མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་བ་དང་སྦྲགས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Kevin McCarthy མཆོག བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས ༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) མཆོག་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚ་ེརིང་མཆོག་གིས་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་མཆོག་ལ་འཚམས་འདྲི་གནང་བའི་ནང་།  ཁྱེད་རང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐབས་ ༥༥ པར་འདེམས་ཐོན་བྱུང་བར། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་ལ་འཚམས་འདྲི་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་སྤྱི་དང་ཡང་སྒོས་ལས་ཁྱུར་ཚོགས་གཙོ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གི་དབུ་ཁྲིད་འོག་སྲིད་དོན་ཚོགས་པ་ཟུང་འབྲེལ་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱིས། ལོ་ངོ་བཅུ་ཕྲག་དུ་མའི་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད། བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་མུས་ཡིན་པས། ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་མངོན་འདོད་སྒྲུབ་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དེས། བོད་མི་རྣམས་ལ་རེ་བ་དང་སེམས་ཤུགས་ཆེན་པོ་སྦྱིན་ཡོད་ཅིང་། ཁོང་གི་ཡང་དག་པའི་མགོ་ཁྲིད་འོག བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་མུ་མཐུད་གནང་ཐུབ་པའི་རེ་བ་འཆང་མུས་ཡིན་སྐོར་སོགས་གསུངས་འདུག

གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཁེ་ཝིན་མེག་ཁཱར་ཐི་ (Kevin McCarthy) མཆོག་ནི་ཕྱི་ལོ་ ༡༩༦༥ ལོར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ (Bakersfield) གྲོང་ཁྱེར་ནང་སྐྱེས་ཤིང་།  ཕྱི་ལོ་ ༡༩༨༩ ལོར་ཚོང་ལས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་ཕྱི་ལོ་ ༡༩༩༤ ལོར་ཁ་ལི་ཧྥོ་ནེ་ཡ་མངའ་སྡེ་གཙུག་ལག་སློབ་ཆེན་ནས་དཔལ་འབྱོར་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༠ ནང་ཐོག་མར་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་སྤྱི་མཐུན་ཚོགས་པའི་འོས་མིར་ལངས་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གི་སྤྱི་མཐུན་ཚོགས་པའི་འཐུས་མིར་གྱུར་བ་ནས་ད་བར་གྲོས་ཚོགས་འོག་མའི་ནང་ཕྱག་ལས་གནང་མུས་ཡིན་ཁར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཡོད་འདུག ཁོང་དང་བཟའ་ཟླ་ (Judy Wages) གཉིས་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese