མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རྨ་སྟོད་ཀྱི་ཁྱིམ་ཚང་ ༢༠༠ ལྷག་ལ་འགྲོ་ས་འདུག་ས་མེད་པ་བཟོས།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་ཀྱི་གྲོང་གསར་ཞིག་གི་ཁྱིམ་ཚང་ ༢༠༠ ལྷག་གཅིག་ཀྱང་མ་བཞག་པར་ཕྱིར་འབུད་བཏང་སྟེ་ཁང་པ་ཚང་མ་གཏོར་ཡོད་སྟབས་ཁྱིམ་ཚང་དེ་དག་ལ་འགྲོ་ས་འདུག་ས་མེད་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

མགོ་ལོག་རྨ་སྟོད་རྫོང་ཐོག་གི་ཤར་ཕྱོགས་ནས་སྤྱི་ལེ་ ༣ ཙམ་གྱི་སར་ཡོད་པའི་གྲོང་གསར་ཁུལ། 

གྲོང་གསར་ནས་ཕྱིར་འབུད་བཏང་བའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། ཁྱིམ་ཚང་ ༢༠༠ དེ་དག་ཕྱིར་འབུད་བཏང་རྗེས་གྲོང་གསར་གྱི་ཁང་པ་ཚང་མ་གཏོར་ཡོད་པ་དང་། དང་ཐོག་རྨ་སྟོད་རྫོང་ཐོག་གི་བྱང་ཕྱོགས་སུ་སྤྱི་ལེ་ ༣ ཙམ་ལས་མེད་པའི་འབྲོག་ལས་ཁུལ་(牧场)དུ་ཁང་པ་གསར་རྒྱག་བྱས་ཏེ་གོ་སྒྲིག་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ཏོག་དབྱིབས་བཀག་སྡོམ་སོགས་ཀྱིས་འཛུགས་སྐྲུན་མུ་མཐུད་བྱས་མེད་འདུག

གྲོང་གསར་ནས་ཕུད་པའི་བོད་མི་ཞིག་གིས། ང་ཚོ་དུད་ཁྱིམ་ ༢༠༠ ལྷག་དེ་ཡང་བསྐྱར་ས་གནས་གཞན་དུ་སྤོ་དགོས་པ་རེད་ཅེས་བཀའ་བཏང་ཡོད་པ་དང་། ཁྱིམ་ཚང་མང་པོ་ཞིག་འགྲོ་ས་མེད་པར་ཁང་པ་གཡར་ནས་བསྡད་ཡོད་པ་རེད། ཅེས་དང་། ཕྱི་ལོ་ ༢༠༡༡ ལོར་ང་ཚོ་འབྲོག་ས་ནས་གྲོང་དུ་ཕབ་པ་དང་། ཁང་པ་གསར་པ་སྤྲད་སོང་། ཁྱིམ་ཚང་ཁ་ཤས་ཤིག་གིས་རྒྱ་སྒོར་ཁྲི་ ༢ ནས་ ༦ བར་གྱི་འགྲོ་སོང་བཏང་སྟེ་ཁང་པའི་ནང་མཛེས་བཟོ་སོགས་བྱས་ཡོད་ཀྱང་། ཕྱིར་འབུད་གཏོང་སྐབས་དེ་དག་ལ་གུན་གསབ་གང་ཡང་སྤྲད་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གཞུང་གིས་རྨ་སྟོད་རྫོང་ཁོངས་ཀྱི་རྨ་ཆུ་ཡུལ་ཚོ་དང་། མཛོ་ར་ཡུལ་ཚོ། སྐྱ་རིང་ཡུལ་ཚོ། ནག་ཆུ་སྡེ་བ་བཅས་འབྲོག་སྡེའི་ཁྱིམ་ཚང་ ༢༠༠ ལྷག་བཙན་གྱིས་རྨ་སྟོད་རྫོང་ཐོག་གི་ཤར་ཕྱོགས་སུ་སྤྱི་ལེ་ ༣ ཙམ་གྱི་སར་གྲོང་གསར་ཁུལ་དུ་གནས་སྤོ་རུ་བཅུག་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༦ ཡས་མས་ནས་རྫོང་སྲིད་གཞུང་གིས་ས་གནས་དེར་འཛུགས་སྐྲུན་ལས་གཞི་ཞིག་ལག་བསྟར་བྱ་རྒྱུ་ཡིན་ལུགས་བརྗོད་དེ། ཁྱིམ་ཚང་གཅིག་ཀྱང་མ་བཞག་པར་ཕྱིར་འབུད་བཏང་ཡོད་པ་དང་། ཁྱིམ་ཚང་མང་པོ་ཞིག་རྨ་སྟོད་རྫོང་ཐོག་ཏུ་ཕྱིན་ཏེ་ནང་མི་སྤུན་མཆེད་ཡོད་སར་འདུག་མཁན་དང་། མང་པོ་ཞིག་གིས་ཁང་པ་གླས་ཏེ་རྫོང་ཐོག་ཏུ་བསྡད་ཡོད་འདུག ཡང་ཁག་ཅིག་ནག་ཆུ་སྡེ་བའི་ནང་ཕྱིན་ཏེ་ནང་མི་སྤུན་མཆེད་སོགས་ཀྱི་སར་བསྡད་ཡོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist