མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་མཱ་རྫོན་གྱིས་ལས་མི་ ༡༨༠༠༠ ཡི་ལས་མཚམས་གཞག་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨེ་མཱ་རྫོན་གྱིས་དཔལ་འབྱོར་ཡོང་འབབ་དང་ཚོང་ལམ་སོགས་ངེས་གཏན་མེད་པའི་གནས་སྟངས་འོག་ལས་མི་ ༡༨༠༠༠ ཡི་ལས་མཚམས་གཞག་རྒྱུ་ཡིན་འདུག

The Amazon logo is displayed on a sign outside the company’s LDJ5 sortation center in the Staten Island borough of New York City, U.S. April 25, 2022. REUTERS/Brendan McDermid./File Photo/File Photo

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་དྲ་ལམ་ཁེ་གཉེར་ཁང་ཆེ་ཤོས་གྲས་ཡིན་པའི་ཨེ་མཱ་རྫོན་(Amazon)གྱིས། ད་ལྟའི་ཆར་དཔལ་འབྱོར་གྱི་གནས་བབ་དང་ཚོང་འབྲེལ་གནས་སྟངས་ངེས་གཏན་མེད་པ་དང་། འདས་པའི་ཏོག་དབྱིབས་གཉན་རིམས་སྐབས་ཀྱི་ལོ་གཉིས་ཀྱི་རིང་ལས་མི་མང་པོ་གསར་བསྡུ་བྱས་པ་སོགས་ལ་བརྟེན་ནས། ད་ལྟ་ཨེ་མཱ་རྫོན་གྱིས་ད་ཡོད་ལས་བྱེད་ཁྲོད་ཀྱི་ལས་མི་ཁྱོན་ ༡༨༠༠༠ ཡི་ལས་མཚམས་གཞག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

ཨེ་མཱ་རྫོན་གྱི་སྤྱི་གཉེར་བ་ཨན་ཌེ་ཇའེ་སིས་ (Andy Jassy) ཀྱིས། ང་ཚོས་ལས་མི་ཁྱོན་ ༡༨༠༠༠ ལྷག་གི་ལས་མཆམས་འཇོག་གི་ཡིན། ལས་མཚམས་འཇོག་ཡུལ་གྱི་སྡེ་ཚན་ནི། ཨ་མཱ་རྫོན་གྱི་ནང་གསེས་ཅ་དངོས་ཚོང་མཁན་དང་དེ་འབྲེལ་གྱི་ལས་མི་དག་ཡིན། ཞེས་དང་། ང་ཚོས་ལས་མི་རྣམས་ལས་མཚམས་འཇོག་དགོས་པའི་ཐག་གཅོད་ལེན་པར་དཀའ་ཁག་བྱུང་བ་མ་ཟད། ལས་མི་རྣམས་ལ་དཀའ་ངལ་ཡོད་ཡོད་པ་རེད་ལ། ང་ཚོས་ཐག་གཅོད་འདི་བསམ་བློ་མ་བཏང་བར་བླངས་པ་ཞིག་མིན། ཞེས་བརྗོད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ ནང་ཨེ་མཱ་རྫོན་གྱིས་ལས་མི་ཁྲི་གཅིག་གི་ལས་མཚམས་འཇོག་རྩིས་བྱས་ཡོད་ཀྱང་། ད་སྔ་བར་ལས་མཚམས་འཇོག་དགོས་པའི་ལས་མིའི་གྲངས་འབོར་སོགས་ཡོངས་གྲགས་ཐོག་ནས་ཕྱིར་བསྒྲགས་མེད་པ་རེད།

རོའུ་ཊར་གསར་ཁང་གི་གནས་ཚུལ་ལྟར་ན། ལས་མཚམས་འཇོག་མཁན་གྱི་ཁྲོད་དུ་ཡུ་རོབ་ཀྱི་ཨེ་མཱ་རྫོན་གྱི་ལས་མི་ཁག་ཅིག་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་ལས་མཚམས་དངོས་སུ་མཚམས་འཇོག་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད་ལ། ཨེ་མཱ་རྫོན་ངོས་ནས་ལས་མཚམས་འཇོག་མཁན་གྱི་ལས་མི་རྣམས་ལ་འཕྲོད་བསྟེན་གྱི་ཁེ་ཕན་དང་ལས་མཚམས་བཞག་པར་དམིགས་བསལ་གླ་ཆ་ཞིག་དང་། ཕྱི་ནས་ལས་ཀ་འཚོལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་ཨེ་མཱ་རྫོན་གྱི་དྲ་ཐོག་ཅ་དངོས་མངག་ཉོ་བྱེད་མཁན་ཧ་ཅང་མང་བས། ཕྱི་ལོ་ ༢༠༢༠ ནས་ ༢༠༢༢ ལོ་མགོའི་བར་ཨ་མཱ་རྫོན་གྱིས་རྒྱལ་སྤྱིའི་ལས་བྱེད་ཀྱི་གྲངས་འབོར་ཇེ་མང་དུ་བཏང་ཡོད་པ་རེད། འོན་ཀྱང་། ད་ལྟ་ཁེ་གཉེར་ཁང་དེའི་དཔལ་འབྱོར་གྱི་གནས་བབ་དང་ཚོང་འབྲེལ་སོགས་ངེས་གཏན་མེད་པར་བརྟེན། ལས་མི་མང་པོ་ཞིག་ལས་མཚམས་འཇོག་བཅུག་གི་ཡོད་པ་ཡིན་འདུག་ལ། ད་ལྟ་ཨེ་མཱ་རྫོན་ལ་འཛམ་གླིང་ཁྱོན་ཡོངས་སུ་ལས་མི་ས་ཡ་ ༡།༥༤ ཡོད་པ་དང་། དེའི་ནང་གུང་གསེང་སྐབས་དང་དུས་ཚིགས་དབྱེ་བགོ་བྱས་པའི་ལས་མི་དག་ཚུད་ཀྱི་མེད་པ་རེད།

རྒྱལ་སྤྱིའི་ཁེ་གཉེར་ཁང་ཁག་གི་དཔལ་འབྱོར་གནས་བབ་དབྱེ་ཞིབ་བྱེད་པའི་(statista.com) དྲ་རྒྱའི་སྟེང་གི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༢ ལོར་ཨེ་མཱ་རྫོན་ནི་དཔལ་འབྱོར་ཡོང་འབབ་ཆེས་ཆེ་བའི་འཛམ་གླིང་གི་ཁེ་ལས་ཁང་ཨང་གསུམ་པ་དེ་ཡིན་པ་དང་། ཨང་དང་པོ་ཨ་རིའི་ (Walmart) ཁེ་ལས་ཁང་དང་ཨང་གཉིས་པ་ (Saudi Aramco) ཁེ་ལས་ཁང་བཅས་ཡིན་པ་རེད།

ཡང་ཨེ་མཱ་རྫོན་ནང་བཞིན། འདས་ལོའི་ཕྱི་ཟླ་ ༡༡ ནང་འཛམ་གླིང་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་ངོ་དེབ་ཀྱིས། ལས་མི་ ༡༡༠༠༠ ཡི་ལས་མཚམས་བཞག་པའི་གསལ་བསྒྲགས་སྤེལ་བ་དང་། སི་ནེ་པུ་ཆ་ཊི་(Snapchat) འབྲེལ་མཐུད་བརྒྱུད་ལམ་ཁང་གིས། ལས་བྱེད་བརྒྱ་ཆ་ ༢༠ ལས་མཚམས་འཇོག་བཅུག་ཡོད་ལ། དེ་བཞིན། འདས་ལོའི་ཕྱི་ཟླ་ ༡༠ ནང་འཛམ་གླིང་གི་ཕྱུག་བདག་ཆེན་མོ་ཨེ་ལཱོན་མཱོ་སིག་ (Elon Musk) གིས་ཊུ་ཝེ་ཊར་དྲ་ཚིགས་ཉོས་པ་དང་དྲ་ཚིགས་དེའི་ལས་བྱེད་ ༧༥༠༠ ལྷག་གི་ལས་མཚམས་བཞག་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese