མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་ཁག་ཅིག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཨོ་ཧའོ་ཡི་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཨབ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སོགས་མངའ་སྡེ་ཁག་ལྔ་ཡི་གྲོང་ཁྱེར་སྤྱི་ཁྱབ་པ་བདུན་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུག

ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་ཁག་ཅིག་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༢།༡༢།༥ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་སྔ་དྲོ་བཞུགས་སྒར་ཕོ་བྲང་དུ་། ཨ་རིའི་་ཨོ་ཧའོ་མངའ་སྡེའི་(Ohio)སིན་སིན་ན་ཊི་(Cincinnati) གྲོང་ཁྱེར་སྤྱི་ཁྱབ་པ་ཨབ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་དང་། ཀེན་ཊོར་ཀེ་མངའ་སྡེའི་གྲོང་ཁྱེར་ལོའུ་སི་ཝེལ་ (Louisville) གྱི་སྤྱི་ཁྱབ་པ་གྷི་རིག་ཧྥེ་ཤིར་(Greg Fischer)ལགས་སོགས་ཝ་ཤིང་ཊོན་མངའ་སྡེའི་ཊ་ཁོ་མཱ་ (Tacoma)དང་། ཁ་ལེ་ཧྥོར་ནེ་ཡའི་གྲོང་ཁྱེར་ཨོ་ཀ་ལན་ཌི་ (Oakland)དང་སེན་ལིན་ཌོའོ་(San Leandro)། ཊག་སེ་སི་མངའ་སྡེའི་སེན་ཨེན་ཐོ་ནེའོ་ (San Antonio)། པེན་སིལ་ཝེ་ནི་ཡ་མངའ་སྡེའི་པེཊ་སི་བྷག་ (Pittsburgh)བཅས་གྲོང་ཁྱེར་ཁག་བདུན་གྱི་སྤྱི་ཁྱབ་པ་དྷ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུག དེའི་རྗེས་སིན་སིན་ན་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བོད་རིགས་ཨབ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་ནང་ལྟ་སྐོར་དུ་ཕེབས་ཏེ་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་རྣམ་པར་ཐུག་འཕྲད་གནང་ཡོད་པ་དང་། དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་དང་། གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་སོགས་སུ་ལྟ་སྐོར་དུ་ཕེབས་ཡོད་འདུག

ཨོ་ཧའོ་མངའ་སྡེའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པ་ཨབ་ཊབ་ཀརྨ་སིང་ལགས་ནས་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པར་མཇལ་འཕྲད་གནང་། ༢༠༢༢།༡༢།༥

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གྲོང་ཁྱེར་སྤྱི་ཁྱབ་པ་བདུན་ལ་བཀའ་སློབ་སྩལ་སྐབས། ང་ཚོ་ཐེར་འབུམ་ ༧ ནས་ ༨ བར་ཡོད་པའི་འགྲོ་བ་མི་ཞིག་ཡིན་པ་དུས་རྒྱུན་དུ་ནས་ཤེས་དགོས་ཤིང་། ང་ཚོ་མཆེད་གྲོགས་ཕོ་མོ་ཡོངས་རྫོགས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་རེད།  ང་ཚོ་ཚང་མ་མཉམ་དུ་འཚོ་གནས་བྱེད་དགོས་ཀྱི་ཡོད་པ་རེད། ཕན་ཚུན་གསོད་རེས་དང་དབང་ཡོད་ཤོད་རེས་བྱེད་པ་ནི་རྩ་བ་ནས་ནོར་གྱི་ཡོད་པ་རེད། ང་ཚོ་མཆེད་གྲོགས་གཅིག་པ་ཡིན་པའི་ཆ་ནས་ཕན་ཚུན་རོགས་པ་བྱེད་དགོས་པ་རེད། ང་ཚོས་འཛམ་གླིང་ཚ་དྲོད་རྒྱས་བཞིན་པ་དེ་མཐོང་གི་རེད། ངོས་ནས་དུས་རྟག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་(Secular Ethics) ཀྱི་སྐོར་ལ་ཞུ་ཡི་ཡོད། སྒེར་ངོས་ནས་ཆོས་ལུགས་ལ་ཡིད་ཆེས་བྱེད་པ་དེ་ཡག་པོ་རེད་དེ། མེད་དུ་མི་རུང་བ་མ་རེད། འོན་ཀྱང་། བྱམས་སྙིང་རྗེ་དང་འགྲོ་བ་མི་ཚང་མ་མཆེད་གྲོགས་ཕོ་མོ་ཡིན་པའི་ཆ་ནས་ཚང་མ་མཉམ་དུ་སེམས་ཞི་བདེའི་ངང་ནས་འཚོ་གནས་ཐུབ་ཀྱི་རེད། ཅེས་སོགས་བཀའ་སློབ་སྩལ་འདུག

ཨོ་ཧའོ་མངའ་སྡེའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པ་ཨབ་ཊབ་ཀརྨ་སིང་ལགས་ནས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་དབུས་རྒྱུན་ལས་རྣམ་པར་མཇལ་འཕྲད་གནང་་། ༢༠༢༢།༡༢།༠༥

གྲོང་ཁྱེར་སྤྱི་ཁྱབ་པ་ཨབ་ཊབ་ཀརྨ་སིང་པུ་ར་ཝལ་ (Aftab Karma Singh Pureval) ལགས་ཀྱིས་མཇལ་བཅར་ཞུས་རྗེས་གསར་འགོད་པར། ང་རང་ཁ་འཐོར་བཙན་བྱོལ་དུ་གནས་པའི་བོད་མི་ཞིག་ཡིན་པ་དང་། དེ་རིང་ང་རང་བཞུགས་སྒར་དྷ་རམ་ས་ལར་བསླེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག རྒྱུ་མཚན་ནི། ང་རང་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་དངོས་སུ་མཇལ་རྒྱུ་བྱུང་བ་ཐོག་མ་དེ་ཡིན་ཞིང་། ༧མགོན་པ་གང་ཉིད་མཆོག་དང་དངོས་སུ་མཇལ་སྐབས། ང་རང་གིས་དྲི་བ་མང་པོ་འདྲི་རྒྱུའི་གོ་སྐབས་བྱུང་སོང་ལ། སྐབས་དེ་དུས་ངས་༧མགོན་པོ་གང་ཉིད་མཆོག་ལ། ང་རང་ཨ་རིར་གནས་སྡོད་བོད་མི་ཞིག་ཡིན་པའི་ཆ་ནས། བོད་པ་དང་བོད་དོན་སླད་ག་རེ་བྱ་ཐུབ་ཀྱི་ཡོད་སྐོར་འདྲི་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྤྱི་ཚོགས་ལ་ཞབས་ཕྱི་ཞུ་བའི་སྐབས་བོད་པ་གཅིག་པོའི་བསམ་བློ་མི་བཏང་བར་འགྲོ་བ་མི་སྤྱིའི་བདེ་རྩར་ཕན་པའི་བྱ་བ་བསྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་། ཞེས་དང་། ཁོང་གི་ཨ་མ་ལགས་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཡོང་མཁན་ཞིག་ཡིན་ལ། བཙན་བྱོལ་ནང་གི་དཀའ་སྡུག་ཚོར་ཐུབ་ཀྱི་ཡོད་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་བདག་ཉར་བྱ་རྒྱུ་དེ་བོད་ནང་ཙམ་མིན་པར་བཙན་བྱོལ་ནང་གི་བོད་མི་ཚོ་ལའང་འགན་ཡོད་སྐོར་གསུངས་འདུག

ད་ལན་གྱི་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པའི་ཚོགས་ཆུང་དེས་བདུན་ཕྲག་གཅིག་ཙམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ (Agra)དང་། པན་ཇབ་ཀྱི་ཨམ་རི་སར་(Amritsar) སོགས་གྲོང་ཁྱེར་ཁག་ཅིག་ཏུ་གཟིགས་སྐོར་གནང་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཕྱིར་ཨ་རིར་ཕེབས་འཆར་ཡོད་འདུག

ཀརྨ་ལགས་དེ་སྔོན་ཨ་རིའི་ཨོ་ཧའོ་མངའ་སྡེའི་ཧ་མིལ་ཊོན་ (Hamilton County) རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཆེན་མོ་དང་། ཕྱི་ལོ་ ༢༠༡༨ ལོར་ཁོང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་ཏེ་བོད་མི་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིར་ལངས་པ་ཐེངས་དང་པོ་ཆགས། འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་ཨབ་ཊབ་ཀརྨ་སིང་པུ་རི་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་ཨོ་ཧའོ་ (Ohio) མངའ་སྡེ་ནང་གི་གྲོང་ཁྱེར་སིན་སིན་ན་ཊི་ (Cincinnati) ཡི་སྤྱི་ཁྱབ་པར་འོས་འདེམས་བྱུང་ཡོད་ཅིང་།  ཨ་རིའི་གྲོང་ཁྱེར་དེའི་ལོ་རྒྱུས་ནང་གི་ཨེ་ཤ་ཡའི་སྤྱི་ཁྱབ་པ་ཐོག་མ་དེའང་ཆགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༠ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese