མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་མཚོ་སྔོན་ནང་ཏོག་ནད་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་ཚ་འདེད་བྱས་ཏེ་མི་མང་གི་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་སྟངས་འོག་བོད་མི་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་ཡོད་འདུག

པར། བོད་ནས་འདི་གར་མཁོ་སྤྲོད་བྱས།

ད་ལྟའི་ཆར་བོད་ཀྱི་ཟི་ལིང་གྲོང་ཁྱེར་གཙོ་བྱས་པའི་མཚོ་སྔོན་ཕྱོགས་སུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་བསྟར་ཚ་འདེད་བྱས་ཏེ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་གཞུང་ཉེན་རྟོག་པས་བོད་མི་ཞོར་ལས་པ་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་ཏེ། ད་ལྟའང་གར་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།

གནས་ཚུལ་མཁོ་སྤྲོད་པས། བོད་མི་གཞོན་སྐྱེས་དེ་གཉིས་ཀྱི་ཕ་ཡུལ་མེན་ཧོ་ནས་རེད། ཆབ་ཆ་ལུང་ཡ་ཞང་དུ་ཞོར་ལས་ལ་སོང་བ་རེད། ཏོག་དབྱིབས་ཀྱི་བཀག་རྒྱའི་འོག་ས་ཁུལ་དེར་ལུས་པ་དང་ལས་ཀ་མེད་སྟབས། ཟ་རྒྱུ་འཐུང་རྒྱུ་མེད་པའི་དཀའ་ངལ་འཕྲད་པ་རེད། ལས་ཀ་བྱེད་སའི་སྦྱིན་བདག་གིས་སྒོར་མོ་སྐར་གང་ཡང་སྤྲད་མེད་པ་རེད། དེ་བས་ཁོ་གཉིས་རྐང་ཐང་ཕྱིར་ཕ་ཡུལ་ལ་བྲོས་པའི་ལམ་བར་ནས། དཔའ་ལུང་རྫོང་ཁོངས་ཀྱི་གཤོང་ཞན་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཅེས་དང་། ཁོ་གཉིས་འཛིན་བཟུང་བྱེད་དོན་ནི་ཏོག་དབྱིབས་གཉན་རིམས་གཙང་སེལ་ཟེར་བའི་སྲིད་ཇུས་དང་འགལ་ཡོད་སྐོར་ཙམ་རྒྱུ་མཚན་གཞན་མེད་ཀྱང་འཛིན་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་བྱེད་དགོས་དོན་མེད་སྐོར་དང་། བོད་མི་གཞོན་སྐྱེས་གཉིས་ཀྱི་མིང་དང་ལོ་རྒྱུས་སོགས་བདེ་འཇགས་ཀྱི་ཆེད་དུ་མིང་འདོན་མི་བྱེད་པའི་འབོད་སྐུལ་སོགས་ཀྱང་ཞུས་སོང་།

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཟི་ལིང་གྲོང་ཁྱེར་ནང་ཏོག་ནད་འགོས་ཁྱབ་བྱུང་བའི་མི་གྲངས་གསར་བ་ ༣༡༢ ཡོད་པ་གསལ་བསྒྲགས་བྱས་འདུག་ཀྱང་། དོན་དངོས་ཐོག་ཟི་ལིང་གྲོང་ཁྱེར་ནང་ཉིན་རེར་ཏོག་ནད་འགོས་མཁན་གྱི་ནད་པ་གསར་པ་ ༧༠༠ ནས་ ༡༠༠༠ ལྷག་ཡོད་པ་དང་། མི་མང་གི་ཉིན་རེའི་འཚོ་བའི་དགོས་མཁོ་སོགས་ཀྱི་ཐད་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་བཅད་བགོ་བྱས་པའི་མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་སུ་ཏོག་ནད་གཙང་སེལ་གྱི་སྲིད་ཇུས་འོག་ཁྱིམ་སྡོད་བཀག་རྒྱ་དམ་པོར་བསྡམས་ནས། མཚོ་སྔོན་གྱི་གྲོང་གསེབ་ནས་གྲོང་གསེབ་བར་ཉེན་རྟོག་རླངས་འཁོར་ཉིན་དང་མཚན་བྱས་ནས་ཐེངས་གཉིས་གསུམ་རིང་ལྟ་རྟོག་བྱེད་དུ་ཡོང་གི་ཡོད་ཅིང་། ཟི་ལིང་གྲོང་ཁྱེར་གཙོ་བྱས་པའི་མཚོ་སྔོན་ནང་ཏང་གི་ཚོགས་ཆེན་ཉི་ཤུ་བ་ཟེར་བ་མ་འཚོགས་གོང་ཙམ་ནས་ཏོག་དབྱིབས་ཁྱབ་གདལ་བྱུང་མགོ་བཙུགས་ཡོད་ཀྱང་། ཞིང་ཆེན་གཞུང་གི་མགོ་འཁྲིད་ཚོས་གསང་བ་བྱས་བཞག་ཡོད་པ་དང་ཚོགས་ཆེན་མཇུག་བསྒྲིལ་རྗེས། གཞི་ནས་གློ་བུར་དུ་མི་མང་གི་འགྲོ་བསྐྱོད་ལ་བཀག་རྒྱ་བསྡམས་ཡོད་སྐོར་ཡང་བརྗོད་བྱུང་།

མཚོ་སྔོན་ནང་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་ཁྱིམ་མཚེས་ཀན་ལྷོ་དང་སི་ཁྲོན་ཞིང་ཆེན་སོགས་ཀྱི་ས་གནས་ཁག་ཅིག་ནང་བཀག་སྡོམ་བྱས་ཡོད་པ་རེད་ལ། ད་སྔ་བར་མཚོ་སྔོན་ནང་ནད་རྟགས་ཐོན་པའི་ནད་པ་ཁྱོན་ ༣༣༠ དང་དྲག་བསྐྱེད་བྱུང་བ་ ༢༨༥ ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་བརྗོད་འདུག འོན་ཀྱང་། ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བྱས་པའི་དབུས་གཙང་ཁུལ་དུ་ཏོག་ནད་རྐྱེན་གྱིས་ཟླ་གསུམ་མ་ཟིན་ཙམ་གྱི་རིང་འགྲོ་སྐྱོད་བཀག་རྒྱ་བསྡམས་ཏེ། བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་སུ་ནད་པ་གྲངས་ ༡༤༧༩ དང་དྲག་བསྐྱེད་བྱུང་བ་ ༡༤༥༥།  རྐྱེན་འདས་སུ་ཕྱིན་པ་མི་གཅིག་ཀྱང་མེད་སྐོར་རྒྱ་ནག་གིས་བསྒྲགས་འདུག་མོད། འོན་ཀྱང་། འདི་གའི་གསར་འགོད་པར་ལྷ་སར་གནས་བཞུགས་བོད་མི་ཞིག་གིས་བརྗོད་དོན་ལ། ལྷ་ས་གྲོང་ཁྱེར་གཅིག་པུའི་ནང་ཁྱོན་བསྡོམས་མི་གྲངས་ས་ཡ་ ༦༠ ལྷག་ཡོད་པ་ལས་ཏོག་ནད་འགོས་པ་མི་གྲངས་ཁྲི་ ༣༥ ལྷག་ཡོད་པ་དང་ཉུང་མཐར་མི་ ༡༠ ཡས་མས་རང་ཤི་བརྒྱབ་པ་དང་རྐྱེན་འདས་ཕྱིན་ཡོད་སྐོར་བརྗོད་བྱུང་།

ང་ཚོའི་ནང་མིའི་གྲས་སུ་རྒས་འཁོགས་དང་བྱིས་པ་ཡོད་ཀྱང་། ཁོ་ཚོར་ཏོག་དབྱིབས་ནད་རྟགས་མེད་བཞིན་དུ་བཙན་གྱིས་བཀག་སྡོམ་ཁང་དུ་འཁྲིད་པ་རེད། ང་ཚོ་ལོ་གཞོན་རྣམས་བཀག་སྡོམ་ཁང་དུ་ཕྱིན་ན་འགྲིག་གི་འདུག དེ་མིན་རྒན་པ་དང་བྱིས་པ་རྣམས་སོ་སོའི་ནང་ནས་སྡོད་དུ་འཇུག་རོགས་ཞེས་ཞུ་བ་ཡང་ཡང་བྱས་པ་ཡིན་ཏེ་ངོས་ལེན་བྱས་མ་སོང་། ང་ཚོའི་ནང་མིའི་གྲས་ནས་མི་གཅིག་ལ་ནད་རྟགས་ཐོན་པ་རེད། དངོས་གནས་བྱས་ན་སོ་སོའི་ནང་ལ་ཁང་པ་ལོགས་ཁ་བྱས་ནས་སྡོད་ས་ཡོད་པ་རེད། འོན་ཀྱང་། ང་ཚོ་ཚང་མ་འཁྲིད་པ་མ་ཟད། ང་ཚོའི་ནང་མི་རྣམས་ཀྱང་བཀག་སྡོམ་ཁང་ལོགས་ཁར་བཅུག་པ་རེད། ང་ཚོ་ནང་བཞིན་ལྷ་སའི་བོད་མིའི་ཁྱིམ་ཚང་ཚང་མ་འཁྲིད་ནས་ཕྱིན་པ་རེད། དངོས་འབྲེལ་བྱས་ན་ཁོ་ཚོས་ལུས་གཞི་མི་བདེ་བའི་རྒས་འཁོགས་དང་བྱིས་པ་རྣམས་གསོན་གསོད་བྱེད་པར་འཁྲིད་པ་རེད། ཅེས་དང་། ཁོ་ཚོ་བཀག་སྡོམ་ཁང་དུ་འཇུག་དོན་ཅི་ཡིན་ཐད་དོགས་པ་དང་རྒྱབ་ལྗོངས་གནས་ཚུལ་གཞན་ཞིག་ཡོད་སྲིད་སྐོར་ལྷ་སར་གནས་བཞུགས་པ་ཁོང་གིས་འདི་གར་འགྲེལ་བརྗོད་གནང་བྱུང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese