མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་བྱིས་པ་འབུམ་ ༨ ཡས་མས་བཙན་གྱིས་ཕ་མ་དང་ཁ་བྲལ་དུ་བཅུག་པའི་གནད་དོན་ལ་ཞིབ་འཇུག་བྱ་དགོས།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་གཞུང་གིས་བཙན་གྱིས་བོད་ནང་གི་ཕ་མ་བུ་ཕྲུག་ཁ་བྲལ་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པའི་གནད་དོན་ཐོག་ཞིབ་འཇུག་ནན་མོ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

བོད་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་ཀྱི་སློབ་ཆུང་ཞིག པར་བོད་ནས་འདི་གར་སྤྲད།

ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥི་རེ་ཨ་མེར་ཁི་ལེས་(Jeff Merkley)ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝིན་(Jim McGovern)་ལགས་རྣམ་གཉིས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཝོལ་ཁེར་ཌུར་ཀ་(Volker Turk)མཆོག་གི་མཚན་ཐོག་ཏུ་བོད་ནང་གི་བྱིས་པ་རྣམས་བཙན་གྱིས་ཁྱིམ་དང་ཁ་བྲལ་དུ་བཅུག་སྟེ། རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་པའི་གནད་དོན་ཐོག་ཞིབ་འཇུག་ནན་པོ་གནང་དགོས་པའི་སྙན་ཞུ་ཕུལ་འདུག

ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྙན་ཞུ་དེའི་ནང་དུ།  རྒྱལ་ཚོགས་འགྲོ་བ་མིའི་ཐོང་ཐང་ལྷན་ཁང་གིས་བོད་ནང་གི་བྱིས་པ་རྣམས་ཁྱིམ་མི་དང་ཁ་བྲལ་ནས་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་ཡོད་པའི་སྙན་ཐོའི་ཐོག་དོ་སྣང་གནང་དགོས་པའི་རེ་འདུན་ཞུས་ཡོད། ང་ཚོས་སྲིད་ཇུས་འདི་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། སྐད་ཡིག་རིག་གཞུང་རྩ་གཏོར་གཏོང་བའི་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱལ་ཚོགས་ནས་ཞིབ་འཇུག་ནན་མོ་བྱ་དགོས་པའི་རེ་བ་ཞུ་བཞིན་ཡོད། ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཀྱི་དབང་ཚད་ཐད་ཀྱི་གནད་དོན་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་ལ་སྙན་སེང་ཞུས་ཡོད་སྐོར་དང་། ཕྱི་ལོ་༢༠༢༢ ཟླ་ ༤ ཚེས་ ༥ ཉིན་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་དང་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྙན་ཞུ་འབྱོར་ཡོད་སྐོར་བཀོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འབོད་སྐུལ་སྙན་ཞུ། ༢༠༢༢།༡༡།༣༠

ཕྱི་ལོ་༢༠༢༡ ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པས་རང་ལོ་ ༦ ནས་ ༡༨ བར་གྱི་བོད་པའི་བྱིས་པ་བརྒྱ་ཆ་ ༨༠ ཙམ་རང་གི་ཁྱིམ་ཚང་ཕ་མ་དང་ཕ་ཡུལ། སྐད་ཡིག་སོགས་དང་བཙན་གྱིས་ཁ་བྲལ་དུ་བཅུག་སྟེ། རྒྱ་གཞུང་གིས་མི་སེར་སྤེལ་ལུགས་ཀྱི་སྲིད་ཇུས་སྤེལ་སའི་བཅའ་སྡོད་སློབ་གྲྭར་རྒྱ་བསྒྱུར་གྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་རིག་གནས་འཆད་སའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་གཏོར་བཤིག་གཏོང་གི་ཡོད། ཅེས་དང་། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་བོད་མིའི་ཕ་མ་དང་བྱིས་པ་གཉིས་ཀྱི་རང་དབང་དང་ཐོབ་ཐང་ནག་གསུབ་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཕ་མ་རྣམས་ཀྱི་རང་ཉིད་ཀྱི་བྱིས་པའི་མ་འོངས་པའི་འཚར་ལོངས་དང་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཐོབ་ཐང་ཡོད་ཚད་བཙན་འཕྲོག་བྱས་ཡོད་པ་དང་། ལོ་ཆུང་བྱིས་པའི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་གཏོང་པའི་གནད་དོན་དེར། ཕྱི་ལོ ༢༠༢༣ ཟླ་ ༣ པའི་ནང་འཚོག་རྒྱུ་ཡིན་པའི་འགྲོ་བའི་ཐོབ་ཐང་ལྷན་ཚོགས་སྐབས་སུ་རྒྱ་ནག་ནང་གི་བོད་པའི་ཤེས་ཡོན་ཐོབ་ཐང་དང་། ཆོས་ལུགས་དད་མོས་རང་དབང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་ངེས་པར་དུ་གླེང་སློང་བྱེད་དགོས་པ་མ་ཟད། བོད་ནང་གི་སློབ་གྲྭ་ཁག་དང་། ཕ་མ་བུ་ཕྲུག་གི་ཐོབ་ཐང་གནད་དོན་ཐད་ཞིབ་འཇུག་བྱེད་པའི་ཚོགས་ཆུང་གསར་འཛུགས་ཀྱིས་གང་མགྱོགས་ཞིབ་འཇུག་བྱེད་དགོས་སྐོར་བཀོད་འདུག

གནད་དོན་དེའི་ཐོག་ཉེ་སྔོན་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་ཚོགས་ཆེན་ཐོག་ཏུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འབོད་སྐུལ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་བོད་པའི་སློབ་གྲྭ་ཁག་སྒོ་རྒྱག་པའི་སྲིད་ཇུས་མཚམས་འཇོག་དགོས་པ་དང་། བོད་པའི་སློབ་མ་རྣམས་བཅའ་སྡོད་སློབ་གྲྭ་དང་བྱིས་གཉེར་ཁང་དུ་བཙན་འཇུག་བྱེད་བཞིན་པ་མཚམས་འཇོག་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་ལོ་རྒྱུས། ངོ་བོ་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་མཚམས་འཇོག་དགོས་པ་སོགས་རྒྱ་ནག་གཞུང་ལ་གླེང་སློང་དང་འགན་འཁུར་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ཟླ ༡༡ ཚེས་ ༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ལོའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་མཉམ་འབྲེལ་བསྒྲགས་གཏམ་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམིགས་བསལ་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་བར་བསྔགས་བརྗོད་དང་སྦྲགས། ད་རེས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་རྣམས་ནས་ཚོགས་ཆེན་ཐོག ༧སྐུའི་ཡང་སྲིད་ཀྱི་དབུས་པའི་ཆོས་དད་རང་དབང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། བོད་ནང་རང་དབང་ཞིབ་འཇུག་དང་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་ཆོག་པ་སོགས་རྒྱ་ནག་གཞུང་དང་ལྷན་གླེང་སློང་དགོས་པའི་ཞུ་ཡིག་བསྐུར་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོ་ནང་དུ་། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གི་ཡོད་པ་དང་། ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༠ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese