མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་རྒྱ་གར་གཉིས་ནས་མཉམ་འབྲེལ་དམག་སྦྱོང་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁཱན་གྱི་ཧིན་བོད་མཐའ་མཚམས་ཀྱི་རི་ཁུག་ཅིག་ཏུ་ཨ་རི་དང་རྒྱ་གར་གཉིས་ནས་མཉམ་འབྲེལ་དམག་སྦྱོང་བྱེད་མུས་ཡིན་འདུག

Indo-US joint exercise | Photo: PTI/Arun Sharma

རྒྱ་ནག་གཞུང་གིས་ས་མཚོ་གནམ་གསུམ་གྱི་དམག་ཤུགས་རྒྱ་སྐྱེད་ནས། ཞི་བདེ་རྒྱ་མཚོ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མཐའ་མཚམས་སུ་རྩོད་རྙོག་ཡང་ཡང་སློང་གི་ཡོད་པས།  ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་ཨ་རི་སོགས་དང་མཉམ་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་སོ་སོའི་དམག་སྟོབས་ཤུགས་ཇེ་ཆེར་བཏང་དང་གཏོང་བཞིན་ཡོད་པ་ལྟར། ཕྱི་ཟླ ༡༡ ཚེས ༢༨ ནས་ཕྱི་ཟླ་ ༡༢ པའི་བདུན་ཕྲག་དང་པོའི་གཟའ་མཇུག་བར་རྒྱ་གར་དང་ཨ་རི་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁཱན་གྱི་ཅ་མོ་ལི་རྫོང་ (Chamoli District) གི་ཨའོ་ལི་ (Auli) ཞེས་པའི་བོད་ཧིན་ས་མཚམས་ཀྱི་རི་ཁུག་ཅིག་ཏུ་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱིན་ཡོད་ཅིང་། དེ་ནི་ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ཐེངས་ ༡༨ པ་དེ་ཡིན་འདུག

རྒྱ་གར་གཞུང་ཕྱོགས་ཀྱི་གསལ་བསྒྲགས་ལ་གཞིགས་ན། ད་ལན་གྱི་ཨ་རྒྱ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་སྐབས་རྒྱ་གར་གྱིས་ས་མཐོའི་འཐབ་ཇུས་ངོ་སྤྲོད་དང་ཨ་རིས་དམག་འཁྲུག་སྐབས་འཕྲུལ་རིག་བཀོལ་སྤྱོད་བྱེད་ཐབས་སོགས་ཕྱོགས་གཉིས་ཀྱི་དམག་དཔུང་གིས་དམག་སྦྱོང་མཉམ་དུ་བྱེད་ཀྱིན་ཡོད་ཅིང་།  ཕྱོགས་གཉིས་ཀྱི་དམག་མིས་ཧིན་བོད་མཐའ་མཚམས་སུ་ཨུ་རུ་སུས་བཟོས་པའི་ Mi-17V5 རྟགས་ཅན་གྱི་ཐད་འཕུར་གནམ་གྲུའི་ནང་དམག་སྦྱོང་བྱས་པའི་བརྙན་རིས་ཀྱང་མང་པོ་ཞིག་ཁྱབ་མུས་ཡིན་འདུག

ཨ་རྒྱ་གཉིས་ཀྱིས་དམག་མིས་ཐེངས་མང་རིང་དམག་སྦྱོང་བྱས་ཏེ། ཕྱོགས་གཉིས་ཀྱི་དམག་དོན་ཐབས་ཇུས་སོགས་ཀྱི་ཐད་ནས་ནུས་པ་མཐོ་འདེགས་གཏོང་ཐབས་བྱེད་ཀྱིན་ཡོད་པ་ལྟར། ཕྱི་ལོ་ ༢༠༠༢ ནས་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་ལམ་ཡར་རྒྱས་དང་། འཐབ་ཇུས་མཉམ་སྤྱོད་སླད་དམག་སྦྱོང་བྱས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ ༣༠ བར་ཨ་རི་དང་རྒྱ་གར་གཉིས་ཀྱིས་ཨ་རིའི་མངའ་སྡེ་ཨ་ལ་སི་ཀ་ (Alaska) ནང་ཡོད་པའི་དམག་སྒར་དང་། འདས་ལོའི་ཕྱི་ཟླ་ ༢ ཚེས་ ༨ ནས་ ༢༡ བར་རྒྱ་གར་གྱི་རཱ་ཇི་སི་ཐན་ (Rajasthan) ནང་གི་མེ་མདའ་སྦྱོང་བརྡར་བྱ་སའི་ཁུལ་དུ་དམག་སྦྱོང་བྱས་ཡོད་འདུག དེ་བཞིན་འདས་ལོའི་ཕྱི་ཟླ་ ༣ པའི་ནང་དྷ་རམ་ས་ལའི་བྷག་ལོ་ (Bakloh) ཞེས་པའི་རི་ཁུལ་དང་། ཕྱི་ལོ་ ༢༠༡༩ ཟླ ༡༠ ཚེས་ ༡༣ ནས་ ༢༨ བར་ཨ་རིའི་སའེ་ཊལ་ (Seattle) དུ་ཡོད་པའི་དམག་སྒར་དུ་དམག་སྦྱོང་བྱས་ཡོད་པ་རེད།

རྒྱ་ནག་གིས་མཚོ་དམག་སྟོབས་ཤུགས་ཇེ་ཆེར་བཏང་དང་གཏོང་བཞིན་ཡོད་པའི་རྐྱེན་གྱིས། ཨེ་ཤ་ཡའི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡ པའི་ནང་རྒྱ་མཚོའི་མཐའ་མཚམས་སྲུང་སྐྱོབ་སླད་མཚོ་དམག་སྦྱོང་བརྡར་བྱས། དེ་བཞིན་འདས་ལོའི་ཕྱི་ཟླ་ ༨ པའི་ནང་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༡ པའི་ནང་རྒྱ་གར་དང་ཉི་ཧོང་། ཨོ་གླིང་། ཨ་རི་བཅས་ཀྱིས་རྒྱ་གར་གྱི་བྷན་གྷལ་ (Bay of Bengal) མཚོ་ཁུལ་དུ་མཚོ་དམག་སྦྱོང་བརྡར་བྱས། གཞན་ཡང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་ནས་བདུན་ཕྲག་གཅིག་གི་རིང་རྒྱ་གར་དང་ཨ་རི། ཉི་ཧོང་གསུམ་གྱིས་རྒྱ་གར་རྒྱ་མཚོའི་ཁུལ་དུ་མཚོ་དམག་གི་སྦྱོང་བརྡར་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༢ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༤ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese