མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་རང་ཤི་བརྒྱབ།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་ཆུ་དམར་ལེབ་རྫོང་ནས་བོད་མི་ཞིག་གིས་རྒྱ་ནག་གི་ཁྱིམ་སྡོད་བཀའ་རྒྱ་མ་བཟོད་པར་ངོ་རྒོལ་བྱས་ནས་རང་ཤི་བརྒྱབ།

བོད་སྐྱེ་རྒུ་མདོ་ཁུལ་ཆུ་དམར་ལེབ་རྫོང་ནས་སྐར་རྣམ་གྱིས་ངོ་རྒོལ་བྱས་ཏེ་རང་ཤི་བརྒྱབ། པར་བོད་ནས་འདི་གར་མཁོ་སྤྲོད་བྱས།

ཕྱི་ཚེས་ ༨ ཉིན་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཁུལ་ཆུ་དམར་ལེབ་རྫོང་ནས་ཡིན་པའི་རང་ལོ་ ༥༠ ཡིན་པའི་མིང་ལ་སྐར་རྣམ་ཞེས་པ་ཞིག་གིས། ས་གནས་སུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཏེ་ཁྱིམ་མི་ཚོར་བཟའ་ཆས་མ་རག་པའི་དཀའ་ངལ་འཕྲད་དེ་ས་གནས་ཀྱི་མགོ་འཁྲིད་ཚོར་ཐེངས་མང་ཞུས་ཡོད་ཀྱང་། ཁ་ཡ་མ་བྱས་པར་བརྟེན། ཕྱི་ཟླ་ ༡༢ ཚེས་༨་ཉིན་གྱི་མཚན་དཀྱིལ་ཙམ་ལ་ཁོང་འུ་ཐུག་ཐབས་ཟད་ཀྱིས་ཆུ་དམར་ལེབ་རྫོང་རྩེད་ཐང་གི་གློག་སྒྲོན་ངོས་སུ་སྐེ་བཏགས་ནས་རང་ཤི་བརྒྱབ་ཡོད་འདུག

ཞོགས་པར་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་ཕུང་པོ་བཙན་འཁྱེར་བྱས་ནས་ཁྱིམ་མིར་སྤྲད་མེད་པ་མ་ཟད། ཁྱིམ་མི་ཚོར་མི་སུ་ལའང་སྐད་ཆ་སྣ་ཚོགས་བཤད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། འགྲོ་འོང་ལ་དམ་དྲག་ཆེན་པོ་བྱས་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

སྐར་རྣམ་ནི་ནམ་རྒྱུན་ནས་བཟོ་ལས་རིགས་ལ་ཧ་ཅང་མཁས་པ་མ་ཟད། དམིགས་བསལ་ཤིང་བཟོ་དང་ཚེམ་བཟོ་སོགས་ལ་བྱང་དུ་ཆུབ་པ་ཞིག་ཡིན་འདུག ད་དུང་ཁྱིམ་མཚེས་དང་ས་གནས་མི་མང་ལ་རོགས་རམ་མང་པོ་བྱས་ཡོད་འདུག  སྐར་རྣམ་ནི་ཆུ་དམར་ལེབ་རྫོང་རྫ་སྐྱ་སྡེ་བ་ནས་ཡིན་ཞིང་། ནམ་རྒྱུན་ཁོ་རང་གི་ལག་ཤེས་བཟོ་ལས་བརྟེན་ནས་ཁྱིམ་མིའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁོང་གི་བཟའ་ཟླ་རང་ལོ་ ༤༠ ཙམ་ཡིན་འདུག  ཁོང་གཉིས་ལ་རང་ལོ་ ༢༠  ཙམ་ཡིན་པའི་བུ་ཕྲུག་གཉིས་དང་། ལོ་ན་༨༠ ལྷག་ཡིན་པའི་ཨ་ཕ་ཞིག་ཀྱང་ཡོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist