མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༡༦ ལྷག་གིས་རྒྱ་ནག་གི་ནད་ཡམས་བཀག་སྡོམ་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་ཏོག་དབྱིབས་ནད་པའི་གྲངས་འབོར་སོགས་གསང་རྒྱ་བྱེད་བཞིན་ཡོད་པ་དང་ཏོག་དབྱིབས་ཀྱི་བཀག་སྡོམ་ཕྱོགས་ཡོངས་ནས་ཀློད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བར་བརྟེན། འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་གི་འགྲིམ་འགྲུལ་ལ་དོ་ནན་སྟངས་འཛིན་བྱེད་མགོ་བརྩམས་འདུག

A South Korean soldier wearing personal protective equipment (PPE) leads a group of Chinese tourists for coronavirus disease testing centre upon their arrival at the Incheon International Airport in Incheon, South Korea, Jan. 4, 2023. (Reuters)

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀྱི་བཀག་རྒྱ་ཀློད་པར་བརྟེན་ནས་ཉིན་རེར་ཏོག་དབྱིབས་ནད་པའི་གྲངས་འབོར་ཤུགས་ཆེན་འཕར་གྱིན་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་ ༡༦ གིས་རྒྱལ་ཁབ་རང་རང་གི་གནམ་ཐང་ཁག་ཏུ་རྒྱ་ནག་ནས་ལོགས་ཡོང་མཁན་དང་ཡུལ་སྐོར་བ་དག་ལ་ཏོག་དབྱིབས་ནད་རྟགས་མེད་པའི་གཏན་འཁེལ་བརྟག་དཔྱད་གཏོང་མགོ་བརྩམས་དང་རྩོམ་མུས་ཡིན་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ནད་སྲིན་གྱི་ངོ་བོ་དང་ནད་པའི་གྲངས་འབོར། འདས་གྲོངས་སུ་ཕྱིན་པ་དང་འགོག་ཁབ་བརྒྱབ་ཟིན་པ་སོགས་ཏོག་དབྱིབས་སྐོར་གྱི་གནས་སྟངས་དངོས་དེ་མཁོ་སྤྲོད་དགོས་པ་ནན་སྐུལ་བྱས་ཡོད་འདུག

ཨ་རིའི་དུས་བབ་དུས་དེབ་ཀྱི་གནས་ཚུལ་ལྟར་ན། ད་ལྟ་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་ཨ་རི། སི་པན། ཧྥ་རན་སི།  ཉི་ཧོང་། རྒྱ་གར། ཐའེ་ཝན། མ་ལི་ཞི་ཡ། ཨི་ཟི་རལ། མོ་རོ་ཁོ། ཁཱ་ཊར། སྦེལ་ཇམ་སོགས་ཀྱིས། རྒྱ་ནག་ནས་ཕྱིར་ལོགས་པ་དང་ཡུལ་སྐོར་སླད་ཡོང་བའི་འགྲིམ་འགྲུལ་པར་ཏོག་དབྱིབས་ནད་རྟགས་ཡོད་མེད་བརྟག་དཔྱད་གཏོང་མུས་ཡིན་པ་དང་། དབྱིན་ཡུལ་དང་ཨོ་གླིང་། ཁེ་ན་ཌ། ལྷོ་ཀོ་རི་ཡ་བཅས་ཀྱིས་སང་ཉིན་ཕྱི་ཚེས་ ༥ ཉིན་ནས་རྒྱ་ནག་ནས་ལོགས་པའི་མི་ཚང་མར་ཏོག་དབྱིབས་གཉན་རིམས་འགོས་ཡོད་མེད་ཀྱི་བརྟག་དཔྱད་གཏང་རྒྱུ་ཡིན་པ་དང་། རྒྱ་གར་གྱིས་རྒྱ་ནག་ཙམ་དུ་མ་ཟད་ཧོང་ཀོང་དང་ཉི་ཧོང་། ལྷོ་ཀོ་རི་ཡ། སིན་གྷང་པོར་དང་ཐའེ་ལན་ཌི་སོགས་ནས་ལོགས་པའི་མི་ཚང་མར་ཏོག་ནད་བརྟག་དཔྱད་གཏོང་གི་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་ནས་ཨི་ཊ་ལི་རྒྱ་ནག་གི་ཏོག་དབྱིབས་འགོས་ཁྱབ་ལ་འཕྲོད་བསྟེན་སྲིད་ཇུས་ཀྱི་ཐོག་ནས་གདོང་ལེན་བྱེད་མཁན་ཐོག་མར་གྱུར་ཡོད་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧྥ་རན་སིས་རྒྱ་ནག་ནས་ལོགས་མཁན་ཚང་མར་ཏོག་ནད་ཡོད་མེད་ཀྱི་བརྟག་དཔྱད་གཏོང་མགོ་བརྩམས་པ་དང་བསྟུན། ཧྥ་རན་སིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་ནས་ལོགས་མཁན་ཡུལ་སྐོར་བ་དང་ཡུ་རོབ་ཀྱི་མི་སེར་དག་ལ་ཏོག་དབྱིབས་འགོས་ཁྱབ་བྱུང་ཡོད་མེད་བརྟག་དཔྱད་གཏོང་དགོས་པ་ནན་བརྗོད་བྱས་ཡོད་སྟབས། དེ་རིང་ཕྱི་ཚེས་ ༤ ཡི་ཉིན་རྒྱབ་ཏུ་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༢༧ ཐུན་མོང་གིས་གོ་རིམ་ལྡན་པའི་ངང་རྒྱ་ནག་ནས་ལོགས་མཁན་གྱི་མི་ཚང་མར་ཏོག་ནད་བརྟག་དཔྱད་བྱེད་སྟངས་ཐད་ཚོགས་འདུ་ཞིག་འཚོགས་ཡོད་ཀྱང་། ད་སྔ་བར་ཚོགས་འདུའི་ཐོག་ཐག་གཅོད་ཅི་ཞིག་བླངས་ཡོད་མེད་ཀྱི་གསལ་བསྒྲགས་གང་ཡང་སྤེལ་མི་འདུག

འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་ལ་འཕྲོད་བསྟེན་གྱི་སྲིད་ཇུས་ཐོག་ནས་ཁ་གཏད་གཅོག་གི་ཡོད་པའི་གནད་དོན་དེའི་ཐད། ཁ་སང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་སྟེང་། འཛམ་གླིང་རྒྱལ་ཁབ་ ༡༢ ལྷག་གིས་རྒྱ་ནག་གི་འགྲིམ་འགྲུལ་ཐོག་བརྟག་དཔྱད་གཏོང་དགོས་པའི་སྒྲིག་ཁྲིམས་བཟོས་པར་དགོས་མཁོ་མཐོང་གི་མེད་པ་དང་དེ་ནི་གནས་སྐབས་ཙམ་ཡིན་པ་མ་ཟད། ཚན་རིག་གི་གཞི་རྩ་གང་ཡང་མེད་སྐོར་བཀོད་འདུག་པ་དང་། ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། འཛམ་གླིང་རྒྱལ་ཁབ་དེ་དག་ལ་ཡ་ལན་གཅིག་མཚུངས་བསློག་རྒྱུའི་ཉེན་བརྡའང་བཏང་ཡོད་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གི་འགྲིམ་འགྲུལ་ཐོག་དོ་དམ་གྱི་སྲིད་ཇུས་ལག་བསྟར་བྱེད་པར་ཆབ་སྲིད་ཀྱི་དམིགས་འབེན་བཟུང་ཡོད་སྐོར་བརྗོད་འདུག

Photo : IANS

བྷི་བྷི་སི་གསར་ཁང་སོགས་ཀྱི་གནས་ཚུལ་ལྟར་ན། ད་ལྟ་འཛམ་གླིང་རྒྱལ་མང་པོས་རྒྱ་ནག་གི་འགྲིམ་འགྲུལ་ཐོག་དོ་ནན་གྱིས་བརྟག་དཔྱད་བྱེད་དོན་ནི། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་བཀག་སྡོམ་ཡོངས་ཀློད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་གཅིག གཉིས་ནས་རྒྱ་ནག་ནང་ཐོན་པའི་ནད་སྲིན་གྱི་ངོ་བོ་གསར་པ་ཞིག་ཡིན་པའི་དོགས་གཞི་ཡོད་པ་དང་། གསུམ་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་ཏོག་དབྱིབས་ནད་པ་དང་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་སོགས་གསང་བ་བྱེད་བཞིན་ཡོད་པས་ཡིན་པ་རེད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་ཏོག་དབྱིབས་ནད་པའི་གྲངས་འབོར་ཁྲོད། འདས་པའི་ཆུ་ཚོད་ ༢༤ རིང་རྒྱ་ནག་ནང་ཏོག་དབྱིབས་ནད་པ་དང་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཀོད་མི་འདུག་ལ། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་དྲ་ཐོག་ཏུ། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ནས་དེ་རིང་བར་ཏོག་དབྱིབས་ནད་པའི་གྲངས་འབོར་སོགས་ཀྱི་གནས་ཚུལ་གང་ཡང་སྤེལ་མི་འདུག འོན་ཀྱང་། བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། དབྱེ་ཞིབ་པ་ཁ་ཤས་ཀྱིས། རྒྱ་ནག་ནང་ཉིན་རེར་ཏོག་དབྱིབས་ནད་པ་ཁྱོན་ས་ཡ་གཉིས་ལྷག་ཡོད་པ་དང་། ཟླ་འདིའི་ནང་ཉིན་རེའི་ཏོག་དབྱིབས་ནད་པའི་གྲངས་འབོར་ས་ཡ་ ༤ ཙམ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༦ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese