མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་སྟེ་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གཱར་ནེ་ཌ་ཇེ་ནེ་སི་ལགས་ཀྱིས་བོད་རྒྱ་གཉིས་ཀྱི་སྐུ་ཚབ་བར་གྲོས་མོལ་གནང་བ་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་རྒྱུར་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་གྲོས་འཆར་བཏོན་པ་ལྟར་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབ་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཚོགས་འདུའི་ནང་འཐུས་མི་སྐུ་ཞབས་གཱར་ནེ་ཌ་ཇེ་ནེ་སི་(Garnett Genuis) ལགས་ཀྱིས་བོད་དོན་གླེང་སློང་གནང་། ༢༠༢༢།༡༢།༡༣

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཚོགས་འདུའི་ཐོག གྲོས་ཚོགས་འཐུས་མི་སྐུ་ཞབས་གཱར་ནེ་ཌ་ཇེ་ནེ་སི་(Garnett Genuis) ལགས་ཀྱིས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འཆར་ཞིག་བཏོན་ཡོད་པ་ལྟར། ཚེས་ ༡༤ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་བར་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་ཡོད་འདུག

གྲོས་ཚོགས་འཐུས་མི་སྐུ་ཞབས་གཱར་ནེ་ཌ་ཇེ་ནེ་སི་ལགས་ནས་ཁེ་ན་ཌ་གཞུང་ངོས་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དགོས་འདུན་ལ་རྒྱབ་སྐྱོར་གནང་བའི་ཐོག་ནས་༧གོང་ས་མཆོག་དང་ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། རྒྱ་ནག་གཞུང་གཉིས་བར་གྲོས་མོལ་གནང་བ་བརྒྱུད། བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག  གཱར་ནེ་ཌ་ཇེ་ནེ་སི་ལགས་ཀྱིས་འདི་ལོའི་ཕྱི་ཟླ ༥ ཚེས་ ༡༠ ཉིན་ཁེ་ན་ཌའི་གྲོས་ཚོགས་ཐོག་གྲོས་འཆར་དེ་བཏོན་ཡོད་པ་དང་། གྲོས་ཚོགས་ནང་དུ་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེའི་ཐོག་བགྲོ་གླེང་གནང་ཡོད་འདུག

ད་ལན་གྱི་གྲོས་ཚོགས་ནང་དུ་ཁོང་གིས་ཁོང་ནི་སྨྲ་བརྗོད་དང་དད་མོས་ལ་རང་དབང་ཡོད་པའི་ཁེ་ན་ཌའི་མི་ཞིག་ཡིན་ལ། དམངས་གཙོ་དང་རང་དབང་སོགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་འཇིགས་སྣང་ཅི་ཡང་མེད་པར་རང་དབང་གི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་སྐོར་བཀོད་པ་བཞིན། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཁོང་ཉིད་ཀྱི་སྐུ་ཚབ་བམ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མཉམ་དུ་གྲོལ་མོལ་བྱ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། དེ་ལྟའི་ཆར་བོད་མི་རྣམས་ལ་རང་ཉིད་ཀྱི་སྐད་ཡིག་རིག་གཞུང་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་སོགས་ལ་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་མི་འདུག་ལ། ཁོང་ཚོས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལྟར་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་དབང་ཆ་མི་འདུག ཅེས་གསུངས་འདུག

ཡང་ཁོང་གིས། བོད་མི་ཡོངས་ཀྱིས་རང་ཉིད་ཀྱི་དབུ་ཁྲིད་དང་མ་འོངས་པའི་རང་སྐྱོང་ཐོབ་ཐང་ལ་རེ་བ་བྱེད་བཞིན་འདུག བོད་ཀྱི་དབུ་ཁྲིད་རྣམ་པས་རང་སྲིད་རང་སྐྱོང་བརྩོན་ལེན་བྱེད་ཀྱི་ཡོད་པ་ལས། རྒྱ་ནག་ལས་རང་བཙན་བྱེད་འདོད་གནང་གི་མེད། བོད་མི་ཚོས་དབུ་མའི་ལམ་བརྟེན་ནས་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་འདོད་ཡོད་པ་རེད། རྒྱལ་སྤྱིའི་ཐོག་བོད་མི་རྣམས་ཀྱིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་འབོད་སྐུལ་དང་། རང་ཐག་རང་གཅོད་བྱེད་པའི་རེ་བ་རབ་དང་རིམ་པ་ཞུས་ཡོད་ཀྱང་། ད་ལྟ་བར་དུ་བོད་ཀྱི་ལས་དོན་ལ་ལམ་ལྷོངས་ཅི་ཡང་བྱུང་མི་འདུག གྲོས་འཆར་འདི་བརྒྱུད་ནས་ངས་ཁེ་ན་ཌའི་གྲོས་ཚོགས་ནས་དབུ་མའི་ལམ་ལ་ངོས་འཛིན་གཏིང་གསལ་འཐོབ་རྒྱུ་དང་། གྲོས་ཚོགས་ནས་རྒྱལ་སྤྱིའི་ཐོག་ཏུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་འཐོབ་པར་ནུས་པ་འདོན་པའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

Canadian MP Garnett Genuis with His Holiness the Dalai Lama on 15 January 2017. Photo/ OHHDL

ཡང་ཁོང་གིས། ཁོང་ཐེངས་དང་པོ་གྲོས་ཚོགས་འཐུས་མིར་འདེམས་དུས། དྷ་རམ་ས་ལར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་བཅར་གྱི་གོ་སྐབས་བྱུང་ཡོད་པ་དང་། ༧གོང་ས་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་ཉིད་ཀྱི་དགྲ་བོ་ལའང་བྱམས་བརྩེ་བྱེད་དགོས་པ་དང་། བློ་ཡངས་པོའི་ཐོག་ནས་གནད་དོན་ཚང་མ་ཞི་བའི་སྒོ་ནས་སེལ་དགོས་བའི་ལམ་སྟོན་གནང་བྱུང་ཞེས་དང་། རྒྱ་ནག་གི་དབང་བསྒྱུར་ལམ་ལུགས་ཀྱི་འོག་ཏུ་བོད་བརྒྱུད་ནང་བསྟན་ལའང་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་བཞིན། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལུགས་སྲོལ་ཡང་རྒྱ་ནག་གཞུང་གིས་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། མ་འོངས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ལའང་ཐེ་གཏོགས་བྱེད་པའི་འཆར་གཞི་གཏོང་བཞིན་ཡོད་ལ། ༧པཎ་ཆེན་མཆོག་གི་ཡང་སྲིད་དང་ཡབ་ཡུམ་བཅས་བོད་མི་མང་གི་མིག་གི་མཐོང་ཡུལ་ནས་མེད་པ་བཟོས་ཡོད། ཅེས་སོགས་གསུངས་འདུག་ལ། ཁ་སང་ཁོང་གི་སྒེར་གྱི་དྲ་ལམ་དུ་ཁེ་ན་ཌའི་གྲོས་ཚོགས་སུ་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པའི་གྲོས་འཆར་བཏོན་པར་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༤ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese