མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་གྱི་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་ལེགས་པར་གྲུབ།

བོད་ཀྱི་དུས་བབ།
༢༠༢༢/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་བསྩལ་བ་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་དུས་ལུས་བདེ་བ་དང་སེམས་སྐྱིད་པ། ད་དུང་ཚེ་རིང་པོ་ཡོང་བར་ཕན་ཐོགས་ཏན་ཏན་ཡོང་གི་ཡོད་པའི་སྐོར་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གཉིས་པ། ༢༠༢༢།༡༢།༣༡ པར་དུས་བབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བྱང་ཆུབ་ཀྱི་སེམས་གལ་ཆེ་ཤོས་རེད། རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས། གཞན་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས། འཕྲལ་དུ་བདེ་བའང་བྱང་ཆུབ་ཀྱི་སེམས། ཕུགས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱ་རྒྱུ་དེའང་བྱང་ཆུབ་ཀྱི་སེམས། མདོར་ན་རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་དེ་དངོས་གནས་དྲང་གནས་ཀྱིས་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་རེད། གང་ལྟར་ང་ཚོ་བོད་གངས་ཅན་གྱི་ཆོས་བརྒྱུད་མཁན་ཆེན་ཞི་བ་འཚོ་ནས་བྱང་ཆུབ་ཀྱི་སེམས་སོགས་ཉམས་ལེན་བྱ་རྒྱུ་དེ་ནན་ཏན་བྱས་ནས་གསུངས་འདུག ང་ཚོ་བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པར་ཚང་མས་བྱང་ཆུབ་སེམས་ཀྱི་ཉམས་བཞེས་གནང་། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་དུས་འཕྲལ་དུ་ལུས་བདེ་བ་དང་སེམས་སྐྱིད་པ། དེའི་སྒང་ནས་ཚེ་སྒྲུབ་ཀྱང་རེད་འདུག སེམས་ལ་དངོས་གནས་དྲང་གནས་ཀྱིས་ཞི་བདེ་ཡོང་བའི་སྐབས་སུ་ལུས་ཀྱི་འབྱུང་བ་དེ་དག་སྙོམས། དེ་ལ་བརྟེན་ནས་ལུས་བདེ་ཐང་དང་ཚེ་རིང་པོ་ཡོང་རྒྱུ་ལའང་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད་འདུག འཕྲལ་དུ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་ན་གཉིད་ཡག་པོ་ཁུག་ཐུབ་ཀྱི་ཡོད་པ་རེད། སེམས་ཁྲལ་དང་ཞེ་སྡང་སོགས་ཁྱོན་ནས་མེད་པར་སེམས་ལྷོད་ཤིག་གེར་བསྡད་ནས་ཉིན་བདེ་བ། མཚན་བདེ་བ། དེ་བཞིན་རང་དོན་བསྒྲུབ་རྒྱུ་དང་དེ་ལ་བརྟེན་ནས་གཞན་དོན་བསྒྲུབ་རྒྱུ་དེ་ལས་ལྷག་པ་མི་འདུག ཅེས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གཉིས་པ། ༢༠༢༢།༡༢།༣༡ པར་དུས་བབ།

མུ་མཐུད་དུ་༧གོང་ས་མཆོག་ནས། བྱང་ཆུབ་ཀྱི་སེམས་ཟེར་བའི་དོན་དག་ཡག་པོ་ཤེས་པར་སྒྲིབ་པ་སྤངས་པའི་བྲལ་བའི་ཡོན་ཏན་དེར་བསམ་བློ་གཏང་དགོས་རེད། གནས་ལུགས་མཐོང་བའི་ཤེས་རབ་ཀྱིས་སྒྲིབ་བསྡད་ན་ཡིད་ལ་ཆུབ་ཐུབ་པ་ཞིག་ཡོད་མ་རེད། སྤྱིར་བཏང་བྱང་ཆུབ་སེམས་པར་འགྱུར་བའི་མདོ་སྡེ་པ་དང་སེམས་ཙམ་པ། དབུ་མ་པ་བཅས་ཡོད་པ་རེད། ཡིན་ནའང་། དབང་པོ་རྣོན་པོའི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ཡག་པོ་ཡོང་བར་སྟོང་ཉིད་ཀྱི་ལྟ་བ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་རིང་ང་ཚོ་གནས་ཁྱད་པར་ཅན་འདིར་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། ད་ལྟ་སྐབས་སུ་བབས་པ་དེ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བྱ་རྒྱུ་དེ་རེད། ཟུར་བཀོལ་ནང་ལའང་ཡོང་གི་འདུག་ལ་རིན་འབྱུང་ནང་ལའང་ཐོན་ཡོང་གི་འདུག ངོས་རང་གིས་ལྷ་ས་ནས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་རིན་འབྱུང་བརྒྱ་རྩའི་ནང་གི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཞུས་པ་གསལ་པོ་དྲན་གྱི་འདུག བྱིན་རླབས་དང་དབང་ཡང་མང་པོ་ཞུས་ཡོད་པ་རེད། སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངོས་ལ་དཔེ་ཆ་ཁྲིད་རྒྱུ་ཞེ་དྲགས་མེད་ནའང་། དབང་དང་བྱིན་རླབས་མང་པོ་ཞིག་ཐོབ་ཡོད་པ་རེད། ཟུར་ཁ་བརྒྱ་རྩ་འདི་ཟུར་འདོན་ལྟ་བུ་ཞིག་ཡོད་པར་བརྟེན། འདི་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཞིག་དྲན་གྱི་མི་འདུག དེ་འདྲ་སོང་ཙང་རྒྱ་གར་ནང་བསླེབས་ནས་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཟུར་ཁ་བརྒྱ་རྩའི་བྱིན་རླབས་ཐོབ་ཡོད། ཅེས་གསུངས་ཏེ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བསྩལ་ཏེ་ཐེངས་འདིའི་བཀའ་ཆོས་ལེགས་པར་གྲུབ་སོང་།

སང་ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དགེ་ལྡན་པ་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།

གསར་འགོད་པ་བསྟན་འཛིན་ཕུར་བུས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese