མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ཉེན་བརྡ་ཐོག་མ་གཏོང་མཁན། སྨན་པ་ལི་ཝིན་ཉིང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

—–འདི་ག་དུས་བབ་གསར་ཁང་གི་འཛམ་གླིང་ཐོག་གནོད་སྐྱོན་ཆེ་ཤོས་ཀྱི་ནད་འབུ་ཞེས་པའི་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྐོར་གྱི་དམིགས་བསལ་ཚགས་པར་ལས་འདིར་བཀོད།

རྒྱ་ནག་ཝུའུ་ཧན་དབུས་སྨན་ཁང་གི་མིག་ནད་སྨན་པ་ལི་ཝིན་ཉིང་།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་ནག་ཝུའུ་ཧན་དབུས་སྨན་ཁང་གི་སྨན་པ་ལི་ཝིན་ཉིང་ (Li Wenliang) ཞེས་པ་དེས་རྒྱུན་ལྡན་གྱི་ནད་པར་བརྟག་དཔྱད་བྱེད་སྐབས། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་ནང་ཁྱབ་གདལ་བྱུང་བའི་སར་སི་ (SARS) ཡི་ནད་རྟགས་དང་འདྲ་བོ་ཡོད་པའི་ནད་པ་ཞིག་ལ་འཕྲད་ཡོད་པ་དང་། ཉིན་དེའི་དགོང་མོར་ཁོང་གིས་ཝུའུ་ཧན་སློབ་ཆེན་ ༢༠༠༤ འཛིན་གྲྭ་ཞེས་པའི་སློབ་གྲོགས་ཀྱི་སྐད་འཕྲིན་ཚོགས་པ་ (Wuhan University Clinical Medicine 2004) ཞེས་པ་ཞིག་གི་ནང་དུ། ཧྭ་ནན་ཤིང་ཏོག་དང་མཚོ་ཟས་ཁྲོམ་ར་ནས་ཡིན་པའི་ནད་པ་ ༧ ལ་སར་སི་ (SARS)དང་འདྲ་བའི་ན་ཚ་ཞིག་བྱུང་འདུག་ཅེས་ནད་པའི་བརྟག་དཔྱད་གྲུབ་འབྲས་ཀྱི་པར་དང་གློག་པར་ (CT scan) གྱི་བརྙན་སོགས་བསྐུར་ཡོད་པ་མ་ཟད། ད་ལྟའི་ཆར་གཉན་སྲིན་དེའི་ཐོག་ལ་ཞིབ་འཇུག་བྱེད་མུས་ཡིན་སྐོར་དང་།  ཚོགས་མི་རྣམས་ནས་རང་ཉིད་ཀྱི་ཕ་མ་དང་གྲོགས་པོར་བརྡ་ལན་སྤྲད་དེ་ཚང་མས་བདེ་འཇགས་ལ་ཡིད་གཟབ་དགོས་པའི་དྲན་སྐུལ་གནང་བ་དང་སྦྲགས། འཕྲིན་ཐུང་དེ་བརྒྱུད་སྐུལ་གང་བྱུང་བྱེད་མི་རུང་སྐོར་ཡང་བརྗོད་ཡོད་འདུག

སྨན་པ་ལི་ལ་ནག་ཉེས་བཙུགས།

སྨན་པ་ལི་ཡིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་ཏོག་དབྱིབས་ནད་པ་ཐོག་མའི་གྲས་དང་ཉེན་རྟོག་ཕྱོགས་ནས་ཁོང་ལ་ཉེས་འཛུགས་བྱས་སྐོར་གྱི་འཕྲིན་ཐུང་ཞིག ༢༠༢༠།༠༡།༣༡

སྨན་པ་ལིས་བརྒྱུད་སྐུལ་བྱས་པའི་འཕྲིན་ཐུང་དང་པར་རིས་རྣམས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་ཤུགས་ཆེར་ཕྱིན་རྗེས། ཝུའུ་ཧན་དབུས་སྨན་ཁང་གི་རྟོག་ཞིབ་སྡེ་ཚན་ (supervision department) ནས་ཛ་དྲག་གི་ཚོགས་འདུ་བསྐོངས་ཏེ། ལི་ཝིན་ཉིང་གིས་སར་སི་ (SARS) དང་འདྲ་བའི་ནད་རྟགས་ཐོན་ཡོད་པའི་གནས་ཚུལ་རྫུན་བསྒྲགས་བྱས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ ཉིན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཉེན་རྟོག་ཡན་ལག་ཁང་། གྲོང་ནན་ཁྲོམ་གཞུང་མངག་གཏོང་ཁང་གིས་ལི་ཝིན་ཉིང་ལ་འདྲི་ཞིབ་བྱས་ཏེ་ཕྱིས་སུ་ཚིག་ཐོ་ཕྱིར་བསྒྲགས་བྱས་པའི་ནང་དུ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ ཉིན་ལི་ཝིན་ཉིང་གིས་སྐད་འཕྲིན་ཚོགས་པ་དེའི་ནང་སར་སི་ (SARS) དང་འདྲ་བའི་ནད་རྟགས་ཅན་ ༧ ཡོད་ལུགས་ཀྱི་དངོས་བདེན་མིན་པའི་གནས་ཚུལ་སྤེལ་ཡོད་ཚུལ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ཏེ་སྤྱི་ཚོགས་ནང་དངོས་བདེན་མིན་པའི་གནས་ཚུལ་སྤེལ་རྐྱེན། སྤྱི་ཚོགས་ཀྱི་སྒྲིག་གཞི་དཀྲུག་པ་དང་གནས་ཚུལ་བརྒྱུད་བསྒྲགས་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་ལུགས་བསྒྲགས་ཡོད་པ་མ་ཟད། སྨན་པ་ལི་ཡིས་ཉེན་རྟོག་ཁང་གི་ཉེན་བརྡ་དྭང་ལེན་བྱས་ཚུལ་དང་མུ་མཐུད་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུ་མིན་ལུགས་ཀྱི་མིང་རྟགས་དང་མཛུབ་ཐེལ་བརྒྱག་ཏུ་བཅུག་ཡོད་ལུགས་ཀྱི་ཡི་གེ་ཞིག་ཕྱི་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་། ཡི་གེ་དེའི་ནང་དུ་ལི་ཝིན་ཉིང་གི་མིང་ཙམ་མ་གཏོགས་མང་པོ་ཞིག་ནག་གསུབ་བཏང་ཡོད་སྟབས། ཡི་གེ་དེ་དངོས་བདེན་ཡིན་མིན་གྱི་དོགས་སློང་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ཉེས་མིང་དྭང་ལེན་བྱེད་དུ་བཅུག་ཡོད་པའི་གླེང་གཞི་ཆེན་པོ་བྱུང་ཡོད་པ་རེད།

སྨན་པ་ལི་ལ་གཉན་རིམས་འགོས།

སྨན་པ་ལི་ནི་ཝུའུ་ཧན་དབུས་སྨན་ཁང་གི་མིག་ནད་སྨན་པ་ཞིག་ཡིན་སྟབས། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༧ ཉིན་ཁོང་གིས་མིག་སྐྱ་སྒྲིབ་ (Glaucoma) བྱུང་བའི་ནད་པ་ཞིག་ལ་སྨན་བཅོས་བྱས་པའི་ཕྱི་ཉིན་ཏེ། ཕྱི་ཚེས་ ༨ ཉིན་སྨན་པ་ལི་ལ་ཚ་བ་རྒྱས་ཡོད་པ་དང་།  ཕྱི་ཚེས་ ༡༠ ཉིན་སྔར་ལས་ཚ་བ་རྒྱས་ཤིང་གློ་བརྒྱབ་པ་སོགས་ནད་གཞི་ཚབས་ཆེ་རུ་ཕྱིན་ཡོད་འདུག

སྐབས་དེར་རྒྱ་ནག་ཀྲེ་ཅང་ཞིང་ཆེན་ (Zhejiang) ནས་ཝུའུ་ཧན་གྲོང་ཁྱེར་དུ་ཆེད་གཏོང་བྱས་པའི་ཆེད་ལས་སྨན་པ་ཡི་ཁྲིན་པོ་ (Yu Chengbo) ཞེས་པ་ཞིག་གིས་ཕྱིས་སུ་གསར་འགོད་པར་བརྗོད་པ་ལྟར་ན། ཕྱི་ཟླ་ ༡ ཚེས་ ༧ ཉིན། ལི་ཝིན་ཉིང་གིས་བརྟག་དཔྱད་བྱས་པའི་མིག་སྐྱ་སྒྲིབ་ཀྱི་ནད་པ་དེ་ནི། ཝུའུ་ཧན་ཧྭ་ནན་ཤིང་ཏོག་དང་མཚོ་ཟས་ཁྲོམ་རའི་ (Wuhan Huanan Seafood Wholesale Market) ཚོང་པ་ཞིག་ཡིན་ཞིང་། ཁོང་ལ་གློ་ཚད་ (pneumonia)ནད་རྟགས་ཚབས་ཆེན་ཐོན་ཡོད་སྟབས། ནད་པ་དེ་བརྒྱུད་ནས་ལི་ཝིན་ཉིང་ལ་འགོས་ཡོད་པའི་ཚོད་དཔག་བྱས་འདུག

 ལི་ཡི་སྨན་བཅོས་ཀྱི་བརྒྱུད་རིམ།

སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྐབས་ཀྱི་སྨན་པ་ལི་དང་དགོངས་སེལ་ཞུ་ཡིག

ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྨན་པ་ལི་ཝུའུ་ཧན་ཧོ་ཧུ་རྫོང་སྨན་ཁང་ (Houhu Hospital District) དུ་བསྐྱལ་ཏེ་ཟུར་བཀག་སྨན་བཅོས་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་སྨན་པས་བརྟག་དཔྱད་གྲུབ་འབྲས་ཡི་གེར་བཀོད་པའི་ནང་དུ། ལི་ཝིན་ཉིང་གི་སེམས་ཀྱི་འཕྲོད་བསྟེན་ཞན་པས་སེམས་གཅོང་ (depressive state) ཡོད་ལུགས་དང་། ཁོང་ལ་ཟས་ཀྱི་དང་ག་མེད་པ་དང་། མཚན་མོར་གཉིད་ཁུག་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་སྐོར་སོགས་བྲིས་ཡོད་འདུག

སྨན་པ་ལི་ལ་ཟུར་བཀག་སྨན་བཅོས་བྱེད་བཞིན་པའི་སྐབས་ཏེ། ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་ནག་གི་གསར་ཁང་ཞིག་གིས་གསང་བའི་ཐོག་ནས་ཁོང་ལ་བཅར་འདྲི་ཞིག་བྱས་པའི་ནང་དུ། ཁོང་གིས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་འབྱུང་རིམ་དང་། ཁོང་ལ་ཉེན་རྟོག་ཁང་ནས་ནག་ཉེས་ཇི་ལྟར་བཙུགས་པ་སོགས་འགྲེལ་བརྗོད་བྱས་ཡོད་འདུག དེ་བཞིན་ཕྱི་ཟླ་ ༡ ཚེས་ ༣༡ དང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ནེའུ་ཡོག་དུས་བབ་ཀྱིས་ཁོང་ལ་སྐད་འཕྲིན་བརྒྱུད་དམིགས་བསལ་བཅར་འདྲི་ཞིག་ ( https://www.nytimes.com/2020/02/07/world/asia/Li-Wenliang-china-coronavirus.html)བྱས་ཡོད་པ་དང་། སྐབས་དེར་ཁོང་གིས། མིག་སྐྱ་སྒྲིབ་ (Glaucoma) ཕོག་པའི་ནད་པ་དེའི་ནང་མིར་ནད་ཡམས་འགོས་རྗེས་ཁོ་རང་ཡང་ནད་པ་ཆགས་ཡོད་སྐོར་དང་། སྐབས་དེ་དུས་ནད་ཡམས་དེ་ཁྱབ་སླ་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཞིང་། ནད་པར་བརྟག་དཔྱད་བྱེད་སྐབས། ནད་པ་དེར་ནད་རྟགས་གང་ཡང་མེད་པས། ཁོང་གིས་ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་བེད་སྤྱོད་མ་བྱས་པར་ལྷོད་གཡེང་ཤོར་བར་བརྟེན། ཁོ་རང་ལ་ནད་ཡམས་འགོས་ཡོད་སྐོར་བརྗོད་འདུག ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་རྒྱ་ནག་ནང་ནད་ཡམས་ཁྱབ་བཞིན་ཡོད་སྟབས། ཁོང་ཚོ་ལས་རོགས་ནང་ཁུལ་དུ་སར་སི་ (SARS) ནད་ཡམས་བསྐྱར་དུ་བསླེབས་ཡོད་པས། ཚང་མས་གྲ་སྒྲིག་གང་ལེགས་བྱས་ཏེ། སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱ་དགོས་པའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་དང་། གལ་ཏེ་རྒྱ་ནག་གཞུང་གིས་སྔ་ས་ནས་ནད་ཡམས་སྐོར་གྱི་གནད་དོན་ཁྱབ་སྤེལ་བྱས་ཚེ་ཡག་པོ་ཡོང་ཡོད་པ་རེད་བསམ་གྱི་ཡོད་སྐོར་དང་། གནད་དོན་དེ་དག་ཕྱི་གསལ་ནང་གསལ་དགོས་པ་གལ་ཆེ་བ་སོགས་བརྗོད་འདུག

ཡང་བཅར་འདྲི་དེའི་ནང་ཁོང་གིས། ཉེན་རྟོག་པས་ནད་འབུ་དེ་སར་སི་ (SARS) ཡིན་པའི་ངེས་པ་མེད་པས། ངས་ནད་ཡམས་དང་འབྲེལ་བའི་དཀྲོག་གཏམ་སྤེལ་གྱི་ཡོད་སྐོར་བརྗོད་དེ། ནག་ཉེས་ངོས་ལེན་བྱས་བཅུག་སོང་། སྐབས་དེ་དུས་ང་ལ་དྲང་པོ་བྱས་མེད་པའི་ཚོར་སྣང་བྱུང་། འོན་ཀྱང་། ངས་ངོས་ལེན་བྱ་དགོས་ཁེལ་བྱུང་། དོན་དངོས་སུ་མི་མང་པོའི་ནང་མི་གཉེན་ཉེ་བཅས་འདས་གྲོངས་སུ་ཕྱིན་པ་མཐོང་དུས་སེམས་པ་ཧ་ཅང་སྐྱོ་བྱུང་།  ངའི་བྱིས་པ་ཆེ་བ་ལོ་ ༤ དང་ཟླ་ ༡༠ སོན་ཡོད་པ་དང་། བྱིས་པ་གཅིག་ད་ལྟ་སྐྱེ་རྒྱུ་རེད། ངས་ནང་མི་རྣམས་དྲན་གྱི་འདུག ངས་ནང་མི་དང་མཉམ་དུ་བརྙན་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད། ཅེས་དང་། ཕྱི་ཟླ་ ༡ ཚེས་ ༡༠ ཉིན་ནས་ང་ལ་གློ་བརྒྱག་མགོ་བཙུགས་སོང་། རིམས་ནད་ལས་དྲག་པར་ད་དུང་ཉིན་ ༡༥ ཡང་ན་དེ་ལས་མང་བ་འགོར་སྲིད་པ་རེད། དྲག་སྐྱེད་བྱུང་རྗེས་ནད་ཡམས་ལ་སྔོན་འགོག་དང་ནད་པར་ལྟ་སྐྱོང་སླད། སྨན་པའི་སྡེ་ཚན་ནང་ལས་ཀ་གཉེར་རྒྱུ་ཡིན། དེ་ངའི་འགན་འཁྲི་རེད། ཅེས་བརྗོད་འདུག

སྨན་བཅོས་བྱེད་རིང་སྨན་པ་ལི་ཡིས་བཅར་འདྲི་ཁག་ཅིག་དྭང་ལེན་བྱས་པ་དང་། སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་འཕྲིན་ཐུང་སྤེལ་བར་བརྟེན།  ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་སྨན་པ་ལིར་དང་ཐོག་ལས་ཀ་སྤྲོད་མཁན་གྱི་སྨན་པ་དེ་ཡིས་དགོངས་སེལ་ཞུ་ཡིག་

https://www.nytimes.com/interactive/2022/10/05/world/asia/li-wenliang-letter.html ཅིག་འབྲི་རུ་བཅུག་འདུག

ཟླ་དེའི་ཕྱི་ཚེས་ ༣༡ ཉིན་སྨན་པ་ལི་ཡིས་ཝེ་པོ་བརྒྱུད་ངོས་ལེན་ཡི་གེ་དེའི་པར་དང་ཉེན་རྟོག་ལས་ཁུངས་ནང་ཡོད་པའི་སྐབས་ཀྱི་མྱོང་ཚོར་བཅས་སྤེལ་ཡོད་པ་མ་ཟད། སྲོག་རླུང་རྔུབ་བཞིན་ནད་ཁྲིའི་ཐོག་ཏུ་ཉལ་ཏེ་ཁོང་གིས། གང་མགྱོགས་དྲག་སྐྱེད་བྱུང་རྗེས། མདུན་དུ་ཐོན་ནས་སྨན་བཅོས་ཀྱི་ལས་ཀ་མུ་མཐུད་དུ་བྱ་རྒྱུ་ཡིན་ཞེས་བརྗོད་པར་བརྟེན། སྨན་པ་ལི་ཝིན་ཉིང་འཛམ་གླིང་མི་མང་གིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བ་མ་ཟད།  ཏོག་དབྱིབས་ཀྱི་ཉེན་བརྡ་ཐོག་མ་གཏོང་མཁན་གྱི་ལྷའི་ཕོ་ཉའམ་དམངས་ཁྲོད་ཀྱི་དཔའ་བོ་ (folk hero) ཞེས་པའི་མཚན་སྙན་ཐོགས།

སྨན་པ་ལི་ཡི་ཆེས་མཐའ་མཇུག་གི་ཉིན་གྲངས་ ༣༩།

སྨན་པ་ལི་ལ་ཚ་བ་རྒྱས་ཤིང་གློ་བརྒྱབ་ནས་ཉིན་གྲངས་ ༢༡ ཙམ་འགོར་རྗེས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣༠ ཉིན་གཞི་ནས་སྨན་ཁང་གིས་ཁོང་ལ་ནད་ཡམས་གསར་པ་དེ་འགོས་ཡོད་ལུགས་ཀྱི་བརྟག་འབྲས་བཏོན་ཡོད་པ་དང་།
ཕྱི་ཟླ་ ༢ ཚེས་ ༥ ཉིན་ནས་བཟུང་དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་དེ་གནས་སྟངས་ཛ་དྲག་ཏུ་གྱུར།

འབྲེལ་ཡོད་ནས་ནེའུ་ཡོག་དུས་བབ་གསར་ཁང་ལ་མཁོ་སྤྲོད་བྱས་ཡོད་པའི་ཕྱི་ལོ་ ༢༠༢༠ ཟླ་༢ ཚེས་ ༦ ཉིན་གྱི་སྔ་དྲོར་ལི་ཡི་ཆེད་གཉེར་སྨན་པས་བརྟག་འབྲས་ཡི་གེར་བཀོད་པ་དེའི་ནང་དུ། སྨན་པ་ལིའི་དབང་པོ་མང་པོའི་ནུས་པ་ཉམས་འགྲོ་བའི་ཉེན་ཁ་འདུག ཅེས་བྲིས་ཡོད་པ་དང་། ད་དུང་སྨན་བཅོས་ཡིག་ཚགས་དེའི་ནང་།  སྔར་ནས་ཁོང་ལ་སྲོག་རླུང་སྦུ་གུ་དང་དབུགས་གསབ་མཆུ་ཁེབས་གཡོགས་ཡོད་ལུགས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༩ ཉིན་ཁོང་ལ་དབུགས་གསོག་འཕྲུལ་ཆས་ (non-invasive ventilator) བརྒྱུད་སྲོག་རླུང་སྤྲོད་ཐབས་བྱས་ཡོད་ཀྱང་། ནད་པས་བཟོད་སྲན་མ་ཐུབ་པའི་རྐྱེན་གྱིས་བེད་སྤྱོད་བྱེད་ཐུབ་མེད་ལུགས་བྲིས་ཡོད་འདུག

ད་དུང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བརྟག་འབྲས་ནང་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧།༢༠ ཡས་མས་ལ་སྨན་པ་ལི་ཡི་སྙིང་གི་འཕར་ལྡིང་(cardiac arrest) མཚམས་ཆད་མེད་ལུགས་དང་། ཁོང་ལ་ལྟ་རྟོག་བྱེད་མཁན་གྱི་སྨན་པའི་སྡེ་ཚན་གྱིས་སྙིང་འཕར་ཛ་དྲག་མྱུར་སྐྱོབ་ (Cardiopulmonary resuscitation) ཀྱི་ཐབས་ལམ་དེ་ཆུ་ཚོད་ ༧ ལྷག་རིང་སྤྱད་ཡོད་ཀྱང་། ལི་ཝིན་ཉིང་གི་སྙིང་རྩ་འཕར་ལྡིང་གཏན་དུ་འགག་ཡོད་སྐོར་བཀོད་འདུག་ལ། སྐབས་དེ་དུས་སྨན་པ་ལི་ཡི་སྙིང་དང་གློ་བའི་བྱེད་ནུས་གོང་སྤེལ་ཆེད་ (extracorporeal membrane oxygenation) ཟེར་བ་བེད་སྤྱོད་བཏང་ཡོད་སྐོར་སོགས་བྲིས་ཡོད་ཀྱང་། ཚེ་སྲོག་གི་ཆེས་མཐའ་མར་བསླེབས་པའི་ཆུ་ཚོད་འགའ་ཡི་རིང་སྨན་པ་ལི་ཡི་འགྲམ་དུ་ཡོད་པའི་ཁོ་རང་གི་ལས་རོགས་སྨན་པ་མིང་ཚབ་ (B) ཅན་ཞིག་གིས་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར་བརྗོད་པ་ལྟར་ན། ཕྱི་ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ པ་ཙམ་ལ་ཁོང་སྨན་པ་ལིའི་ལྟ་སྐྱོང་ཚན་པའི་ནང་དུ་འཛུལ་སྐབས། སྨན་ཁང་གི་འགན་འཛིན་དང་ཁོང་ལ་ལྟ་རྟོག་བྱེད་མཁན་གྱི་སྨན་པའི་སྡེ་ཚན་གྱིས་ལི་ཝིན་ཉིང་ལ་དེང་དུས་འཕྲུལ་ཆས་ (Extracorporeal membrane oxygenation) བེད་སྤྱོད་བཏང་སྟེ་ཐབས་ཤེས་ཡོད་རྒུ་བཏོན་པའི་རྣམ་པ་བསྟན་ཡོད་ཀྱང་། རྟོག་ཞིབ་བྱེད་མཁན་གྱི་སྨན་པའི་སྡེ་ཚན་ནང་ཁུལ་དུ་སྐབས་དེར་ཛ་དྲག་མྱུར་སྐྱོབ་འཕྲུལ་ཆས་དེ་བེད་སྤྱོད་བཏང་བ་ཕྱི་དྲགས་པའི་རྩོད་གླེང་བྱེད་བཞིན་ཡོད་པ་དང་། རྗེས་སུ་སྨན་པ་གཞན་ ༦ གིས་ཀྱང་དེ་ལྟར་བརྗོད་དེ། སྙིང་གི་འཕར་ལྡིང་མཚམས་བཞག་ཟིན་པའི་ཕུང་པོ་ཞིག་ལ་དེ་ལྟར་བྱེད་པ་ནི་མཐོང་ཆུང་དང་ཁྱད་གསོད་ལྟ་བུ་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཕྱི་ཟླ་ ༢ ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༤ པ་ཙམ་ལ་ཝུའུ་ཧན་དབུས་སྨན་ཁང་གིས། ཕྱི་ཚེས་ ༧ ཉིན་གྱི་ཞོགས་སྔ་ཆུ་ཚོད་ ༢།༥༨ (2:58am) སྟེང་སྨན་པ་ལི་འདས་གྲོངས་སུ་ཕྱིན་ཡོད་སྐོར་བསྒྲགས་ཡོད་ཀྱང་། སྐབས་དེར་ཁོང་གི་ཉེ་འཁོར་གྱི་སྨན་པ་དང་ལས་རོགས་སོགས་ནས་བརྗོད་པ་ལྟར་ན། ཕྱི་ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧ ཡས་མས་ནས་འདས་གྲོངས་སུ་ཕྱིན་ཟིན་ཡོད་འདུག

ཁོང་གི་གྲོངས་རྐྱེན་ཐད་དོགས་སློང་མང་པོ་བྱེད་བཞིན་ཡོད་ཀྱང་།  ནེའུ་ཡོག་དུས་བབ་ལ་མཁོ་སྤྲོད་བྱས་པའི་སྨན་པ་ལི་ཡི་སྨན་བཅོས་ཡིག་ཚགས་དང་། ལས་རོགས་སྨན་པར་བཅར་འདྲི་བྱས་པ་བཅས་ལ་སྨན་གྱི་ཆེད་ལས་མཁས་པ་བརྒྱད་ཀྱིས་ཞིབ་འཇུག་བྱས་རྗེས། སྨན་པ་ལི་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་ངེས་གཏན་ཡིན་པའི་སྡོམ་ཚིག་བརྒྱབ་ཡོད་པ་རེད། སྐབས་དེར་རྒྱ་ནག་ནང་ཏོག་དབྱིབས་འགོས་ཏེ་འདས་གྲོངས་སུ་ཕྱིན་པའི་སྨན་པ་ལི་ཝིན་ཉིང་ཙམ་མིན་པར་མང་པོ་ཞིག་ལ་ན་ཚ་འགོས་ཏེ་ནད་མནར་དང་འཆི་སྐྱོན་བྱུང་ཡོད་འདུག ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༨ ཉིན། རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་ཁང་གིས། རྒྱ་ནག་གི་སྨན་པའི་ཉིན་མོར། ཏོག་དབྱིབས་ལ་རྒོལ་འཛིང་བྱེད་བཞིན་པའི་གོས་དཀར་ཅན་གྱི་འཕྲོད་བསྟེན་ཞབས་ཕྱི་བ་རྣམས་ལ་གུས་འདུད་ཞུ་ཞེས་པའི་གསར་འགྱུར་ཞིག་སྤེལ་ཡོད་པའི་ནང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༩ ཉིན་ཆེས་ཐོག་མར་ཝུའུ་ཧན་ནས་སྨན་པ་ ༧ ལ་ཏོག་དབྱིབས་འགོས་པའི་གནས་ཚུལ་ཐོན་རྗེས། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༡ བར་དུ་རྒྱལ་ཡོངས་ནས་འཕྲོད་བསྟེན་ཞབས་ཕྱི་བ་ཁྱོན་ ༡༧༡༦ ལ་ཏོག་ནད་འགོས་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་ ༡༡༠༢ ཝུའུ་ཧན་གྲོང་ཁྱེར་རང་ནས་ཡིན་སྐོར་བརྗོད་ཡོད་ཀྱང་། སྨན་པ་དང་སྨན་ཞབས་པ་སོགས་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཕྱིར་བསྒྲགས་བྱས་མེད་པ་རེད།

དགོངས་སེལ་དང་གཟེངས་རྟགས།

Mourning Dr.Li Wenliang on 04 Feb,2022. Lam Yik Fei For The New York times

སྨན་པ་ལི་ཉུང་མཐར་ཟླ་གཅིག་དང་ཉིན་གྲངས་ ༡༠ ཡས་མས་རིང་སྨན་ཁང་དུ་ཉལ་ཏེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་རྗེས། རྒྱ་ནག་ནང་ལོགས་དང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་སྨན་པ་ལི་གཙོ་བོར་གྱུར་བའི་ཏོག་དབྱིབས་ཉེན་བརྡ་གཏོང་མཁན་ལ་ཉེས་མེད་ཉེས་འཛུགས་བྱས་པ་དང་། མཐར་འཆི་ལམ་དུ་དེད་པར་སྐྱོན་བརྗོད་ཤུགས་ཆེན་བྱས་པ་མ་ཟད། སྐབས་ཐོག་དེར་རྒྱ་ནག་གཞུང་གིས་དགོས་ངེས་ཀྱི་འགོག་སྲུང་བྱ་བ་བསྒྲུབ་ཡོད་ཚེ། འཛམ་གླིང་མི་གྲངས་ས་ཡ་ ༦ ལྷག་ལ་འཆི་སྐྱོན་བྱུང་མེད་པའི་འཁང་རའང་བྱེད་ཀྱི་ཡོད་པ་རེད། རྒྱ་གཞུང་ཉེན་རྟོག་ཁང་གིས་ཕྱིས་སུ་སྨན་པ་ལི་ལ་གནས་ཚུལ་རྫུན་བསྒྲགས་བྱས་པའི་ཉེས་མིང་གཡོགས་པ་ཕྱིར་འཐེན་བྱས་ཏེ། ཁོང་གི་ཁྱིམ་མིར་དགོངས་སེལ་ཞུས་ཡོད་འདུག ཡིན་ནའང་། ཉེན་རྟོག་པ་གཉིས་ཀྱིས་སྨན་པ་ལི་ཡི་གྱོད་དོན་ཞུ་གཏུག་ཐད་ཐེ་གཏོགས་བྱས་ཡོད་པའི་ཉེས་མིང་འོག་ལས་གནས་ནས་གནས་དབྱུང་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་སྐབས་གདོང་མཆོང་གིས་བྱས་རྗེས་ཆེན་པོ་བཞག་པའི་ངོས་འཛིན་འོག རྒྱ་ནག་གི་སྨན་པ་དང་ཉེན་རྟོག་པ། དྭང་ཞབས་པ།  སེམས་ཁམས་སློབ་སྟོན་པ་སོགས་མི་གྲངས་ ༣༤ ལ་ལྔ་བཞི་གཞོན་ནུའི་གཟེངས་རྟགས་ཞེས་པ་སྤྲད་ཡོད་པ་དང་། དེའི་ཁྲོད་དུ་སྨན་པ་ལི་ཝིན་ཉིང་ལ་དཔའ་བོ་ཞེས་པའི་མཚན་སྙན་ཐོག་གཟེངས་རྟགས་དེ་ཕུལ་འདུག

༢༠༢༠ ཟླ་ ༦ ཚེས་ ༡༢ ཉིན་སྨན་པ་ལི་ཡི་བཟའ་ཟླ་ལ་བུ་ཞིག་སྐྱེས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ ཉིན་མི་མང་གིས་ཡང་བསྐྱར་སྐྱོ་གདུང་གི་ངང་ནས་སྨན་པ་ལི་ཝིན་ཉིང་གླེང་དགོས་བྱུང་། དེ་ནི་འཇིག་རྟེན་འདི་ནས་བཞུད་ཟིན་པའི་སྐྱེས་པ་ཞིག་གིས། རང་ཉིད་ཀྱི་ཚེ་རོགས་ལ་ཆེས་མཐའ་མཇུག་གམ་ཐོག་མཐའ་མེད་པའི་མི་ཚེ་འདིར་ལེགས་སྐྱེས་སུ་ཕུལ་བའི་བུ་ཆུང་སྙིང་རྗེ་བོ་ཞིག་ཝུའུ་ཧན་གྱི་སྨན་ཁང་ཞིག་ཏུ་སྐྱེས་ཡོད་པ་དང་། བུ་ཆུང་གི་ཨ་མ་ཧྥུའུ་ཞེ་ཇེ་ལགས་ཀྱིས་སྨན་ཁང་དུ་བུ་ཆུང་བང་དུ་བཟུང་སྟེ། རྒད་པོ། ཁྱེད་ཀྱིས་བདེ་བ་ཅན་ནས་མཐོང་གི་འདུག་གམ། ཁྱེད་ཀྱིས་ང་ལ་ཆེས་མཐའ་མཇུག་ཏུ་སྤྲད་པའི་ལེགས་སྐྱེས་བཟང་པོ་དེ་དེ་རིང་སྐྱེས་བྱུང་། ངས་ཁོང་གཉིས་ལ་བདག་སྐྱོང་ལེགས་པོ་ཞིག་བྱེད་ཁོ་ཐག་ཡིན། ཞེས་བྲིས་པའི་པར་དང་ཡིག་ཆུང་ཞིག་དྲ་ལམ་གང་སར་ཁྱབ་སོང་། མ་གཞི་སྨན་པ་ལི་ལ་ནད་མནར་བྱུང་སྟེ་ཉིན་གྲངས་ ༤༠ ལྷག་རིང་ཟུར་བཀག་ཏུ་སྡོད་སྐབས་ཁོང་གི་ཆུང་མར་མངལ་སྦྲུམ་ནས་ཟླ་ ༤  ལྷག་འགོར་ཟིན་ཡོད་འདུག་ལ། དུས་ཡུན་དེར་དྲ་ལམ་གྱི་ཁ་བརྡ་ཙམ་མ་གཏོགས་དངོས་སུ་ཐུག་པའི་གོ་སྐབས་བྱུང་མི་འདུག ཁོང་སྨན་ཁང་དུ་ཡོད་སྐབས་ཁོང་གི་ཕ་མ་གཉིས་ལའང་རིམས་ནད་བྱུང་ཡོད་ཀྱང་ཕྱིས་སུ་དྲག་སྐྱེད་བྱུང་ཡོད་འདུག

ཏོག་དབྱིབས་ཀྱི་ཉེན་བརྡ་ཐོག་མ་གཏོང་མཁན་ལི་ཝིན་ཉིང་ནི། ཕྱི་ལོ་ ༡༩༨༦ ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་ནག་ལོའུ་ལིན་ཞིང་ཆེན་ (Liaoning) གྱི་པའེ་ཀྲིན་གྲོང་ཁྱེར་གྱི་ལས་བཟོ་བའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༤ ལོར་པའེ་ཀྲིན་མཐོ་རིམ་སློབ་གྲྭ་ (Beizhen High School) ནས་མཐོ་རྒྱུགས་ཀྱི་སྐར་མ་ ༦༠༩ བླངས་ཏེ། ཝུའུ་ཧན་སྨན་གྱི་གཙུག་ལག་སློབ་ཆེན་དུ་ཚུད་དེ་ཉེ་བའི་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ བར་ཤཱ་མིན་གཙུག་ལག་སློབ་ཆེན་ (Xiamen University) གྱི་མིག་གི་ཆེད་ལས་སློབ་གླིང་ (Xiamen Eye Centre) དུ་མིག་སྨན་ཆེད་སྦྱོང་བྱས་རྗེས། ཝུའུ་ཧན་གྲོང་ཁྱེར་གྱི་དབུས་སྨན་ཁང་དུ་ཕྱག་ལས་གནང་ཡོད་པ་དང་། གཞུང་རྒྱུད་དྲང་ཞིང་གཏན་ཚིགས་ཆེ་བའི་ན་གཞོན་དེའི་བྱ་སྤྱོད་ཀྱིས་ནད་པ་དང་ལས་རོགས་མང་པོའི་ཡིད་སེམས་དབང་མེད་དུ་བཀུག་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

སྐར་མ ༡༢ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༤ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༤ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese