མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱའི་མགྲིན་ཚབ་པ་གཙོ་བོ་ཞིག་གི་ལས་གནས་འཕོ་འགྱུར་བཏང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཐོག་ནས་སྤྱང་རྒོད་དུ་གྲགས་པའི་རྒྱ་ནག་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་ཀྲོ་ལི་ཅན་གློ་བུར་དུ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མཐའ་མཚམས་དང་རྒྱ་མཚོའི་ཁུལ་གྱི་ལས་དོན་ཁང་གི་འགན་འཛིན་གཞོན་པ་རུ་བསྐོས་འདུག

Former Chinese foreign ministry spokesman Zhao Lijian has been demoted. photo :GETTY IMAGE

རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཨ་རི་དང་ཨ་རིའི་མཐུན་ཕྱོགས་སོགས་ཕྱིའི་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་ལ་ཕར་རྒོལ་དྲག་པོ་བྱེད་བཞིན་ཡོད་ལ། སྤྱི་ཚོགས་དྲ་ལམ་སོགས་ནས་ཁ་གཏད་རྒྱལ་ཁབ་ཁག་གི་གཞུང་དང་གནད་ཡོད་མི་སྣ་ཚོར་དྲ་ཐོག་འཇབ་རྒོལ་བྱེད་མཁན་ས་ཡ་མང་པོ་རྩ་འཛུགས་བྱས་ཡོད་པ་དེར་སྤྱང་དམག་ཀྱང་ཟེར་གྱི་ཡོད། འདས་པའི་ལོ་ཤས་ནང་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ཀྲའོ་ལི་ཅན་(Zhao Lijian )ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཚིག་མཚོན་འཕེན་མཁན་ལྟེ་བོ་ཞིག་ཆགས་ཡོད་པ་རེད། འོན་ཀྱང་། གློ་བུར་དུ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མཐའ་མཚམས་དང་རྒྱ་མཚོའི་ཁུལ་གྱི་ལས་དོན་ཁང་གི་འགན་འཛིན་གཞོན་པ་རུ་བསྐོས་འདུག

ད་ལྟ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱའི་སྤྱང་དམག་གི་སྣེ་འཁྲིད་པ་ཁོ་གློ་བུར་དུ་ལས་གནས་འཕོ་འགྱུར་གཏོང་དགོས་དོན་སྐོར་ལ་ཚོད་དཔག་རང་བཞིན་གྱི་གླེང་སློང་གང་ཙམ་བྱེད་བཞིན་པའི་ཁྲོད་ནས་གཅིག་ནི། ཀྲའོ་ཡི་གནས་རིམ་ལ་འགྱུར་བ་ཕྱིན་མེད་ཀྱང་རྒྱལ་སྤྱིའི་མིག་ལམ་ནས་ཁོ་གློ་བུར་དུ་བརླག་བཅུག་ཡོད་སྐོར་དང་། ཁོ་མཐའ་མཚམས་དང་རྒྱ་མཚོའི་ཁུལ་གྱི་ལས་དོན་ཁང་གི་འགན་འཛིན་གཞོན་པར་བསྐོས་པ་དེས་མ་འོངས་པར་རྒྱལ་མཚམས་དོ་དམ་ཐད་སྔར་ལས་ཤུགས་གནོན་བྱ་འཆར་ཡོད་པ་སོགས་བརྗོད་ཀྱི་འདུག འདས་ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་མི་མང་རྣམས་ཀྱི་འཚོ་གནས་ལ་དཀའ་ངལ་ཤུགས་ཆེན་ཕྲད་པའི་རྐྱེན་གྱིས་ཤོག་དཀར་གསར་བརྗེའི་ལས་འགུལ་བྱུང་སྐབས། རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག  རུ་ཌར་(Reuter)གྱི་གསར་འགོད་པ་ཞིག་གིས། རྒྱ་ནག་ཏུ་ཤོག་དཀར་གསར་བརྗེ་ལངས་དགོས་པའི་རྒྱུ་མཚན་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙལ་སེལ་གྱི་སྲིད་ཇུས་འོག་ནས་སྒོ་རྒྱ་བསྡམས་པའི་གྲོང་ཁྱེར་རྣམས་ག་དུས་ཙམ་ལ་སྒོ་དབྱེ་རྒྱུ་ཡིན་པའི་སྐོར་སོགས་འདྲི་སྐབས། ཀྲའོ་ཡིས་མ་གོ་མདོག་མདོག་གིས་དྲི་བ་ཡང་ནས་བསྐྱར་དུ་བཏང་བཅུག་པ་དང་། སྐར་ཆ་ ༣༠ ཙམ་ལ་ཁུ་སིམ་མེར་ལྷག་ནས་ལན་འདེབས་མ་ཐུབ་པར་བརྟེན། རྒྱལ་སྤྱིའི་ཐོག་ནས་ཁོའི་འུ་ཐུག་གི་བྱེད་ཐབས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ད་ལན་ལས་གནས་འཕོ་འགྱུར་བཏང་བའི་རྐྱེན་རྩ་གཅིག་འདི་ཡིན་པར་བཤད།

ཕྱི་ལོ་ ༢༠༡༩ ལོ་མཇུག་ནས་སྤྱང་རྒོད་ཀྲའོ་ལི་ཅན་གྱིས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་ལས་གནས་གཉེར་ཏེ། དྲ་ལམ་སོགས་ནས་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་གཞུང་སྒེར་ཚང་མའི་ཁ་གཏད་དུ་ལངས་ནས་གདོང་མཆོངས་ལན་མང་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ཙམ་ལ་འཛམ་གླིང་རྒྱལ་ཁབ་མང་པོས་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་ཕྱོགས་ཡོངས་ནས་རྒྱ་ནག་ལ་སྡང་ཟུག་ཆེན་པོ་བྱེད་སྐབས། ཁོས་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ཨ་རིའི་དམག་མི་ཡིན་པའི་སྙོན་འཛུགས་ཐོག་མ་དེ་བྱས་ཡོད་པ་མ་ཟད། རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སོགས་ཀྱི་ཐོག་ཨ་རིས་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་ལུགས་སྐྱོན་འཛུགས་བྱས། ཉེ་ལམ་ཁོའི་ཊི་ཝེ་ཊར་གྱི་རྒྱབ་ངོས་སུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་པ་མང་པོ་ཞིག་ལ་རོགས་འདེགས་བྱེད་མུས་ཡིན་པའི་གནས་ཚུལ་སྤེལ་བ་ལས། དེ་མིན་གྱི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཟུར་བའམ་རྒྱ་ནག་གཞུང་གི་སྤྱང་རྒོད་ཀྲའོ་ལི་ཅན་ནི། ཕྱི་ལོ ༡༩༧༢ ལོར་རྒྱ་ནག་ཧི་པེ་གྲོང་ཁྱེར་གྱི་ཡ་ཝན་ཀྲོང་(Yaowangzhuang) གྲོང་ཁྱེར་དུ་སྐྱེས་ཤིང་། ཁོས་ཁྲང་ཧྲ་གཙུག་ལག་སློབ་ཆེན་(Changsha Railway College) ནས་ཕྱི་རྒྱལ་གྱི་སྐད་ཡིག་སློབ་སྦྱོང་བྱས་རྗེས། ཀོ་རི་ཡའི་(Korea Development Institute) མཐོ་སློབ་ནས་སྤྱི་དམངས་སྲིད་ཇུས་( public policy)   ཐོག་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ཁོས་ཕྱི་ལོ ༡༩༩༦ ཙམ་ནས་བཟུང་རྒྱ་ནག་གི་ཨེ་ཤ་ཡའི་ཕྱི་འབྲེལ་ཁང་( Department of Asian Affairs ) དུ་ལས་ཞུགས་བྱས་ཏེ། ཕྱི་ལོ ༢༠༡༣ བར་པཱ་ཀི་སི་ཐན་དང་ཨ་རི་གཉིས་ཀྱི་རྒྱ་ནག་གཞུང་ཚབ་ཁང་དུ་ལས་ཀ་བྱས། ཕྱི་ལོ ༢༠༡༩ ནས་ད་ལྟ་བར་དུ་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པའི་ལས་ཀ་བྱས།

གསར་འགོད་པ། དཔལ་ལྡན།

མཆན། 1

  1. ཇ་མ། says:
    2 weeks སྔོན།

    སྤྱང་ཁྱི་འདིའི་སྐྱེས་མའི་ཁ་འདུག་མེད་པས་ཁོ་རང་གོ་གནས་ནས་མར་ལྷུང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist