མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་མགོ་འཁྲིད་ཅིག་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པའི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟེར་བ་དང་འགལ་ཡོད་པའི་ཉེས་མིང་འོག་བོད་རིགས་ལས་བྱེད་ཉི་བརྟན་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཉིང་ཁྲིའི་ས་ཁུལ་གྱི་རྫ་ཡུལ་རྫོང་གི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འགན་འཛིན་ཉི་བརྟན་གྱིས། ལས་ཀའི་སྟབས་བདེ་སྤྱད་ནས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དོ་དམ་དང་ཚོད་འཛིན་སོགས་ཀྱི་མ་དངུལ་ལྐོག་ཟ་བྱས་ཏེ། རྒྱ་དམར་ཤོག་ཚོགས་པའི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟེར་བ་དང་འགལ་ཡོད་པས། དམར་ཤོག་དང་གོ་གནས་ནས་ཕྱིར་ཕུད་བཏང་བའི་ནག་ཉེས་བསྒྲགས་འདུག

དེ་འབྲེལ་གནས་ཚུལ་ནང་། ཉི་བརྟན་གྱིས་སྒྲིག་འགལ་ངང་ཕོགས་སྣོན་དང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་སྐྱེས་དངུལ་བླངས་པ། རྒྱ་ནག་གི་ཁྲིམས་སྲོལ་ལས་འགལ་ཏེ་དངུལ་མཛོད་ཁང་ཆུང་ངུ་བཙུགས་ཏེ་བེད་སྤྱོད་བྱས་པ་དང་། སྡེ་ཚན་གྱི་གཞུང་དངུལ་བཀོལ་བ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་ཁྲིམས་འགལ་ངང་ལྐོག་ཟ་བྱས་ཡོད་སྟབས། སྒྲིག་ཁྲིམས་ཞིབ་དཔྱོད་ཁང་གི་ཐག་གཅོད་གཞིར་བཟུང་། ཉི་བརྟན་དམར་ཤོག་ཚོགས་པ་དང་ལས་གནས་ནས་ཕྱིར་ཕུད་དང་ད་སྔ་བར་གྱོད་གཞི་ཁག་དང་འབྲེལ་བའི་རྒྱུ་ནོར་ཕྱིར་རྩིས་སྤྲོད་དང་མཉམ་དུ་སྐྱེལ་ཀའང་སྤྲོད་དགོས་པའི་ཉེས་ཆད་བཏང་ཡོད་སྐོར་བསྒྲགས་འདུག

དམར་ཤོག་ཚོགས་པའི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟེར་བའི་ནང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱིལ་གཏིང་ཟབ་བྱེད་པ་དང་། སྤྱོད་གཙང་རང་གཅུན་གྱི་གཏན་འབེབ་ཁག་ལག་བསྟར་ནན་པོ་བྱེད་པ། མུ་མཐུད་སྤྱོད་ཚུལ་ངན་པ་བཞིར་ངོ་རྒོལ་གཏིང་ཟབ་བྱེད་པ། ནན་པོ་མེད་པ་དང་དྲང་པོ་མེད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་རྩ་འཛིན་ཞེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། ཏང་ཡོན་ལས་བྱེད་པས་རང་རྟོག་ངང་སྤྱོད་གཙང་རང་གཅུན་ཐོག་ཚད་གཞི་མཐོན་པོ་བརྩོན་ལེན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སྲུང་བའི་ཐད་སྒྲིག་འགལ་གྱི་དམར་ཐིག་ལས་མི་བརྒལ་བ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཏང་ཡོན་ལས་བྱེད་པ་པས་གཙང་བཀུར་རུལ་འགོག་ཀྱི་སྣེ་མང་ཙམ་ཁྲིད་པ། ཁྱིམ་སྲོལ་ཡག་པོ་འཛུགས་པ། དུས་ཆེན་གྱི་རུལ་སུངས་མཐའ་གཅིག་ཏུ་བཀག་འགོག་བཅས་བྱ་དགོས། ཞེས་བཀོད་འདུག

ཏང་ཡོན་ལས་བྱེད་པས་ལོ་གསར་སྐབས་བྱེད་མི་ཆོག་པ་བརྒྱད་ནི། གཅིག སྒྲིག་སྲོལ་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་བཟའ་བཏུང་དང་། ཡུལ་སྐོར། མཐོ་རིམ་འཛད་སྤྱོད་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་གཏན་ནས་མི་ཆོག་པ་དང་། གཉིས། གཞུང་དངུལ་སྤྱད་ནས་ལོ་གསར་རྟེན་འབྲེལ་གཱ་ཤོག་དང་ཤོག་སྦག་སོགས་ལོ་ཟོག་གཏན་ནས་ཉོས་མི་ཆོག་པ། གསུམ། གཞུང་དངུལ་སྤྱད་ནས་སྣེ་ལེན་འཚམས་འདྲི་དང་ཡུལ་སྐོར་སོགས་གཞུང་དོན་མ་ཡིན་པའི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག་པ། བཞི།གཞུང་འཁོར་སྒེར་སྤྱོད་དམ་ཡང་སྒེར་འཁོར་གཞུང་གསོའི་རིགས་གཏན་ནས་བྱས་མི་ཆོག་པ། སྒྲིག་སྲོལ་ལས་འགལ་ནས་ལག་རྟགས་དངོས་པོ་དང་། དངུལ། འཛད་སྤྱོད་གཱ་ཤོག་སོགས་གཏན་ནས་ལེན་མི་ཆོག་པ། དྲུག སྒེར་གྱི་སྤྲོ་རྩེད་འདུ་ཁང་ནང་གཏན་ནས་འཛུལ་མི་ཆོག་པ། བདུན། སྒྲིག་སྲོལ་ལས་འགལ་བའི་ཐོག་ནས་གཉེན་སྟོན་དང་འདས་མཆོད་སོགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་ཐབས་གཏན་ནས་བྱས་མི་ཆོག་པ། བརྒྱད། ཡུལ་གྲོགས་འདུ་ཚོགས་དང་། སློབ་གྲོགས་འདུ་ཚོགས། འཐབ་གྲོགས་འདུ་ཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་བཅས་རེད་འདུག

འདས་ལོའི་ཕྱི་ཟླ་ ༥ ནང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྩིས་པ་བཀྲ་ཤིས་ནོར་བུ་ཡིས། རྒྱ་སྒོར་ཁྲི་ ༦༢༠ ཙམ་ཧམ་བཟུང་བྱས་པའི་ནག་ཉེས་འོག བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བོད་རིགས་མགོ་ཁྲིད་བཀྲ་ཤིས་ནོར་བུར་ལོ་ ༡༢ བཙོན་འཇུག་ཁྲིམས་ཐག་དང་། རྒྱ་སྒོར་ཁྲི་ ༡༨༠ ཆད་པ་བཅད་ཡོད་སྐོར་བསྒྲགས། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་རྒྱ་ནག་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཇུག་བསྒྲིལ་རྗེས། བོད་རང་ལྗོངས་ཟེར་བའི་ནང་རྒྱ་རིགས་མགོ་འཁྲིད་ཇེ་མང་དུ་བཏང་སྟེ་བོད་རིགས་མགོ་འཁྲིད་ཀྱི་གྲངས་འབོར་ཧ་ཅང་ཉུང་དུ་བཏང་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese