མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་ནད་པ་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་སྨན་མ་རག་པའི་དཀའ་ངལ་འཕྲད་འདུག

བོད་ཀྱི་དུས་བབ།
༢༠༢༢/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རེབ་གོང་ཁུལ་དང་སི་ཁྲོན་རྔ་བ་ཁུལ་སོགས་སུ་ཆམ་རིམས་ལྟ་བུ་ཕོག་སྟེ་ཚ་བ་རྒྱས་པ་དང་མགོ་ན་བ་སོགས་ཀྱི་ནད་མནར་འགོ་མཁན་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་སྨན་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

པགས་རྩག་གྱོན་པའི་བྱིས་པ་ཞིག་ལ་ཏོག་དབྱིབས་བརྟག་དཔྱད་བཞིན་པ། དྲ་ལམ་གྱི་པར།

ཉེ་སྔོན་རྒྱ་ནག་གཞུང་གིས་ཏོག་དབྱིབས་བཀག་སྡོམ་གློ་བུར་དུ་ཀློད་དེ་མི་མང་གིས་སོ་སོར་བདག་པོ་རྒྱག་དགོས་པ་དང་། གལ་སྲིད་ནད་མནར་ཚབས་ཆེན་བྱུང་ཚེ་སྨན་ཁང་དུ་སྟོན་དགོས་ལུགས་བསྒྲགས་ཡོད་པ་དང་། ད་ལྟའི་ཆར་བོད་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཕྱོགས་སུ་ཆམ་རིམས་ལྟ་བུ་ཞིག་ཕོག་སྟེ། ལུས་ཡོངས་སུ་ཚ་བ་རྒྱས་པ་དང་མགོ་ན་བ། ཟུངས་ཤུགས་ཉམས་པ་སོགས་རིམས་ནད་ན་མཁན་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། བོད་རེབ་གོང་ས་ཁུལ་དང་སི་ཁྲོན་རྔ་བ་ཁུལ་སོགས་ནས་སྨན་མ་རག་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག

ཉིན་ཤས་གོང་དུ་རེབ་གོང་རོང་བོ་དགོན་ཆེན་གྱིས་མི་མང་ལ་མི་འགྱངས་བར་རི་ཁྲོད་ལོ་མ་གྱོན་མའི་སྨན་སྦྱིན་གནང་རྒྱུ་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག་ལ། བོད་སྨན་འཕྲུལ་ཐང་དང་རིན་ཆེན་མང་སྦྱོར་ཆེན་མོ་སོགས་ཀྱིས་ཕན་ཐོགས་ཡོང་གི་ཡོད་ཀྱང་རག་ཁག་པོ་ཆགས་ཡོད་འདུག དེའི་ཐད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་སྲིད་གཞུང་གིས་མི་མང་ལ་སོ་སོས་སོ་སོར་བདག་པོ་བརྒྱག་དགོས་སྐོར་བརྗོད་པ་ཙམ་ལས་བཀོད་སྒྲིག་དང་གཟིགས་སྐྱོང་རོགས་རམ་གང་ཡང་བྱེད་ཀྱི་མེད་སྐོར་བརྗོད་བྱུང་།

ཡང་བོད་ནང་གི་བོད་མི་ཞིག་གིས། བོད་མཛོད་དགེ་ཁུལ་དུ་རིམས་ནད་ཀྱི་བཀག་རྒྱ་ཀློད་རྗེས་རིམས་ནད་མཆེད་མགོ་བརྩམས་ཤིང་། མཛོད་དགེ་རྫོང་དང་། རྔ་བ་རྫོང་།  ཁྱུང་ཆུ་རྫོང་སོགས་ཀྱི་མི་ཧ་ཅང་མང་པོ་ཞིག་ལ་གཟུགས་པོའི་རུས་ཚིགས་དང་མགོ  མིད་པ་སོགས་ན་ནས་ཉལ་སར་ལྷུང་ནས་ཉུང་མཐར་ཉིན་གྲངས་གསུམ་ཙམ་ལ་ཉལ་སར་ལྷུང་གི་ཡོད་པ་དང་། རིང་ན་བདུན་ཕྲག་གཅིག་ནས་གཉིས་རིང་ཉལ་སར་ལྷུང་གི་ཡོད་ཀྱང་། ཟུར་འཇོག་ཁང་དུ་འགྲོ་འདོད་མེད་པར་རང་ཁྱིམ་དུ་བསྡད་ནས་དྲག་སྐྱེད་ཡོང་ཐབས་བྱེད་བཞིན་ཡོད་སྐོར་དང་། སྤྱིར་བཏང་བཀག་སྡོམ་ནན་པོ་བྱེད་ཀྱི་མེད་ཀྱང་ཡར་མར་གང་འདོད་འགྲོ་འོང་བྱེད་མི་ཆོག་སྐོར་བརྗོད་བྱུང་།

ཡང་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཕྱི་ཟླ་ ༡༢ ཟླ་ ༡༠ ཡས་མས་ནས་བོད་ཁུལ་གྱི་སློབ་གྲྭ་ཁག་གནས་སྐབས་སྒོ་བརྒྱབ་སྟེ་དྲ་ཐོག་ནས་སློབ་འཁྲིད་བྱེད་བཞིན་ཡོད་ཀྱང་། དེ་རིང་ཞོགས་པར་བོད་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་བོད་པའི་སློབ་ཆུང་(གནས་ཚུལ་མཁོ་སྤྲོད་པའི་རེ་བ་བཞིན་ས་མིང་བྲིས་མེད)ཞིག་གི་ནང་། འཛིན་གྲྭ་གཅིག་ནང་ཁྱོན་སློབ་ཕྲུག་ ༤༢ ལྷག་ཡོད་པ་ནས་སློབ་ཕྲུག་ ༣༦ ན་ནས་དགོངས་པ་ཞུས་ཡོད་སྐོར་དང་། ཁྱིམ་ཚང་མང་པོ་ཞིག་གི་བཟའ་མི་ཚང་མ་ན་བ་དང་། ཡང་ན་བཟའ་མི་རེ་ཟུང་ན་བསྡད་པ་མང་པོ་ཡོང་གི་ཡོད་ཀྱང་། ཏོག་དབྱིབས་བརྟག་དཔྱད་བྱེད་པར་འགྲོ་འདོད་མེད་ལ། ཕྱིན་པ་ཡིན་ནའང་ཟུར་བཀག་ཁང་དེ་འདྲ་དམིགས་བསལ་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist