མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དཔོན་ངན་མཐོ་ཤོས་གཉིས་ལ་ཉེས་ཆད་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་འཛམ་གླིང་རྒྱལ་ཁབ་ ༩ ཡི་དཔོན་ངན་ ༤༠ ཐེར་འདོན་ཉེས་ཆད་བཅད་པའི་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུ་ཡེན་ཅེ་དང་ཉེན་རྟོག་སྤྱི་ཁྱབ་ཟུར་པ་ཀྲང་ཧོང་པའོ་ཟེར་བ་དེ་གཉིས་ཀྱང་འདུག

བོད་རང་སྐྱོངས་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུ་ཡེན་ཅེ་དང་ཉེན་རྟོག་སྤྱི་ཁྱབ་ཀྲང་ཧོང་པའོ་གཉིས། དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས ༩ ཉིན་ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་དཔོན་ངན་གྲངས་ ༤༠ ཐེར་འདོན་བྱས་ཏེ། ཨ་རིའི་ནང་ཡོད་པའི་ཁོ་ཚོའི་རྒྱུ་དངོས་གཞུང་བཞེས་གཏོང་བའི་དཔལ་འབྱོར་ཉེས་ཆད་བཅད་པ་གསལ་བསྒྲགས་བྱས་ཡོད་པ་དང་། དེའི་ཁྲོད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུ་ཡེན་ཅེ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་ཁང་གི་སྤྱི་ཁྱབ་ཟུར་པ་དང་ད་ལྟའི་ལྗོངས་སྲིད་གཞུང་གི་མགོ་འཁྲིད་གཞོན་པ་ཀྲང་ཧོང་པའོ་ཟེར་བ་གཉིས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བའི་ནག་ཉེས་འོག ཁོ་གཉིས་ཀྱི་ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་འདུག

ཨ་རིའི་ནོར་སྲིད་ལྷན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་།  ཝུ་ཡེན་ཅེ་ (Wu Yingjie) ནི་ཕྱི་ལོ ་༢༠༡༦ ནས་ ༢༠༢༡ བར་གྱི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་ཞིང་། ཁོས་དབང་ཆ་བཟུང་བའི་ལོ་དུས་ནང་དཔལ་འབྱོར་དང་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ནུས་ཤུགས་བཏོན་ཡོད་ཅིང་། དཔལ་འབྱོར་གོང་མཐོར་གཏོང་བའི་གོ་རིམ་ཁྲོད། ཁོས་ཁྲིམས་ལུགས་གང་ལའང་བརྩི་འཇོག་མི་བྱེད་པར་ཉེས་མེད་བོད་མི་བསད་པ་དང་། མནར་གཅོད་གཏོང་བ། བཙན་འཁྲིད་བྱས་པ་ཚུད་པའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད། དེ་བཞིན་ཁོས་བོད་ནང་དབང་ཆ་འཛིན་སྐབས་བོད་ནང་གི་བུད་མེད་མང་པོ་ཞིག་གི་སྐྱེ་སྒོ་བཙན་གྱིས་བཀག་པ། བཙན་གྱིས་བུད་མེད་ཚོའི་མངལ་ཤོར་དུ་བཅུག་ཡོད་ལ། བོད་མིའི་ཆོས་སྲིད་གཉིས་ཀྱི་ཐོབ་ཐང་ལ་དམ་དྲག་བྱས་ཡོད་པ་མ་ཟད། བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་ཚད་མེད་བཏང་ཡོད་པ་སོགས་བཀོད་འདུག

དེ་བཞིན་ཉེན་རྟོག་སྤྱི་ཁྱབ་ཀྲང་ཧོང་པའོ་ (Zhang Hongbo)ཟེར་བ་དེས་ཀྱང་ཉུང་མཐར་ཕྱི་ལོ ༢༠༡༨ ནས་འདི་ལོའི་ཕྱི་ཟླ་ ༡༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་སྤྱི་ཁྱབ་ཀྱི་ལས་གནས་ཁུར་ཏེ། བོད་མི་རྣམས་ལ་མནར་གཅོད་ཚད་མེད་བཏང་ཡོད་ཅིང་། ལྷག་པར་ཁོས་ཆོས་སྲིད་ཀྱི་ཁྲིམས་དང་འགལ་བར་བཤད་དེ་བོད་མི་མང་པོ་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་སྐོར་སོགས་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། འདི་ལོར་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་རྡོག་རོལ་དུ་བཏང་བའི་རྒྱལ་ཁབ་དགུ་ཐེར་འདོན་བྱས་པའི་ཁྲོད། བྱང་ཀོ་རི་ཡ་དང་། ཨེལ་སལ་ཝ་ཌོར་ (EL SALVADOR) གྷུ་ཊ་མ་ལ་ (GUATEMALA)  གྷི་ནི་ཡ་ ( GUINEA) ཨི་རན། མ་ལི་ (Mali) ཨུ་རུ་སུ། རྒྱ་ནག་དང་ཧྥི་ལི་བྷིན་སི་ (PHILIPPINES ) བཅས་ནས་ཁྱོན་དཔོན་ངན་ ༤༠ ཐེར་འདོན་གྱིས་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese