མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨར་ཇིན་ཊི་ནས་ཕྱི་ལོ ༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པ་བཀྱགས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇིན་ཊི་ན་ཡིས་གསེར་གྱི་བུམ་པ་ཐེངས་གསུམ་པ་དེ་བཀྱགས་སོང་།

Players of the Argentina national football team lifting the World Cup trophy. 2022/12/18

ཁ་སང་དགོང་མོར་དཀྱིལ་ཤར་ཨེ་ཤ་ཡའི་ཁཱ་ཊར་རྒྱལ་ཁབ་ཏུ་བསྡུས་པའི་ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་རྐང་སྤོལ་གྱི་འགྲན་ཚོགས་མཇུག་བསྡུས་ཡོད་པ་དང་། རྟིང་རྩོད་འགྲན་སྡུར་ཁྲོད་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇིན་ཊི་ན་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་གཉིས་བར་ཐོག་མའི་དུས་ཡུན་སྐར་མ་ ༩༠ དང་། དེ་ནས་ཐེངས་གཉིས་ལ་སྐར་མ་ ༡༥ རེ་ཕྱིར་འགྱང་བྱས་ཏེ་ཁྱོན་སྐར་མ་ ༡༢༠ རིང་རྟིང་རྩོད་བྱས་ཡོད་ཀྱང་། ད་དུང་རྒྱལ་ཕམ་གྱི་དབྱེ་བ་ཕྱེ་ཐུབ་མེད་པར་བརྟེན། མཐའ་མ་དེར་ཨར་ཇིན་ཊི་ན་ཡི་རུ་དཔོན་མེ་སི་ (Lionel Messi)དང་། ཧྥ་རན་སིའི་རྩེད་འགྲན་པ་གྲགས་ཅན་ཨེམ་བྷ་པེ་( Kylian Mbappé)གཉིས་ཀྱིས་མགོ་འཁྲིད་དེ། རྩེད་འགྲན་པ་རེ་རེ་བྱས་ནས་མདུན་བཀག་མེད་པའི་རྡོག་རྡེག་ (Penalty) གཞུ་སྐབས། ཧྥ་རན་སི་རུ་ཁག་གིས་སྤོ་ལོ་ ༢ དང་། ཨན་ཇིན་ཊི་ན་རུ་ཁག་གིས་སྤོ་ལོ་ ༤ བླུགས་ཏེ་རྒྱལ་ཁ་ཐོབ་སོང་། དེ་ནི་མི་ལོ་ ༣༦ གྱི་རྗེས་སུ་སླར་ཡང་ཨར་ཇིན་ཊི་ནར་རྒྱལ་ཁ་ཐོབ་པ་ཡིན་ཞིང་། མེ་སི་ཡི་མི་ངོ་ ༡༨ ལྷག་གི་རྐང་སྤོལ་རྩེད་འགྲན་ཁྲོད་ཀྱི་ཆེས་མཐོ་བའི་བྱ་དགའ་དེའང་ཡིན་པ་མ་ཟད། ཁོང་གི་རྒྱལ་སྤྱི་རང་བཞིན་ཅན་གྱི་རྩེད་འགྲན་ཆེས་མཐའ་མ་དེའང་ཆགས་ཀྱི་ཡོད་འདུག

འདི་ལོའི་རྩེད་འགྲན་ཁྲོད་ཨར་ཇིན་ཊི་ན་ (Argentina ) ཡི་རུ་དཔོན་མེ་སི་ (Lionel Messi) ལགས་ལ་རྩེད་འགྲན་པ་ཡག་ཤོས་ཀྱི་གསེར་གྱི་སྤོ་ལོའི ( golden ball) བྱ་དགའ་ཐོབ་ཡོད་པ་དང་། ཧྥ་རན་སིའི་རྩེད་འགྲན་པ་ཨེམ་བྷ་པེ་( Kylian Mbappé) ལ་གསེར་ལྷམ ( golden boots)། དེ་བཞིན་ཨར་ཇན་ཊི་ནའི་སྒོ་ར་བ་མ་ཊི་ནོ་སི་( Emiliano Martínez)ལ་གསེར་གྱི་ལག་ཤུབ་ (golden gloves)། ཨར་ཇིན་ཊི་ནའི་རྩེད་འགྲན་པ་ཧྥ་ནན་ཌ་སི་(Enzo Fernández) ལ་ལོ་ཆུང་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད་འདུག

ཧྥི་ཧྥ་རྩེད་འགྲན་ཕྱི་ལོ ༡༩༣༠ ལོར་མགོ་བརྩམས་པ་ནས་བཟུང་ད་བར་གྱི་རྩེད་འགྲན་ཁྲོད། བྷི་རཱ་ཛིལ  (Brazil ) གྱིས་གསེར་གྱི་རྟགས་མ་ཐེངས་ ༥ བཀྱགས་ཡོད་པ་དང་། འཇར་མ་ནི( Germany) དང་( Italy )ཡིས་ཐེངས་ ༤ རེ། ཡུ་རུ་གྷེ་ཡ( Uruguary)དང་ཧྥ་རན་སི་ ༢ རེ། ཨར་ཇིན་ཊི་ན་ཡིས་ཐེངས་ ༣ ཆགས་ཡོད་པ་རེད།  ཕྱི་ལོ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དེ་བྱང་ཨ་མི་རི་ཁའི་ཨ་རི་དང་། ཁེ་ན་ཊ། མེ་སི་ཁོ་(Mexico)བཅས་གང་རུང་ཞིག་ཏུ་འཚོག་འཆར་ཡོད་པ་རེད་འདུག

ཕྱི་ལོ ༡༩༣༠ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཡུ་རུ་གྷེ་ ( Uruguay ) རུ་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་མྱུ་གུ་ཐོག་མར་འབུས་ཡོད་པ་དང་། དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ལོ་ལྟར་རྩེད་འགྲན་དེ་བསྡུ་འཆར་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ ༡༩༤༢ དང་ ༡༩༤༦ གཉིས་སུ་རྩེད་འགྲན་བསྡུ་ཐུབ་མེད་པ་རེད། ཕྱི་ལོ ༡༩༥༠ ལོར་ལྷོ་མེ་རི་ཁའི་བྷི་རཱ་ཛིལ ( Brazil ) གྱིས་རྩེད་འགྲན་གོ་སྒྲིག་བྱས་རྗེས། ད་བར་ལོ་བཞི་རེའི་མཚམས་སུ་གཅིག་ཀྱང་མ་ཆད་པར་བསྟུད་མར་བསྡུས་ཡོད། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི  ( france ) དང་འཇར་མན་(Germany ) ཨི་ཊ་ལི (Italy ) བཅས་ཀྱིས་ཐེངས་གཉིས་རེར་རྩེད་འགྲན་གོ་སྒྲིག་བྱས་ཡོད་འདུག  དེ་བཞིན་སི་པེན( Spain ) དང་དབྱིན་ཡུལ། ཨར་འཇན་ཊི་ན་( Argentina )  སོགས་ཀྱིས་ཐེངས་གཅིག་རེར་གོ་སྒྲིག་བྱས་འདུག ཕྱི་ལོ་ ༢༠༠༢ ལོའི་རྩེད་འགྲན་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚོགས་ཡོད་ཅིང་། དེ་ནི་ཨེ་ཤ་ཡའི་ནང་དུ་འགྲན་ཚོགས་དེ་བསྡུས་པ་ཐེངས་དང་པོ་ཡིན་པ་དང་། ད་ལོ་ནི་འགྲན་ཚོགས་དེ་ཨེ་ཤ་ཡའི་ནང་བསྡུ་ཐེངས་གཉིས་པ་དེ་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist