མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དེ་རིང་ཞོགས་པར་གཟིག་ཅིག་དྷ་སའི་སྐོར་ལམ་དུ་བསླེབས་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་སྐོར་ལམ་གྱི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་སྒོ་ཆེན་ནང་གཟིག་ཅིག་བསླེབས་ཡོད་ཀྱང་མི་སོགས་ལ་གནོད་འཚེ་གང་ཡང་བྱས་མི་འདུག

དྷ་སའི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་མདུན་དུ་གཟིག་ཅིག་བསླེབས། ༢༠༢༢།༡༢།༡༤ བརྙན་ཐུང་གི་པར་རིས།

དེ་རིང་ཞོགས་སྔ་ཆུ་ཚོད་ ༧ ཡས་མས་ཤིག་ལ་བཞུགས་སྒར་དྷ་རམ་ས་ལའི་སྐོར་ལམ་གྱི་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་མདུན་ཕྱོགས་ཀྱི་སྒོ་ཆེན་ནང་གཟིག་ཅིག་བསླེབས་ཡོད་པ་དང་། སྒོ་སྲུང་དང་ལས་བྱེད་ཅིག་ནས་བརྙན་ཐུང་བརྒྱབ་སྟེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་འདུག་ལ། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གིས་ངེས་པར་དུ་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་གནང་འདུག

དགུན་དུས་སུ་དྷ་སའི་དྷོ་ལ་རི་བོའི་དབུ་རྩེ་ཐམས་ཅད་གངས་ཀྱིས་བཟུང་སྟེ་མུ་ཏིག་གི་ཕྲེང་བ་བཞིན་དུ་དཀར་སིང་ངེར་འགྱུར་གྱི་ཡོད་ལ། ད་ལོར་དྷ་ས་ཁུལ་དུ་ད་དུང་གངས་བབས་མེད་ཀྱང་དགུན་འཁྱག་གི་ངར་བ་ཉིན་རེ་བཞིན་ཅུང་མངོན་གསལ་དོད་པོ་རུ་འགྱུར་བཞིན་འདུག ཉིན་རེའི་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ནས་མུན་རབ་རིབ་ཏུ་འགྱུར་ཞིང་ཞོགས་ཆུ་ཚོད་ ༦།༣༠ ལའང་ནམ་ཡོངས་སུ་གསལ་མི་འདུག ཡིན་ནའང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ལྷག་པར་དུ་རྒན་པ་རྣམས་ལ་མཚོན་ན། ཞོགས་སྔ་བོ་ནས་ལངས་ཏེ་གླིང་སྐོར་དུ་འགྲོ་བ་དང་། ཞོགས་པའི་གོམ་བགྲོད་ནི་རྒྱུན་ལྡན་གྱི་ཉིན་རེའི་བྱ་བཞག་ལྟ་བུར་གྱུར་ཡོད། འོན་ཀྱང་། ཉེ་བའི་ལོ་ཤས་ནང་གླིང་སྐོར་ལམ་དང་གངས་ཅན་སྐྱིད་པའི་གཤོངས་ནས་མེག་གྷན་དུ་འགྲོ་བའི་ལམ་བར་གྱི་ནགས་གསེབ་ཏུ་དོམ་ནག་བསླེབས་ཡོད་པའི་བརྙན་པར་ཁག་ཅིག་ཐོན་ཡོད་པ་མ་ཟད། རྒྱ་གར་གྲོང་གསེབ་ཀྱི་བུད་མེད་ཅིག་དང་ཕོ་གསར་ཞིག་ལ་དོམ་ནག་གིས་རྨུག་སྟེ་རྨས་སྐྱོན་ཆེན་པོ་བཟོས་པའི་གནས་ཚུལ་བྱུང་ཡོད་སྟབས། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སོགས་ནས་སེར་སྐྱ་མི་མང་ལ་ཞོགས་སྔ་བོ་དང་དགོང་ཕྱི་བོར་གླིང་སྐོར་དུ་སོང་ན་ཉེན་ཁ་ཆེ་བའི་འབོད་སྐུལ་གནང་ཡོད་པ་རེད།

དེ་རིང་ཞོགས་པའི་གནས་ཚུལ་དེའི་སྐོར་ལ་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གིས་སྒོ་སྲུང་མོན་ཧོན་ཐཱ་པ་ (Monhon Thapa)ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ཞོགས་པ་ཆུ་ཚོད་བདུན་པ་ཡས་མས་ཤིག་ལ་གཟིག་དེ་ང་ཚོའི་རྒྱབ་ཀྱི་ནགས་ཚལ་ནས་མར་མཆོངས་ཡོང་སོང་། ཡིག་ཚང་གི་(༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང)སྒོ་མདུན་དུ་སྐར་མ་ཉི་ཤུ་ལྷག་འཁྱམ་ཉུལ་བྱས་རྗེས། སྐོར་ལམ་འདབས་ཀྱི་ནགས་གསེབ་ཏུ་རྒྱུག་ཕྱིན་སོང་། མི་ལ་གནོད་འཚེ་བཏང་མེད་སྐོར་དང་།  དེ་སྔོན་གྲྭ་པ་ཞིག་གིས་གཟིག་ཨ་མ་གཅིག་དང་གཟིག་ཕྲུག་ཅིག་ཡོད་སྐོར་བརྗོད་ནའང་། དེ་རིང་བར་དུ་དངོས་སུ་མཐོང་མེད་སྐོར་བརྗོད་བྱུང་། 

དེ་རིང་སྔ་དྲོར་དྷ་ས་གནས་མགོ་འཛིན་ལས་ཁུངས་ནས་མི་མང་གིས་དོགས་ཟོན་བྱེད་དགོས་པའི་གསལ་བསྒྲགས་ཤིག་གནང་བའི་ནང་། དྷ་ས་ཁུལ་གྱི་གནམ་གཤིས་གྲང་རུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་རི་དྭགས་སེམས་ཅན་སྟག་དང་། གཟིག དོམ་ལ་སོགས་པ་ས་དྲོ་སར་མར་བསླེབ་ཡོང་གི་ཡོད་པས་མི་ལ་ཉེན་ཁ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་རྒན་རྒོན་དང་བྱིས་པ་ཆུང་ཆུང་ཚོར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་སྟབས། མཚན་མོ་དང་ཐོ་རངས་སུ་རི་དང་ཤིང་ནགས་ཡོད་སར་འགྲོ་རྒྱུ་མེད་པའི་འབོད་སྐུལ་གནང་འདུག

གསར་འགོད་པ། དཔལ་ལྡན།

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ཟླ་བ། 1 སྔོན།

    རི་དགས་གཅན་ཟན་སྡོད་ས་ཤིང་ནགས་རྣམས་ཧམ་ཆེན་མི་གི་བདག་ཏུ་བཟུང་ན་སྟག་གཟོགས་ག་པར་འགྲོ་དགོས་རེད་ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist