མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཕོ་བྲང་པོ་ཏ་ལ་དངོས་སུ་དད་ལྡན་མང་ཚོགས་ལ་སྒོ་ཕྱེ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཟླ་བཞིའི་རྗེས་སུ་གཞི་ནས་ཕོ་བྲང་པོ་ཏ་ལར་དད་ལྡན་མང་ཚོགས་མཆོད་མཇལ་གཏོང་མགོ་བརྩམས་འདུག

ཕོ་བྲང་པོ་ཏ་ལ། དྲ་ལམ་གྱི་པར།

དེ་རིང་ཕྱི་ཚེས་ ༣ ཉིན་ནས་བཟུང་ཕྱི་ཟླ་ ༣ ཚེས་ ༡༥ བར་ཕོ་བྲང་པོ་ཏ་ལ་དངོས་སུ་མང་ཚོགས་ལ་སྒོ་ཕྱེ་སྟེ་རིན་མེད་ངང་མཆོད་མཇལ་གཏོང་གི་ཡོད་པ་དང་། ད་ཐེངས་ནི་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལ་སྒོ་བརྒྱབ་སྟེ་ཟླ་བཞིའི་རྗེས་སུ་གཞི་ནས་མང་ཚོགས་ལ་སྒོ་ཕྱེ་ཡི་ཡོད་པ་རེད་འདུག

དེ་འབྲེལ་ཕོ་བྲང་པོ་ཏ་ལ་དོ་དམ་ལས་ཁུངས་ཟེར་བའི་གསལ་བསྒྲགས་ནང་། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་གཞིར་བཟུང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་༡ ཚེས་ ༣ ཉིན་ནས་ཟླ་ ༣ ཚེས་ ༡༥ ཉིན་བར་ལྟ་སྐོར་བྱེད་པར་སྒོ་འཛིན་ཉོ་དགོས་མེད་པ་རེད། ཅེས་བརྗོད་འདུག

མཆོད་མཇལ་ལ་ཕེབས་སྐབས་ཡུལ་སྐོར་བ་དག་གིས་སྒྲིག་ཁྲིམས་དོན་ཚན་གསུམ་ལག་བསྟར་བྱེད་དགོས་པའི་ཁྲོད། གཅིག་ཡུལ་སྐོར་བས་དྲ་ལམ་བརྒྱུད་ཉིན་གཅིག་གི་སྔོན་ནས་ཕོ་བྲང་པོ་ཏ་ལར་མཆོད་མཇལ་གྱི་ཐོ་འགོད་བྱེད་དགོས་པ་དང་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་དང་བདེ་འཇགས་ཞིབ་བཤེར་བྱས་རྗེས་ཐད་ཀར་འཛུལ་ཆོག་པ་དང་། གཉིས་ཡུལ་སྐོར་བས་ངེས་པར་དུ་ལམ་ཐག་ཧྲིལ་པོར་ཁ་རས་རྒྱག་དགོས་པ་མ་ཟད། བར་ཐག་སྨི་གཅིག་ཡན་བར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། གསུམ་མི་མང་པོ་འདུ་འཛོམས་བྱེད་ཚད་ཉུང་དུ་གཏོང་ཆེད། མཆོད་མཇལ་གྱི་དུས་ཚོད་དང་མཇལ་བ་ཁག་བགོས་སོགས་ལག་བསྟར་བྱ་རྒྱུ་ཡིན་སྟབས། མཆོད་མཇལ་དང་ཡུལ་སྐོར་བ་དག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་འཛུགས་བྱེད་སྟངས་དང་འཕྲལ་སྡོམ་ཐག་གཅོད་ལ་སོགས་པའི་ས་གནས་ས་ཐོག་གི་ལས་དོན་མི་སྣའི་དོ་དམ་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་སོགས་ཞུས་འདུག

ཡང་། འདས་ཟླའི་ཕྱི་ཚེས་ ༢༧ ཉིན་ནས་ལྷ་ལྡན་གཙུག་ལག་ཁང་སླར་ཡང་སྒོ་ཕྱེས་ཏེ་དད་ལྡན་མང་ཚོགས་ཀྱིས་མཆོད་མཇལ་བྱེད་མགོ་བརྩམས་ཡོད་པ་མ་ཟད། མཆོད་མཇལ་ལམ་བར་གྱི་མཆོད་མར་འཚོང་མཁན་ཚོས་ཀྱང་ལས་འགོ་ཚུགས་ཡོད་པ་སོགས་བོད་ཀྱི་རྒྱལ་ས་ལྷ་ས་དང་བོད་ཀྱི་ས་ཁུལ་ཡོངས་སྒོ་ཕྱེ་ཡོད་པ་རེད་ལ། ལྷ་སའི་ཁུལ་གྱི་འབྲས་སྤུངས་དང་སེ་ར་དགོན། དགའ་ལྡན་དགོན་བཅས་སེ་འབྲས་དགའ་གསུམ་དང་དེ་བཞིན་བོད་ཀྱི་དགོན་སྡེ་དང་པོ་བསམ་ཡས་གཙུག་ལག་ཁང་སོགས་སྒོ་ཕྱེས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist