མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་གཞོན་པར་རྒྱ་རིགས་གཉིས་གསར་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པར་རྒྱ་རིགས་གཉིས་གསར་དུ་བསྐོས་ཡོད་པ་དང་བསྟུན་བོད་རིགས་དམར་ཤོག་མགོ་ཁྲིད་ལྔའི་གོ་གནས་ཕྱིར་འཐེན་བྱས་ཡོད་ཟེར།

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་མགོ་ཁྲིད་གཞོན་པ་གསར་པ་ཝེ་ཞིའུ་ཁྲང་ (韦秀长) དང་ ཞུས་ཀྲི་ཐའོ་ (徐志涛) གཉིས། བོད་ཀྱི་དུས་བབ་ནས་པར་སྒྲིག་སྦྱོར་བྱས། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༡ ཉིན།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཀྱི་ཚོགས་འདུ་ཐེངས་ ༤༤ པ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ལོ་མང་རིང་རྒྱ་ནག་གི་དྲ་ལམ་འབྲེལ་མཐུད་ཁང་དུ་བྱ་བ་སྒྲུབ་མྱོང་བའི་ཝེ་ཞིའུ་ཁྲང་ (韦秀长) དང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་སྐབས་བདུན་པའི་འགན་འཛིན་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་ཀྱི་ལས་དོན་སྐབས་གཉིས་པའི་ཚན་པ་གསུམ་པའི་འགན་འཛིན་གཞོན་པ་ཞུས་ཀྲི་ཐའོ་ (徐志涛) གཉིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པར་བསྐོ་གཞག་བྱས་ཡོད་འདུག

གཞན་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཀྱི་ཚོགས་འདུ་ཐེངས་ ༤༤ པ་ཟེར་བའི་ཚོགས་ཐོག་ཏུ། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ལྷན་ཁང་གི་འགན་འཛིན་བསོད་ནམས་ཉི་མ་དང་། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཁང་གི་འགན་འཛིན་འཕྲིན་ལས་དབང་རྒྱལ། བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལྷན་ཁང་གི་འགན་འཛིན་སྐལ་བཟང་། དེ་བཞིན་བོད་རང་སྐྱོང་ལྗོངས་རིག་གཞུང་ལྷན་ཁང་གི་འགན་འཛིན་འཇིགས་མེད་དབང་མཚོ་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཉེས་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་དང་ཞིབ་དཔྱོད་ཁང་གི་རྒྱུན་ལས། ཉེས་དོན་ཞིབ་དཔྱོད་པ་བཅས་ཡིན་མིག་དམར་ཚེ་རིང་བཅས་བོད་རིགས་མགོ་འཁྲིད་ལྔ་དང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ལྷན་ཁང་གི་འགན་འཛིན་རྒྱ་རིགས་ཁྲེན་ཧྥན་ཡན་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་སྐོར་བརྗོད་འདུག འོན་ཀྱང་། ད་སྔ་བར་རྒྱ་ནག་གཞུང་འབྲེལ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་དྲ་ཚིགས་ཁག་གི་ཐོག་ཏུ་ཁོ་ཚོའི་གོ་གནས་ཕྱིར་འཐེན་བྱེད་དོན་དང་གོ་གནས་ཕྱིར་འཐེན་བྱས་རྗེས་ལས་བགོས་གཞན་ཡོད་མེད་སོགས་རྒྱབ་ལྗོངས་ཀྱི་གནས་ཚུལ་ཁ་གསལ་གཅིག་ཀྱང་བཀོད་མི་འདུག ཡང་ཚོགས་འདུ་དེའི་ཐོག་ཝེ་ཞིའུ་ཁྲང་ (韦秀长) དང་ཞུས་ཀྲི་ཐའོ་ (徐志涛) གཉིས་དང་ལྷན་དུ་བོད་རིགས་ཚེ་རིང་རྡོ་རྗེ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབ་བྱུང་ཡོད་འདུག

ད་ལྟ་གསར་དུ་བསྐོ་གཞག་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་གཞོན་པ་ཝེ་ཞིའུ་ཁྲང་ནི་ཕྱི་ལོ་ ༡༩༧༣  ཟླ་ ༡༢ ནང་རྒྱ་ནག་ཨན་ཧྥོ་ཞིང་ཆེན་གྱི་ཧི་ཧྥེ་གྲོང་ཁྱེར་དུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༥༠ ཡིན་པས། རྒྱ་ནག་གི་མགོ་ཁྲིད་རིམ་པའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་ཁོ་ལོ་ཧ་ཅང་ཆུང་ཆུང་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག ཆེད་ལས་ཀྱི་ཐད་ནས་ཝེ་ཞིའུ་ཁྲང་གིས་ཕྱི་ལོ་ ༡༩༩༥ ལོར་ཧི་ཧྥེ་གཙུག་ལག་བཟོ་རིགས་སློབ་ཆེན་ (合肥工业大学) ནས་བཟོ་རིགས་དོ་དམ་དང་འཆར་འགོད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༨ ལོར་ཧི་ཧྥེ་བཟོ་རིག་དོ་དམ་སློབ་གླིང་ནས་ཆ་འཕྲིན་མ་ལག་དོ་དམ་ཐོག་རབ་འབྱམས་པ་ཐོན། ཕྱི་ལོ་ ༢༠༠༧ ལོར་ཝེ་ཞིའུ་ཁྲང་གིས་ཀྲུང་ཧྲན་(中山大学) གཙུག་ལག་སློབ་ཆེན་ནས་ཚོང་ལས་དོ་དམ་ཐོག་འབུམ་རམས་པ་ཐོན། ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ཧྲང་ཧེ་རྒྱལ་ཁབ་རྩིས་ཞིབ་སློབ་གླིང་ནས་ནོར་སྲིད་ལྷན་ཁང་གི་རྒྱལ་ཡོངས་རྩིས་ཞིབ་དམག་དོན་མི་སྣ་སྐྱེད་སྲིང་གི་ལས་དོན་ཐོག་ཆེད་ལས་སློབ་སྦྱོང་བྱས། དེ་རྗེས་སློབ་གླིང་དེ་ནས་དམག་དོན་མི་སྣ་སྐྱེད་སྲིང་གི་ལས་དོན་ཐད་དམིགས་བསལ་འཆར་འགོད་ཀྱི་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ཀང་ཤིའི་རྒྱ་ནག་མཉམ་འབྲེལ་ཆ་འཕྲིན་ཚད་ཡོད་ཚོང་གཉེར་ཁང་དུ་སྤྱི་ཁྱབ་འཆར་འགོད་པའི་བྱ་བ་བསྒྲུབས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ ཀོང་ཏུང་ཞིང་ཆེན་གྱི་རྒྱ་ནག་མཉམ་འབྲེལ་ཆ་འཕྲིན་ཚད་ཡོད་ཚོང་གཉེར་ཁང་དུ་སྤྱི་གཉེར་བ་གཞོན་པའི་འགན་ཁུར། ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ ཧི་པའི་ཞིང་ཆེན་གྱི་རྒྱ་ནག་མཉམ་འབྲེལ་ཆ་འཕྲིན་ཚད་ཡོད་ཚོང་གཉེར་ཁང་དུ་སྤྱི་ཁྱབ་ལྟ་སྐུལ་བ། ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར་རྒྱ་ནག་དབུས་མཉམ་འབྲེལ་ཆ་འཕྲིན་ཚད་ཡོད་ཚོང་གཉེར་ཁང་དུ་ཁྲོམ་རའི་ཚོང་གཉེར་དོ་དམ་ཚན་པའི་སྤྱི་ཁྱབ་ལྟ་སྐུལ་བ། ཕྱི་ལོ་ ༢༠༡༦ ནས་ ༢༠༡༨ བར་རྒྱ་ནག་མཉམ་འབྲེལ་ཆ་འཕྲིན་ཚད་ཡོད་ཚོང་གཉེར་ཁང་གི་ཚོང་ལས་འཕེལ་རྒྱས་ཚན་པ་དང་བཅའ་ཁྲིམས་ཚན་པའི་སྤྱི་ཁྱབ་ལྟ་སྐུལ་བ། ཕྱི་ལོ་ ༢༠༡༨ ནས་ཅང་ཤེས་ཞིང་ཆེན་གྱི་མ་དངུལ་ལྟ་ཞིབ་དོ་དམ་ཁང་གི་འགན་འཛིན་དང་དམར་ཤོག་དྲུང་ཆེ་སོགས་ཀྱི་འགན་ཁུར་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་གཞོན་པ་གསར་པ་ཞུས་ཀྲི་ཐའོ་ (徐志涛) ཕྱི་ལོ་ ༡༩༧༣ ལོར་སྐྱེས་པ་དང་མན་ཇུ་རིགས་ཡིན་པ་རེད།  ཁོས་ད་སྔ་བར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་སྐབས་བདུན་པའི་འགན་འཛིན་དང་སྤྱི་ཁྱབ་ལྟ་ཞིབ་པ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་ཀྱི་ལས་དོན་སྐབས་གཉིས་པའི་ཚན་པ་གསུམ་པའི་འགན་འཛིན་གཞོན་པ་བཅས་ཀྱི་འགན་འཁུར་མྱོང་སྟབས། ཝེ་ཞིའུ་ཁྲང་དང་བསྡུར་ཚེ་ཞུས་ཀྲི་ཐའོ་བོད་ཀྱི་གནས་སྟངས་ལ་རྒྱུས་མངའ་ཆེ་བ་ཡོད་པར་བསྟན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༢ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese