མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཧེ་ནཱན་ཞིང་ཆེན་གྱི་མི་འབོར་ས་ཡ་ ༨༨ ལྷག་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་མི་གྲངས་ས་ཡ་བརྒྱ་ལྷག་བརྒལ་ཡོད་ཅིང་ཉིན་རེའི་ཞིང་ཆེན་ཁག་ཅིག་གི་ཏོག་དབྱིབས་ནད་པའི་གྲངས་འབོར་ནི་མི་གྲངས་ས་ཡ་གཅིག་ཡས་མས་ཆགས་ཀྱི་ཡོད་པ་རེད།

Patients on stretchers are seen at Tongren hospital in Shanghai on January 3, 2023. – A senior doctor at Shanghai’s Ruijin Hospital has said 70 percent of the megacity’s population may have been infected with Covid-19 during China’s huge surge in cases, state media reported on January 3. (Photo by Hector RETAMAL / AFP)

ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པ་ཡོངས་གྲགས་ཆགས་ཡོད་ནའང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་པའི་གྲངས་འབོར་སོགས་འགོད་མཚམས་བཞག་ཡོད་པ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་རྒྱ་ནག་ཕྱོགས་ནས་ཏོག་དབྱིབས་གནད་པའི་གྲངས་འབོར་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་མ་བྱས་པར་བརྟེན། རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་སྐོར་འགོད་མཚམས་བཞག་ཡོད་སྟབས། ད་བར་རྒྱ་ནག་ནང་ཉིན་རེར་ཏོག་དབྱིབས་ནད་པའི་གནས་སྟངས་དངོས་ཀྱི་སྐོར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། འོན་ཀྱང་། དེ་རིང་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ད་ལྟ་རྒྱ་ནག་གི་ཞིང་ཆེན་ཆེ་ཤོས་གསུམ་པ་ཧེ་ནཱན་ཞིང་ཆེན་གྱི་མི་འབོར་བརྒྱ་ཆ་ ༩༠ ཙམ་ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་ཡོད་པ་ཧེ་ནཱན་ཞིང་ཆེན་གྱི་འཕྲོད་བསྟེན་འགན་འཛིན་གཱན་ཆོན་ཁྲན་ (Kan Quancheng) ཟེར་བས་ཡོངས་བསྒྲགས་བྱས་ཡོད་པ་རེད།

ད་ལྟ་ཧེ་ནཱན་ཞིང་ཆེན་ལ་ཁྱོན་མི་འབོར་ས་ཡ་ ༩༩།༤ ཙམ་ཡོད་པ་ལས་ས་ཡ་༨༨།༥ ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་ཡོད་པ་དང་། ད་རེས་ཧེ་ནཱན་ཞིང་ཆེན་གྱི་ཏོག་དབྱིབས་ནད་པའི་གྲངས་འབོར་དང་རྒྱ་ནག་གཞུང་ཕྱོགས་ཀྱི་ཏོག་དབྱིབས་ནད་པའི་གནས་ཚུལ་གཉིས་བར་རྦད་དེ་འགལ་བ་ཤུགས་ཆེན་ཡོད་པ་རེད་ལ། རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་ནས་རྒྱ་ནག་ནང་ཏོག་དབྱིབས་གཙང་སེལ་གྱི་བཀག་སྡོམ་སྲིད་ཇུས་མཚམས་འཇོག་བྱས་ཏེ། ད་སྔ་བར་རྒྱ་ནག་ལ་ཁྱོན་མི་གྲངས་ཐེར་འབུམ་ ༡།༤ ཡོད་པ་ལས་མི་གྲངས་ ༡༢༠༠༠༠ ལ་ཏོག་དབྱིབས་འགོས་ཁྱབ་བྱུང་བ་དང་། མི་གྲངས་ ༣༠ འདས་གྲོངས་ཕྱིན་ཡོད་སྐོར་བརྗོད་ཡོད་པ་རེད།

ཡང་ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་མི་འབོར་ས་ཡ་ ༢༥ མ་ཟིན་ཙམ་ཡོད་པ་ལས། མི་འབོར་གྱི་བརྒྱ་ཆ་ ༧༠ སྟེ་མི་གྲངས་ས་ཡ་ ༡༧ ལྷག་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་ཡོད་པ་དང་། ཧྲང་ཧེ་ཁྱིམ་མཚེས་ཞིང་ཆེན་ཀྲའེ་ཅང་ནང་ཉིན་རེར་ཏོག་དབྱིབས་ནད་པ་ཁྱོན་ས་ཡ་གཅིག་རེ་བྱུང་གི་ཡོད་པ་ཞིང་ཆེན་དེའི་ནད་ཡམས་འགོག་སྲུང་དང་བཅོས་སྐྱོང་ལྟེ་གནས་ཁང་གིས་འགྲེལ་བརྗོད་བྱས་ཡོད་འདུག་ཅིང་། ཧྲང་ཧེ་(Shanghai Jiao Tong University) གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པས། ཉེ་བའི་དུས་ཚེས་རིང་པེ་ཅིན་དང་ཐའེ་ཇིན། ཁྲིའུ་ཏུན་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་གི་ནང་ཏོག་དབྱིབས་འགོས་ཁྱབ་སྔར་ལྷག་འབྱུང་རྒྱུ་ཡིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཧོར་ལོ་གསར་པ་ཚེས་ཀྱི་ཡོད་པས། གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ཁྱབ་གདལ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་ཁའི་སྐོར་རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ (Jiao Yahui) ཡིས་བརྗོད་འདུག

ཨ་རིའི་ཕྱི་སྲིད་ (foreignpolicy) གསར་ཁང་གི་གནས་ཚུལ་ནང་། ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་རྐྱེན་ནི། ཏོག་དབྱིབས་རིམས་ནད་ཐོག་མར་ཝུའུ་ཧན་ནས་མཆེད་པ་ནས་བཟུང་། རྒྱ་ནག་གཞུང་གིས་མི་མང་གི་འཕྲོད་བསྟེན་ལྟ་སྐྱོང་གི་སྲིད་ཇུས་ཐོག་དུས་ཚོད་མི་བཏང་བར་འཐུས་ཤོར་བཏང་བ་དང་། དེའི་ཚབ་ཏུ་མི་མང་གི་འགྲོ་འོང་ལ་བཀག་སྡོམ་བྱས་ཏེ། ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཀྱི་མེ་སྟག་གང་སར་མཆེད་བཞིན་ཡོད་ཁར། དེ་སྔ་ཁྱིམ་སྡོད་བཀག་རྒྱའི་སྲང་ལམ་སྟོང་པ་ཡིན་པ་དང་ད་ལྟ་རྒྱ་ནག་གི་མི་མང་མང་ཆེ་བར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་བཞིན་ཡོད་པས་སྲང་ལམ་ཕལ་ཆེ་བ་སླར་ཡང་སྟོང་པ་ཆགས་ཡོད། འཛམ་གླིང་རྒྱལ་ཁབ་ཀོ་རི་ཡ་དང་ཡུ་རོབ་ལྟ་བུ་ཡིས་རང་རང་གི་མི་མང་ལ་ཏོག་དབྱིབས་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད་དང་འགོག་ཁབ་བརྒྱབ་ཡོད་སྟབས། ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་སྐབས་གདོང་ལེན་བྱེད་ཐུབ་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་དགོས་མཁོ་སོགས་གཙིགས་འཛིན་ཤུགས་དྲགས་བྱས་པ་ལ་བརྟེན་ནས། རྒྱ་ནག་མི་མང་ཉེན་ཁའི་གཡང་སར་གཡུགས་ཡོད་སྐོར་སོགས་བརྗོད་འདུག

ཡང་ཉེ་སྔོན་རྒྱ་ནག་ནང་ཏོག་དབྱིབས་ཁྱབ་གདལ་ཚབས་ཆེན་བྱུང་བ་དང་རྒྱ་ནག་གི་སྨན་ཁང་ཁག་ཏུ་སྨན་བཅོས་ཀྱི་མཐུན་རྐྱེན་འདང་ངེས་མེད་པའི་གནས་ཚུལ་ཐོན་ཡོད་ཅིང་། སྐབས་དེར་ཨ་རིས་རྒྱ་ནག་ལ་སྔོན་འགོག་ཁབ་ཀྱི་རོགས་རམ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ནའང་། རྒྱ་ནག་གཞུང་གིས་ཨ་རིའི་རོགས་སྐྱོར་དང་ལེན་བྱས་མི་འདུག་ལ། ཁ་སང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནང་། ཨ་རིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རོགས་སྐྱོར་དང་གོ་ལའི་སྣེ་འཁྲིད། ཏོག་དབྱིབས་རིམས་ནད་འགོག་སྲུང་གི་ཐད་རོགས་འདེགས་ཀྱི་ལས་དོན་རླབས་ཆེན་བསྒྲུབས་ཡོད་ཚུལ་སྟོན་གྱི་ཡོད་མོད། དོན་དངོས་ཀྱི་ཨ་རིའི་མངོན་འདོན་གཙོ་བོ་ནི་དཔལ་འབྱོར་རྒྱ་བསྐྱེད་དང་ཁེ་ཕན་གཙོ་གཉེར་བྱ་རྒྱུ་དེ་རེད། ཨ་རིར་མཚོན་ན་དོན་དག་ཐམས་ཅད་ལས་ཚོང་དང་ཁེ་ཕན་ཆེས་གཙོ་བོར་འཛིན་གྱི་ཡོད། དཔེ་མཚོན་གཅིག་ནི་ཨ་རིའི་ (Pfizer) ཏོག་དབྱིབས་འགོག་ཁབ་རྒྱ་ནག་ནང་བཀོལ་སྤྱོད་མ་ཐུབ་པ་རེད། དེའི་རྒྱུ་མཚན་ནི་ཨ་རིའི་འགོག་ཁབ་དེར་རིན་གོང་ཆེ་དྲགས་པས་རེད། ཅེས་བརྗོད་འདུག

ད་ལྟ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་པའི་བརྙན་ལམ་ཁག་ཏུ། རྒྱ་ནག་ནང་འདས་གྲོངས་སུ་འགྲོ་བཞིན་པའི་མི་གྲངས་ཧ་ཅང་མང་བ་དང་ཕལ་ཆེ་བ་ལུས་ཟུངས་ཞན་པའི་རྒས་འཁོགས་དང་ནད་པའི་རིགས་ཡིན་སྐོར་རྗོད་ཀྱིན་འདུག་པ་མ་ཟད། འདས་གྲོངས་འགྲོ་མཁན་མང་དྲགས་ནས་འདས་མཆོད་དང་རོ་སྒམ་སོགས་ཀྱི་ཆ་རྐྱེན་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་མོད། ཁ་སང་རྒྱ་ནག་དབུས་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ (Jiao Yahui) ཟེར་བས། ད་ལྟ་རྒྱ་ནག་རྒྱལ་ཡོངས་ཀྱི་འཆམ་ནད་ཕོག་པའི་གྲངས་འབོར་ནི་མི་མང་སྤྱིའི་བརྒྱ་ཆ་ ༨ ཆགས་ཀྱི་ཡོད། ད་ལྟ་འཆམ་ནད་ཕོག་པའི་མི་ཕལ་ཆེ་བ་དུས་ཐོག་བཅོས་ཐུབ་ཀྱི་ཡོད། ཅེས་མི་མང་གི་སེམས་འཚབ་ཞི་འཇགས་ཡོང་ཐབས་བྱེད་ཀྱིན་ཡོད་པ་རེད་ཅེས་དབྱེ་ཞིབ་པས་བརྗོད་འདུག་ལ། ཡང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་མི་མང་ལ་རྒྱ་ནག་ཏུ་དུས་ཐུང་ཐོངས་མཆན་སྤྲོད་མཚམས་གཞག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་ཅིང་། དེ་ནི་ཉེ་ལམ་འཛམ་གླིང་རྒྱལ་ཁབ་ ༤༠ ལྷག་གི་ཁྲོད་ཉི་ཧོང་དང་ལྷོ་ཀོ་ཡ་གཉིས་ནས་ཀྱང་རྒྱ་ནག་གི་འགྲིམ་འགྲུལ་ཐོག་དོ་དམ་སྟངས་འཛིན་བྱེད་མགོ་བརྩམས་པར་བརྡ་ལན་བསློགས་པ་ཞིག་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese