མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ནན་སི་པེ་ལོ་སི་མཆོག་ནས་བསྐྱར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོར་བཞེངས་རྒྱུ་མིན་པའི་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་ནས་ཁོང་མོ་བསྐྱར་དུ་ཚོགས་གཙོར་བཞེངས་རྒྱུ་མིན་པའི་གསལ་བསྒྲགས་གནང་བ་དང་འབྲེལ་མི་རབས་གསར་པས་ཚོགས་པའི་སྣེ་འཁྲིད་རྒྱུར་དགའ་བསུ་ཡོད་སྐོར་གསུངས་འདུག

House Chamber of the U.S. Capitol in Washington U.S. November 17 2022.REUTERS

ཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་ནས་ཁོང་མོ་ཚོགས་གཙོར་བསྐྱར་དུ་བཞེངས་རྒྱུ་མིན་ཡང་། སན་ཧྥ་རན་སི་ཀོའི་གྲོས་ཚོགས་འཐུས་མིའི་ཐུགས་འགན་སྔར་བཞིན་བཞེས་རྒྱུ་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག་ལ། གསལ་བསྒྲགས་ནང་ལྕམ་སྐུ་མཆོག་གིས། ངས་སྐབས་རྗེས་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་བསྐྱར་འདེམས་ནང་དུ་འབད་བརྩོན་བྱ་རྒྱུ་མིན། ངའི་ངོས་ནས་སྐབས་རྗེས་མར་མི་རབས་གསར་པའི་དབུ་ཁྲིད་ཅིག་ཡོང་བར་སེམས་གཏིང་ནས་གུས་བཀུར་བྱ་རྒྱུ་ཡིན། རླབས་ཆེ་བའི་འོས་འགན་འདི་མི་མང་པོའི་ཕྲག་ཏུ་ལེན་པའི་སྙིང་སྟོབས་དང་སྟ་གོན་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེའི་ཐད་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས། ལྕམ་སྐུ་ནན་སི་པེ་ལོ་སིའི་སྐོར་ལ་བསམ་བློ་གཏོང་སྐབས་གཟི་བརྗིད་ལྡན་པ་ཞིག་མཐོང་གི་འདུག་ལ། ལོ་རྒྱུས་ཀྱིས་ཁོང་མོའི་གལ་གནད་ཆེ་བའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་གྲུབ་འབྲས་རྣམས་ཟིན་ཐོ་རུ་འགོད་ངེས་རེད་ལ། ཁོང་མོ་ཐོག་མཐའ་བར་གསུམ་དུ་མི་མང་གི་ཆེད་དུ་བཞེངས་ཡོད། ཅེས་དང་། ཁོང་མོའི་ཞབས་ཞུ་དང་རྒྱལ་ཞེན། ལ་རྒྱ་བཅས་ལ་ཨ་རི་བས་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་སྐོར་སོགས་གསུངས་འདུག

ཨ་རིའི་སྲིད་གཞུང་གསར་པའི་ལས་ཡུན་ཕྱེད་ཀའི་འོས་བསྡུའི་ཁྲོད་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་ཞབས་བཀྱག་ ༦ ཙམ་གྱིས་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་རེད། ལྕམ་ནན་སི་མཆོག་གིས་ཚོགས་གཙོ་ནས་རྩ་དགོངས་ཞུ་རྒྱུ་ཡིན་པའི་གནས་ཚུལ་དེའི་ཐད་གླེང་སློང་གང་ཙམ་ཡོང་གི་ཡོད་པའི་ཁྲོད་དུ། ཟླ་གཅིག་གི་སྔོན་དུ་ཁོང་མོའོི་ཁྱིམ་དུ་ཕྱི་མི་ཞིག་འཛུལ་ཏེ་ཁོང་མོ་གང་དུ་ཡོད་མེད་འདྲི་རྩད་བྱས་ཡོད་པ་མ་ཟད། སྐུ་ཟླ་པཱལ་པི་པོ་སི་(Paul Pelosi )ལགས་ལ་ཐོ་བས་གཞུས་ཏེ་རྨས་སྐྱོན་བཟོས་པའི་གནད་དོན་གྱི་རྐྱེན་སོགས་ཀྱིས་ཡིན་སྲིད་སྐོར་བརྗོད་ཀྱི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་དམངས་གཙོ་ཚོགས་པའི་ཚོགས་གཙོའི་འོས་མི་འདེམས་སྒྲུག་བྱ་འཆར་ཡོད་འདུག་ལ། ཚོགས་གཙོའི་འོས་མིར་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན་པ་ལྕམ་ཁཱ་ཐེ་རི་ཁི་ལཱར་ཀི(katherie clark)ལགས་དང་། དམངས་གཙོ་ཚོགས་པའི་ཐབས་ཇུས་ཚོགས་ཆུང་གི་ཚོགས་གཙོ་ཧཱ་ཁེམ་ཇེ་ཧྥེ་རི་སི་(Hakeem Jeffries)ལགས་དང་ཐབས་ཇུས་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་པེ་ཌེར་ཨ་གྷ་ལཱར་(peter Aguilar)ལགས་བཅས་མིང་འདོན་གནང་གི་ཡོད་འདུག་ལ། ད་ལྟའི་ཆར་རེ་བ་ཆེ་ཤོས་དེ་སྐུ་ཞབས་ཧཱ་ཁེམ་ཇེ་ཧྥེ་རི་སི་ལ་རྒྱག་གི་ཡོད་འདུག ཁོང་ད་ལྟ་དགུང་ལོ་༥༢ ཡིན་ཞིང་། གལ་སྲིད་ཚོགས་གཙོར་འདེམས་ཐོན་བྱུང་བ་ཡིན་ན་དམངས་གཙོ་ཚོགས་པའི་ལོ་ན་ཆུང་ཤོས་ཀྱི་དབུ་འཁྲིད་ཆགས་ཀྱི་ཡོད་པ་མ་ཟད། ཨ་རིའི་མི་རིགས་ནག་པོའི་ལོ་ན་ཆུང་ཤོས་ཀྱི་དབུ་འཁྲིད་དེ་ཆགས་ཀྱི་ཡོད་འདུག

ལྕམ་ནན་སི་པེ་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་ཐེངས་ ༤ བྱུང་ཡོད་པ་ཅིང་། ཕྱི་ལོ་ ༢༠༠༧ ལོར་ཐོག་མར་གྲོས་ཚོགས་འོག་མའི་ཚོགས་གཙོ་རུ་བདམས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༨༧ ལོ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་ ༢༠༠༣ ནས་དམངས་གཙོ་ཚོགས་པའི་དབུ་འཁྲིད་གནང་ཡོད་པ་རེད། ཁོང་མོ་ནི་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་མཁན་བུད་མེད་ཐོག་མ་དེ་ཆགས་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༡༥ ལྷག་རིང་གྲོས་ཚོགས་འོག་མའི་ཚོགས་གཙོ་གནང་བ་དང་། གྲོས་ཚོགས་འཐུས་མི་ལོ་ ༣༥ ལྷག་འགྲོ་བཞིན་ཡོད་འདུག

His Holiness the Dalai Lama greeting his friend then House Democratic Leader Nancy Pelosi as she arrives at his residence leading a bipartisan US Congressional Delegation on a visit to the Tibetan community in Dharamsala HP, India on May 9, 2017. Photo by Tenzin Choejor/OHHDL

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཡུན་སྐབས་དང་པོར་ལྕམ་ནན་སི་པེ་ལོ་སི་མཆོག་གིས། སྲིད་འཛིན་ཟུར་པ་ཨོ་བྷ་མའི་གཞུང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་འཕྲོད་བསྟེན་སོགས་ཀྱི་སྲིད་བྱུས་མང་དག་ཅིག་ལ་རྒྱབ་རྟེན་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཁོང་མོ་སྐབས་གསུམ་པའི་ཚོགས་གཙོ་ཡིན་སྐབས་ཨ་རིའི་སྲིད་འཛིན་ཊོམ་ཕུས་དབང་ཆ་ལོག་སྤྱོད་དང་གྲོས་ཚོགས་ཀྱི་ལས་དོན་ལ་འགལ་རྐྱེན་བཟོས་པ་སོགས་ཀྱི་སྐྱོན་བརྗོད་གནང་ཡོད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་ལྕམ་ནན་སི་པེ་ལོ་སི་མཆོག་ནི་བོད་དང་མཛའ་བརྩེ་ཟབ་པའི་གྲོགས་པོ་ཡག་ཤོས་ཤིག་དང་། འདས་པའི་ལོ་མང་པོའི་རིང་ལྷག་བསམ་རྣམ་དག་དང་བློ་སེམས་འགྱུར་མེད་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་བསྐྱོན་མཁན་ཞིག་ཡིན་ཞེས་གསུངས་ཡོད་པ་ལྟར།  ལྕམ་སྐུ་མཆོག་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་ནང་ནས་བོད་དང་བོད་མིར་དམིགས་བསལ་གྱིས་འབྲེལ་ལམ་ཟབ་ཅིང་རྒྱུས་མངའ་ཆེ་བ། ཨ་རིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་དབུ་འཁྲིད་ཤུགས་ཆེ་ཤོས་གནང་མཁན་ཞིག་བཅས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཁོང་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་དབུ་འཁྲིད་དེ་བོད་ནང་དངོས་སུ་ཕེབས་ཏེ་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་པ་རེད། དེ་བཞིན་བོད་ནང་ས་བྱི་ཞི་རྒོལ་བྱུང་སྟེ་ཛ་དྲག་ཆགས་པའི་སྐབས་ཏེ་ཕྱི་ལོ་ ༢༠༠༨ ལོ་དང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ པའི་ནང་ཁོང་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་དབུ་འཁྲིད་དེ་བཞུགས་སྒར་དྷ་རམ་ས་ལ་རུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ། ཚོགས་སྡེ་ཁག དེ་བཞིན་བལ་ཡུལ་བོད་མིའི་གནས་སྟངས་ཐོག་དངོས་སུ་གཟིགས་ཞིབ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༠༧ ལོར་ལྕམ་སྐུ་མཆོག་གི་དབུ་འཁྲིད་འོག་སྙན་གྲགས་ཅན་གྱི་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པ་སོགས་དུས་དང་རྣམ་པ་ཀུན་དུ་བོད་མི་དང་བོད་དོན་ཐོག་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་ཤོས་ཀྱི་ཆབ་སྲིད་པ་ཞིག་ཡིན་པ་རེད།

བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese