མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་འདིའི་ནང་ལ་བཀྲ་ཤིས་པའི་ཉི་མ་ཤར་རྒྱུའི་མགོ་འཛུགས་ཀྱི་ཡོད་པར་སྣང་བས་དེ་གཞིར་བཟུང་ཚང་མས་ཐུགས་སྨོན་གནང་རོགས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་དགེ་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

གནས་མཆོག་རྡོ་རྗེ་གདན་དུ་དགེ་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༡།༡ པར་དུས་བབ།

༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། དེ་རིང་མ་འགྲིག་ལྷུན་འགྲུབ་རང་རེད་གདའ། ཕྱི་ལོའི་ལོ་གསར་ལོ་བརྒྱ་ཕྲག་གཅིག་མགོ་བཙུགས་པ་ཞིག་རེད། ཁྱེད་རང་ཚོས་གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་བརྟན་བཞུགས་གནང་བ་དང་། བརྟན་བཞུགས་གནང་མཁན་ཁྱེད་རང་ཚོ་སེར་འབྲས་དགའ་གསུམ་དང་། ས་སྐྱ། བཀའ་བརྒྱུད། རྙིང་མ་བཅས་རེད། དེ་དག་དངོས་གནས་དྲང་གནས་ཀྱིས་བོད་ཀྱི་བསྟན་པའི་འཁུར་བཞེས་མཁན་དེ་དག་དེ་རིང་འདིར་ཆེད་མངགས་ཕེབས་ཏེ་བརྟན་བཞུགས་གནང་གི་ཡོད་པ་རེད། རྟེན་འབྲེལ་མཐུ་བཙན་པོ་ཡིན་དུས་ཏན་ཏན་ནུས་པ་ཞིག་ཐོན་ཡོད་རེད། ང་རང་ལ་ཆ་བཞག་ནའང་ལོ་བརྒྱ་ཕྲག་གི་རིང་ལ་སོ་སོའི་ལུས་རྟེན་འདིའི་སྟེང་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་བསྒོས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་དེ་དག་གཞན་དོན་རྒྱ་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཞིག་ངོས་རང་གིས་སྨོན་ལམ་བརྒྱབ་པ་དང་དམ་བཅའ་བཞག་གི་ཡོད། ཆེ་ས་ནས་བཤད་ན་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པ་དེ་ངོས་ཀྱིས་རྟག་པར་སྨོན་ལམ་རྒྱག་གི་ཡོད། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་ཀྱི་ད་ལྟའི་གནས་སྟངས་དཀའ་ངལ་ཞིག་གི་ནང་ལ་བསྡད་ཀྱི་ཡོད་པས། ཆོལ་ཁ་གསུམ་གྱི་བོད་རྒྱ་ཆེ་མི་མང་དང་། དེ་དང་ཆབས་ཅིག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ་དེ་དག་ཚང་མས་སྙིང་ཁོངས་རུས་པའི་གཏིང་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་པ་ཞིག་གི་ཐོག་ནས་བོད་གངས་ཅན་གྱི་བདེན་མཐའ་མྱུར་དུ་གསལ་རྒྱུ་ཞིག་ཚང་མས་སྙིང་ཁོངས་རུས་པའི་གཏིང་ནས་རེ་འདུན་དེ་འདྲ་འཆང་གི་ཡོད་པ་རེད། ཅེས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་དུ་དགེ་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༡།༡ པར་དུས་བབ།

ཡང་༧གོང་ས་མཆོག་ནས། གནས་ཁྱད་པར་ཅན་འདིར་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པ་ཚོས་བརྟན་བཞུགས་གནང་གི་ཡོད་པ་རེད། བརྟན་བཞུགས་ཀྱི་ནུས་པ་ཏན་ཏན་ཡོང་གི་རེད། ངོས་རང་ཡང་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད། ཁ་སང་ཞུས་པ་རེད། ངོས་ཀྱི་རྨི་ལམ་ལ་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་རྒྱུའི་མཚན་མ་དེ་འདྲ་བརྟན་པོ་བྱུང་། ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཡིན་དུས་ངོས་རང་གི་ཚེ་ལོ་བརྒྱ་དང་བཅུ་གྲངས་སྡོད་ཐུབ་རྒྱུའི་ཕྱི་ནང་གི་རྟེན་འབྲེལ་ཞིག་འཛོམས་བསྡད་པའི་ཟོལ་ཞིག་འདུག ངོས་ཀྱིས་སྨོན་ལམ་བརྒྱག ཁྱེད་རང་ཚོས་ཀྱང་དེ་དེ་བཞིན་དུ་སྨོན་ལམ་ཡག་པོ་ཞིག་རྒྱོབས། ཞེས་དང་། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ནང་པའི་ཆོས་ཀྱི་མཐོང་དེ་ཆེ་རུ་འགྲོ་ཡི་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ལ་བར་སྐབས་ཤིག་ནས་ནང་པའི་ལྟ་གྲུབ་ལ་དོ་སྣང་སླེབས་པ་ཞིག་ཡོང་སྡོད་ཀྱི་ཡོད་པ་རེད། སྔ་མོ་ཡིན་ན་ནང་པའི་ཆོས་ (Buddhism) ལབ་དུས་ཨེ་ཤ་ཡ་རྐྱང་རྐྱང་གོ་བསྡད་ཀྱི་ཡོད་རེད། དེ་རིང་ཁ་སང་འཛམ་བུ་གླིང་ཀུན་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་དེ་ཚོའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཤིང་། ཚན་རིག་པའང་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་ང་ཚོ་བོད་གངས་ཅན་པ་གཅིག་པོ་མ་རེད། ཐད་ཀར་རྒྱ་ནག་ལ་ཆ་བཞག་ན། སྔར་ནང་པའི་ལུང་པ་ཞིག་རེད། བར་སྐབས་ནང་པའི་ཆོས་ལ་རྡུང་རྡེག་དམིགས་བསལ་བཏང་ཡོད་རེད། དེང་སང་གཞི་ནས་རྒྱ་ནག་ནང་ལ་ནང་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབ་ཀྱི་ཡོད་པ་རེད། དེར་བརྟེན། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལོགས་ལ་འགྱུར་བ་མང་པོ་ཞིག་ཏན་ཏན་ཡོང་ཐུབ་རྒྱུ་རེད་འདུག ངོས་རང་གི་ངོས་ནས་སེམས་ཤུགས་སྐྱེད་པ་དང་ལྷག་བསམ་རྒྱུན་དུ་བཅངས་ནས་སྡོད་ཀྱི་ཡོད། ད་དུང་ངོས་རང་ལ་ཆ་བཞག་ནའང་གཟུགས་པོ་བདེ་ཐག་ཆོད་ཡོད། ངོས་ཀྱིས་ལབ་ཆོག་ན་ཀླད་པའང་གྲུང་ཐག་ཆོད་ཡོད། དེར་བརྟེན་གཟུགས་པོ་བདེ་ཐང་དང་ཀླད་པ་གྲུང་པོ། ག་དུས་ཡིན་ནའང་འཛུམ་ཤིག་ཤིག་བྱས་ནས་སྡོད་ཀྱི་ཡོད། འདི་མུ་མཐུད་དུ་ལོ་བཅོ་ལྔ་ལྷག་ཅིག་ཏན་ཏན་བསྡད་ཀྱི་རེད། ཁྱེད་རང་ཚོ་ཚང་མའི་སེམས་སྤྲོ་སིང་ངེའི་ངང་ནས་སྙིང་སྟོབས་གོང་ནས་གོང་དུ་འཕེལ་བ་ཞིག་གནང་དགོས། ཞེས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་དུ་དགེ་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༣།༡།༡ པར་དུས་བབ།

བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་ཏེ་༧གོང་ས་མཆོག་ནས། བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་ནས་བྱུང་བསྡད་པའི་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཧ་ཅང་གིས་ཡག་པོ་རེད་འདུག དེང་སང་སེམས་ཁམས་རིག་པ་སྨྲ་མཁན་གྱིས་དོ་སྣང་གསར་པ་བྱ་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་རྒྱ་ཆེ་མི་མང་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱིས་དོ་སྣང་ཡོད་མཁན་ཚང་མས་སེམས་ཤུགས་སྒྲིལ་ནས་བསྟན་པ་རིང་དུ་གནས་རྒྱུར་ཚང་མས་སྨོན་ལམ་བརྒྱག་གི་ཡོད་རེད་ལ། དེ་འདྲའི་རེ་འདུན་ཞིག་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན། འཛམ་བུ་གླིང་འདིའི་སྒང་ལ་ངོས་རང་གི་མིང་འདི་འཛམ་གླིང་གང་སར་ཏཱ་ལའི་བླ་མ་ལབ་དུས་རྒྱུས་ཡོད་པ་ཞིག་དང་། ངོས་རང་གི་བསམ་ཚུལ་ཇི་འདྲ་ཡོད་པ་དེ་དག་ཕལ་ཆེར་ག་ས་གང་ནས་ཤེས་བསྡད་པ་དང་དོ་སྣང་གསར་པ་བྱ་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད། བོད་ཁ་བ་གངས་ཅན་གྱི་ལྗོངས་ལ་རྐྱེན་ངན་མང་པོ་ཞིག་བྱུང་ཡོད་པ་རེད་དེ། རྐྱེན་ངན་གྲོགས་སུ་ཤར་བ་ནང་བཞིན་འཛམ་བུ་གླིང་འདིའི་སྒང་ལ་བོད་ཀྱི་ཆོས་དང་རིག་གཞུང་ལབ་དུས་དོ་སྣང་གསར་པ་བྱ་རྒྱུ་ཞིག་སླེབ་ཀྱི་ཡོད་པ་རེད། ངོས་ནས་ཧུར་ཐུག་བྱེད་ཀྱི་རེད། ཁྱེད་རང་ཚོ་ཚང་མས་ཧུར་ཐག་གནང་ཤོག ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་ཉམས་བཞེས་གཟབ་གཟབ་བྱས་ནས་གནང་། སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་བུ་གླིང་གི་གཅེས་ནོར་ཡིན་བསམ་པའི་ཐོག་ནས་ཉམས་པ་སོར་བཅུད་མི་ཉམས་གོང་སྤེལ་ཡོང་རྒྱུའི་ཐད་ཚང་མས་ཐུགས་འཁུར་སྐྱེད་རོགས་གནང་ཞུ་རྒྱུ་དང། དུས་རབས་འདིའི་ནང་ལ་བཀྲ་ཤིས་པའི་ཉི་མ་ཤར་རྒྱུ་ཞིག་མགོ་འཛུགས་ཀྱི་ཡོད་པ་ཞིག་ཕལ་ཆེར་ངོས་རང་གི་བློར་ཡོང་གི་འདུག་ལ། རྣམ་པ་ཚོའི་ཐུགས་ལའང་དེ་འདྲ་འཆར་གྱི་རེད་ལ། དེ་དོན་གཞིར་བཟུང་གིས་ཐུགས་སྨོན་མཚམས་སྦྱོར་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་བསྟན་འཛིན་ཕུར་བུས་སྤེལ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༢ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese