མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ལ་རིགས་རྫས་བརྟག་དཔྱད་བྱེད་ཆེད་ཀྱི་ཅ་དངོས་རིགས་མི་བཙོང་བའི་རེ་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་རང་དབང་ཚོགས་པས་ཨ་རིར་རྟེན་གཞི་བྱས་པའི་འཕྲུལ་རིགས་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་ལ་རིགས་རྫས་བརྟག་དཔྱད་ཀྱི་འཕྲུལ་ཆས་རིགས་མི་བཙོང་རྒྱུའི་རེ་སྐུལ་གྱི་ལས་གཞི་ཞིག་སྤེལ་མུས་ཡིན་འདུག

Source: “Qiangtang Defender, Golden Shield Vanguard, Gerze County Public Security Bureau Mami Village Police Station Deepens the Implementation of District DNA Blood Sample Information Collection Work,” November 26, 2021, WeChat

ཉེ་ལམ་རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོང་སྡེ་མང་པོ་ཞིག་གི་བོད་པའི་བྱིས་པ་ཚུད་པའི་བོད་མི་མང་པོའི་རིགས་རྫས་བསྡུ་རུབ་བྱེད་མུས་ཡིན་པ་ལྟར། དེ་རིང་བོད་མིའི་རང་དབང་ཚོགས་པས་ཨ་རིར་རྟེན་གཞི་བྱས་པའི་འཕྲུལ་རིགས་ (Thermo Fisher Scientific) ཚན་རྩལ་བཟོ་ཚོང་ཁང་གིས་རྒྱ་གཞུང་ལ་འཕྲུལ་རིགས་ཉོ་ཚང་བྱས་ཏེ་བོད་ནང་གི་བྱིས་པ་ཚུད་པའི་བོད་མི་རྣམས་ཀྱི་རིགས་རྫས་བཙན་གྱིས་བསྡུ་རུབ་བྱེད་བཞིན་ཡོད་པར་བརྟེན། ཨ་རིའི་འཕྲུལ་རིགས་བཟོ་ཚོང་ཁང་དེས་རྒྱ་ནག་གཞུང་ལ་འཕྲུལ་རིགས་དེ་དག་མི་བཙོང་བ་དང་རྒྱ་དམག་གིས་དྲག་གནོན་གྱི་ཐོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་པའི་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་གནང་བའི་རེ་སྐུལ་ཞུས་འདུག་

བོད་མིའི་རང་དབང་ཚོགས་པས་སྤེལ་བའི་རེ་སྐུལ་ཞུ་ཡིག་དེའི་ནང་། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཨ་རིའི་འཕྲུལ་རིགས་ཚན་རྩལ་ཁང་གིས་བཟོ་སྐྲུན་བྱས་པའི་རིགས་རྫས་བསྡུ་བྱེད་ཀྱི་ཅ་དངོས་བཀོལ་ཏེ། ད་བར་བོད་ཀྱི་བྱིས་པ་ལོ་ལྔ་ནས་ཚུད་པའི་བོད་མི་ས་ཡ་ ༡། ༢ ལྷག་གི་རིགས་རྫས་བསྡུ་རུབ་བྱས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༩ ནང་ཨ་རིའི་ཚན་རྩལ་ཁང་དེས་བོད་ནང་ཡོད་པའི་རྒྱ་གཞུང་ཉེན་རྟོག་པར་བོད་ནང་གི་བྱིས་པ་ཚུད་པའི་བོད་མིའི་རིགས་རྫས་བསྡུ་རུབ་སླད་མཁོ་དངོས་མཐུན་སྦྱོར་བྱ་རྒྱུར་མིང་རྟགས་བཀོད་ཡོད་པ་དང་། རྒྱ་ནག་གཞུང་དང་ལྷན་འགྲིག་མཐུན་བྱུང་བའི་ཚོང་འབྲེལ་དེ་གཅིག་པུས་ཨ་སྒོར་༡༦༠༠༠༠ ལྷག་གི་ཡོང་བབ་བྱུང་ཡོད་འདུག ཅེས་འཁོད་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་དབང་ཆ་ལོག་སྤྱོད་ཀྱི་འོག་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་རིགས་རྫས་བསྡུ་རུབ་བྱས་པ་ནི། རྒྱ་ནག་གཞུང་གིས་བོད་མིར་གྲངས་ཉུང་མི་རིགས་ཀྱི་ངོ་བོའི་ཐོག་ནས་དྲག་གནོན་དང་དབྱེ་འབྱེད་འཕར་མ་བྱེད་བཞིན་ཡོད་པ་མ་ཟད། དེས་བོད་མི་རྣམས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་དམིགས་ཡུལ་བཟུང་ཡོད་པའི་ཁར། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བརྙན་མིག་སོགས་ནས་སོ་ཞིབ་དང་བྱ་ར་བྱེད་ཀྱི་ཡོད་ཅིང་། མི་སྒེར་གྱི་ཁེ་ཕན་ལའང་འགོག་སྲུང་བྱེད་པའི་གནས་སྟངས་ཧ་ཅང་ཞན་པོ་ཡིན་སྐོར་སོགས་བཀོད་ཡོད་འདུག

རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བོད་ནང་གི་བྱིས་པ་ཚུད་པའི་བོད་མི་རྣམས་ཀྱི་རིགས་རྫས་བཙན་གྱིས་བསྡུ་རུབ་བྱས་ཏེ། བོད་མིའི་ངོ་བོ་སོགས་རྩ་མེད་བཟོ་བའི་སྲིད་ཇུས་ཞིག་གདིང་མུས་ཡིན་པ་ལྟར། ད་ལན་བོད་མིའི་རང་དབང་གིས་ཨ་རིའི་ (Thermo Fisher Scientific) ཁང་གིས་རྒྱ་ནག་གཞུང་ལ་རིགས་རྫས་བརྟག་དཔྱད་བྱེད་ཆེད་ཀྱི་ཅ་དངོས་མི་བཙོང་རྒྱུར་རེ་སྐུལ་བྱས་པ་དེར། འདས་པའི་བདུན་ཕྲག་གཅིག་ཙམ་གྱི་ནང་མི་གྲངས་གཅིག་སྟོང་ལྷག་གིས་མིང་རྟགས་བཀོད་ནས་རྒྱབ་སྐྱོར་ཐོབ་ཡོད་ཅིང་། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་གཙོས། བཙན་བྱོལ་བོད་མིའི་གཞུང་སྒེར་མང་པོས་རྒྱ་ནག་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་མཚམས་འཇོག་དགོས་ཤིང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་བོད་མིའི་རིགས་རྫས་བསྡུ་མཚམས་བཞག་བཅུག་དགོས་པའི་རེ་སྐུལ་ཡང་བྱས་ཡོད་པ་རེད།

དེ་བཞིན་ཉེ་སྔོན་རྒྱ་ནག་གཞུང་གིས་བོད་ཆབ་མདོ་གྲོང་ཁྱེར་དུ་རིགས་རྫས་བརྟག་དཔྱད་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ས་གནས་བོད་མིའི་མཛུབ་རྗེས་དང་། ཁྲག་རིགས་བསྡུ་ལེན་བྱས་ཡོད་པ་མ་ཟད། དེ་སྔོན་འགྲོ་བ་མིའི་རིགས་རྫས་བརྟག་དཔྱད་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོར། རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་གཙོས་རྒྱ་ནག་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་རིགས་རྫས་རྣམས་ཆོག་མཆན་མེད་པར་སྤྱད་ཡོད་སྐོར་གསལ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༦ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese