མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་དམངས་གཙོ་ཚོགས་པའི་མགོ་འཁྲིད་གཉིས་ལ་འཚམས་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་གྲོས་ཚོགས་ཀྱི་གྲང་ཉུང་ཚོགས་པའི་མགོ་འཁྲིད་བདམས་ཐོན་བྱུང་བར་འཚམས་འདྲི་གསུང་འཕྲིན་སྩལ་གནང་འདུག

Dalai Lama Congratulating Speaker Kevin McCarthy and Democratic Minority Leader Hakeem Jeffries

ཁ་སང་ཕྱི་ཚེས་༨ ཉིན་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) ལགས་དང་། གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཧ་ཁེམ་ཇའེ་ཧྥར་སི་ (Hakeem Jeffries) ལགས་རྣམ་གཉིས་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་འདུག

༧མགོན་པོ་གང་ཉིད་མཆོག་གིས་འཚམས་འཕྲིན་ནང་། ངོས་ཡུན་རིང་ནས་ཨ་རིའི་དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་སོགས་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལ་འཛིན་བཞིན་པར་ཡི་རངས་བྱེད་མཁན་ཞིག་ཡིན། ཨ་རི་ནི་རང་དབང་ལྡན་པའི་འཛམ་གླིང་འདིའི་ནང་གི་སྟོབས་ཆེན་རྒྱབ་ཁབ་ཅིག་ཡིན་སྟབས། ཨ་རིས་རྒྱལ་སྤྱིའི་ཚོང་འབྲེལ་དང་སྤྱི་ཚོགས་ཀྱི་དཀའ་ངལ། དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ངལ་སེལ་བར་རམ་འདེགས་བྱས་ཏེ་སྔར་ལྷག་གིས་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་མ་ཟད། ཨ་རིས་རང་གི་མི་མང་ཡོངས་ལ་རང་དབང་དང་གོ་སྐབས་སྤྲོད་ཀྱི་ཡོད་པ་དེས་ཨ་རི་རེ་བའི་སྒྲོན་མེ་ཞིག་ཡིན་པ་མངོན་ཡོད།

ཕྱི་ལོ་ ༡༩༧༩ ནས་བཟུང་ངོས་ཐེངས་མང་ཨ་རིར་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེར་ངོས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རྣམས་ཚུད་པའི་གནད་ཡོད་མགོ་འཁྲིད་ཁག་དང་ལྷན་དུ་གནད་དོན་མང་པོའི་ཐོག་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་བྱུང་ལ། དམིགས་བསལ་ངོས་ལ་རེ་བ་དང་ཡིད་ཆེས་བཅོལ་མཁན་གྱི་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་དཀའ་ངལ་གྱི་སྐོར་ཁོང་རྣམས་ལ་ཞུ་རྒྱུ་བྱུང་། བོད་མི་རྣམས་ལ་ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་གིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན། ང་ཚོའི་འཐབ་རྩོད་ནི་ང་ཚོའི་མི་མང་གིས་འགྲོ་བ་མིའི་རིགས་ཡོངས་ལ་ཕན་ནུས་ལྡན་པའི་བོད་མི་རིགས་ཀྱི་བྱམས་སྙིང་རྗེ་དང་འཚེ་བ་མེད། ཞི་བདེའི་གནའ་བོའི་རིག་གཞུང་སྲུང་སྐྱོབ་དང་བདག་གཅེས་གནང་རྒྱུ་དེ་ཡིན།

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། ངོས་ནས་རྒྱ་ནག་ནང་གི་གནས་སྟངས་རིམ་པས་འགྱུར་བ་འགྲོ་ཡི་ཡོད་པ་དང་དེ་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད།  དེ་དང་ཕྱོགས་མཚུངས་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་ཅེས་དགའ་སྤོབས་ཆེན་པོའི་ངང་ནས་ཞུ་རྒྱུ་ཡིན།

ངོས་ཀྱི་མི་ཚེ་འདིའི་ནང་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་དང་ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ནང་པའི་རིག་གཞུང་དང་རང་འབྱུང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ལ་གོ་རྟོགས་སྤེལ་བར་བརྩོན་པ་བྱེད་བཞིན་ཡོད། ཅེས་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་དམངས་གཙོ་ཚོགས་པའི་དབུ་ཁྲིད་རྣམ་གཉིས་ནས་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་པ་དང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པའི་ལས་དོན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་བཅས་མཛད་ཡོད་པ་རེད།

ཡང་དེ་རིང་ཕྱི་ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) ལགས་སུ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་གང་སར་བཞུགས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཨ་རིའི་གྲོས་ཚོགས་འོག་མའི་སྐབས་ ༥༥ པའི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་ཀྱི་བདེན་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་དབུ་འཁྲིད་འོག འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ངས་སླར་ཡང་སྐུ་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་ཡུན་རིང་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) ལགས་ནི་ཕྱི་ལོ་ ༡༩༦༥ ལོར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ (Bakersfield) གྲོང་ཁྱེར་ནང་སྐྱེས་ཤིང་།  ཕྱི་ལོ་ ༡༩༨༩ ལོར་ཚོང་ལས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་ཕྱི་ལོ་ ༡༩༩༤ ལོར་ཁ་ལི་ཧྥོ་ནེ་ཡ་མངའ་སྡེ་གཙུག་ལག་སློབ་ཆེན་ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༠ ནང་ཐོག་མར་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་སྤྱི་མཐུན་ཚོགས་པའི་འོས་མི་ལངས་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གི་སྤྱི་མཐུན་ཚོགས་པའི་འཐུས་མིར་གྱུར་བ་ནས་ད་སྔ་བར་གྲོས་ཚོགས་འོག་མའི་ནང་ཕྱག་ལས་གནང་མུས་ཡིན་ཁར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཡོད་འདུག ཁོང་དང་བཟའ་ཟླ་ (Judy Wages) གཉིས་ལ་བུ་གཅིག་དང་བུ་མོ་གཅིག་བཅས་ཡོད་འདུག

གསར་དུ་འོས་འདེམས་བྱུང་བའི་ཨ་རིའི་གྲོས་ཚོགས་འོག་མའི་གྲངས་ཉུང་དམངས་གཙོ་ཚོགས་པའི་དབུ་འཁྲིད་སྐུ་ཞབས་ཧ་ཁེམ་ཇའེ་ཧྥར་སི་ (Hakeem Jeffries) ལགས་ཕྱི་ལོ་ ༡༩༧༠ ནང་ཨ་རིའི་མངའ་སྡེ་ནེའུ་ཡོག་བྷི་རོག་ལིན་(Brooklyn) གྲོང་ཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༢ ལོར་ནེའུ་ཡོག་མངའ་སྡེ་གཙུག་ལག་སློབ་ཆེན་ནས་ཆབ་སྲིད་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་། ཕྱི་ལོ་ ༡༩༩༤ ལོར་ (Georgetown University) གཙུག་ལག་སློབ་ཆེན་ནས་སྤྱི་དམངས་སྲི་ཞུའི་ཆེད་སྦྱོང་ཐོག་རབ་འབྱམས་པ་ཐོན། ཕྱི་ལོ་ ༢༠༠༦ ལོར་ནེའུ་ཡོག་མངའ་སྡེ་གྲོས་ཚོགས་ནང་ཞུགས་ཏེ་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་གོམ་སྟབས་ཐོག་མ་དེ་སྤོས་ཤིང་། ཕྱི་ལོ་ ༢༠༡༢ ལོར་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༡༩ ལོར་དམངས་གཙོ་ཚོགས་པའི་ (House Democratic Caucus) ཞེས་པའི་ཚོགས་གཙོར་འདེམས་རྗེས། ཁོང་གྲོས་ཚོགས་འོག་མའི་ནང་གི་དམངས་གཙོ་ཚོགས་པའི་འཐུས་མི་མཐོ་ཤོས་ཨང་ལྔ་པ་དེ་ཆགས་ཡོད་པ་དང་། ད་ལྟ་ཁོང་དང་བཟའ་ཟླ་ (Kennisandra Arciniegas-Jeffries) གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese