས་སོགས་གཙོ་བོར་བྱས་པ་ཞིག་མིན་པར་བོད་པ་རང་གི་མི་མང་དང་རྒན་དར་གཞོན་གསུམ་མཉམ་དུ་འཛོམས་ནས་ནང་ཁུལ་ཆོས་དང་རིག་གཞུང་གི་འཚོ་བར་ལོངས་སུ་སྤྱོད་པའི་དུས་སྟོན་ལྟ་བུ་ཞིག་གི་ངོ་བོར་གོ་སྒྲིག་ཞུས་པ་ཞིག་རེད།
གསར་འགྱུར་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist