མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ལོ་གཅིག་ལྷག་བཙོན་འཇུག་བྱས་ནས་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

 བཙན་བྱོལ་ནས་ཕྱིར་བོད་དུ་ལོག་པའི་བོད་མི་གུ་རུ་སྐྱབས་ལགས་འདི་ལོའི་ཕྱི་ཟླ་ ༡༡ ནང་བཙོན་གྲོལ་བཏང་ཡོད་ཀྱང་མུ་མཐུད་ནས་རྟོག་ཞིབ་བྱས་ཏེ་འགྲོ་འདུག་ལ་རང་དབང་མེད་པ་རེད།

མགོ་ལོག་ཆིག་སྒྲིལ་རྫོང་ནས་ཡིན་པའི་གུ་རུ་སྐྱབས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

 རྒྱ་ནག་གཞུང་གིས་བཙན་བྱོལ་ནས་ཕྱིར་བོད་དུ་ལོག་མཁན་ཚོར་ཡང་ཡང་འདྲི་རྩད་དང་འགྲོ་འདུག་ལ་རྟོག་ཞིབ་བྱས་ཏེ་སུན་གཙེར་སྣ་ཚོགས་བཟོ་བཞིན་པ་ལྟར། ཕྱི་ལོ ༢༠༡༦ ཡས་མས་ཤིག་ལ་ཕྱིར་བོད་དུ་ལོག་པའི་མགོ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་རུ་ཁག་གསུམ་པའི་གུ་རུ་སྐྱབས་ཞེས་པ་ཞིག་ས་གནས་ཉེན་རྟོག་ཁང་གིས་ལན་མང་འབོད་འགུགས་བྱས་ཏེ་འདྲི་རྩད་བྱས་རྗེས། ཁོང་གིས་བཙན་བྱོལ་ནང་གི་བོད་མི་མང་པོར་འབྲེལ་འདྲིས་བྱས་པའི་ཉེས་མིང་གཡོགས་ཏེ་ལོ་ ༡ ལྷག་རིང་བཙོན་འཇུག་བྱས་ཡོད་འདུག

 འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས། གུ་རུ་སྐྱབས་ལགས་འདི་ལོའི་ཕྱི་ཟླ  ༡༡ ནང་ཁུ་སིམ་པོའི་ཐོག་ནས་ཀློད་གྲོལ་བྱས་ཏེ། ད་ལྟ་རང་ཁྱིམ་དུ་ཡོད་ཀྱང་། ཉེན་རྟོག་པའི་ཆོག་མཆན་མེད་པར་གང་བྱུང་ཡར་མར་འགྲོ་མི་ཆོག་པའི་ཁར། རྒྱ་ནག་གཞུང་ཉེན་རྟོག་པ་དང་། ལས་བྱེད། སོ་ཉུལ་བས་མུ་མཐུད་དུ་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་བྱེད་མུས་ཡིན་སྐོར་སོགས་བརྗོད་བྱུང་།

 ཡང་ཁོང་གིས། བཙན་བྱོལ་ནས་བོད་དུ་ལོག་པའི་བོད་མི་ཕལ་མོ་ཆེ་དོགས་གཟོན་བྱ་དགོས་པའི་ཁུངས་སུ་བཅུག་ནས་ཁ་པར་ཨང་གྲངས་དང་། ཐོབ་ཐང་དཔང་ཡིག་སོགས་ཐོ་འགོད་བྱ་བཅུག་གི་ཡོད་འདུག་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་སློབ་གསོ་ཟེར་བར་སློབ་སྦྱོང་བྱེད་དུ་བཅུག་སྟེ། མི་རིགས་ཁ་བྲལ་གྱི་བསམ་བློ་རྨང་ནས་དོར་ཏེ། རྒྱ་ནག་རྒྱལ་ཁབ་ལ་དགའ་ཞེན་དང་བརྩེ་འདང་དགོས་པའི་སྐུལ་འདེད་གཏོང་གི་ཡོད་སྐོར་བརྗོད་བྱུང་།

 ད་ལྟ་རང་ལོ ༣༦ ཡིན་པའི་བོད་རིགས་གཞོན་སྐྱེས་གུ་རུ་སྐྱབས་ལགས་ནི་མགོ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་རུ་ཁག་གསུམ་པ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ཙམ་ལ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་སྟེ་ཡུན་རིང་མ་བསྡད་པར་ཕྱིར་བོད་དུ་ལོག་ཡོད་འདུག ཉེ་ཆར་ཁོང་ཀློད་གྲོལ་བྱས་རྗེས་མ་གཏོགས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཕྱིའི་བརྒྱུད་ལམ་དུ་བསླེབས་ཐུབ་མི་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese