མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་འོག་བོད་དང་ཡུ་གུར། ཧོང་ཀོང་། རྒྱ་རིགས་མི་མང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་མུས་ཡིན་སྐོར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྒྱས་བསྡུས་སྙན་ཐོ་ཐོག་མ།

དེ་རིང་ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། མགོ་བརྗོད་དུ་ཕྱི་ལོ་ ༢༠༢༣ ལོའི་ལོ་འཁོར་བསྐྱར་ཞིབ་སྙན་ཐོ་ཞེས་འཁོད་ཅིང་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་རྒྱས་བསྡུས་སྙན་ཐོ་འདོན་ཐེངས་ ༣༣ པ་དེ་བཏོན་འདུག་པ་དང་། སྙན་ཐོའི་ནང་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་བརྒྱ་ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་བཏོན་ཡོད་པ་རེད།

སྙན་ཐོའི་ནང་རྒྱ་ནག་སྤྱི་དང་དམིགས་བསལ་རྒྱ་ནག་གི་བཙན་དབང་འོག་གནས་པའི་བོད་དང་ཡུ་གུར། ཧོང་ཀོང་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོ་འདོན་བྱས་འདུག་ཅིང་། བོད་ནང་མུ་མཐུད་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་སོགས་མེད་པའི་ཁར། བོད་ཀྱི་ཞིང་འབྲོག་མང་ཚོགས་གྲོང་ཁྱེར་དང་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡིན་ཟེར་བའི་གནས་སྤོ་སྲིད་ཇུས་དང་བོད་ཀྱི་ཁོར་ཡུག་གཏོར་བཅོམ་གཏོང་མུས་ཡིན་ཞིང་། བོད་མི་ཚོས་ཏང་གི་ཁྲིམས་ལ་བརྩི་འཇོག་དགོས་པ་དང་བོད་མི་ནང་ཁུལ་དུ་དངུལ་སྤྲད་ནས་སོ་མྱུལ་བ་བཞག་སྟེ་ཏང་ལ་དགྲའི་འདུ་ཤེས་འཛིན་པ་དང་དམར་ཤོག་ཚོགས་པའི་ཁྲིམས་མི་བརྩི་མཁན་རྣམས་རྩིས་སྤྲོད་བྱེད་དུ་འཇུག་གི་ཡོད་སྐོར་དང་།  དྲ་ལམ་སྟངས་འཛིན་དོ་ནན་བྱེད་བཞིན་པའི་གནས་སྟངས་འོག་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གིས་བཅད་བགོ་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་བོད་མིའི་ས་ཁུལ་ཁག་ཅིག་གི་ནང་ལྷ་ཁང་དང་སྐུ་རྟེན་སོགས་གཏོར་བཤིག་བཏང་ཡོད་སྐོར་བརྗོད་འདུག

དམིགས་བསལ་སྙན་ཐོའི་ནང་། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཕྱག་ལས་གནང་མཁན་གྱི་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཏེ། བཙོན་ཁང་དུ་ཚུལ་མིན་གྱི་ཉེས་རྡུང་ཚབས་ཆེན་བཏང་བའི་ཁྲོད། སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རོང་བོ་དགེ་འདུན་ལྷུན་འགྲུབ། ཐུབ་བསྟན་བློ་གྲོས་སམ་ས་བུ་ཆེ་སོགས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༣ ནང་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་པོ་ཏ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མིར་བསྲེགས་བཏང་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༦ ལོ་ནས་ཞི་ཅིན་ཕིན་གྱི་བཀོད་འདོམ་འོག་ནང་བསྟན་ཆོས་ལུགས་ལ་དམ་དྲག་བྱས་པ་ཁོ་ན་ཙམ་མ་ཡིན་པར་ནང་བསྟན་ཆོས་ལུགས་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་མཐུན་པར་བྱས་ཏེ། ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་དམར་ཤོག་ཚོགས་པའི་ལྟ་གྲུབ་རྒྱ་སྐྱེད་དང་མཐོར་འདེགས་ལ་དམིགས་ཡོད་སྐོར་སོགས་བརྗོད་འདུག

གཞན་ཡང་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། མི་མང་ས་ཡ་མང་པོ་ཁྱིམ་སྡོད་བཀག་རྒྱའི་འོག་བཅུག་སྟབས། མི་མང་ལ་ཉིན་རེའི་ཟས་ཐུན་གསུམ་གྱི་དཀའ་ངལ་འཕྲད་པའི་གནས་སྟངས་བྱུང་བ་མ་ཟད། སི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གོད་ཆག་ཤོར་སྐབས་ཀྱང་མི་མང་རང་ཁྱིམ་ནས་ཕྱིར་ཐོན་ཆོག་གི་མེད་པ་སོགས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་།  དམིགས་བསལ་བོད་དང་ཡུ་གུར་མི་རིགས་རང་སྐྱོང་ཟེར་བའི་ནང་ཏོག་དབྱིབས་ཀྱི་བཀོག་སྡོམ་ཚབས་ཆེན་བྱས་ཏེ་ཐོབ་ཐང་མང་པོ་ཞིག་ལ་རྡོག་རོལ་བཏང་ཡོད་སྐོར་དང་། ཧོང་ཀོང་གི་འགྲོ་བོ་མིའི་ཐོབ་ཐང་ལ་མུ་མཐུད་རྡོག་རོལ་བཏང་བ་དང་། ཧོང་ཀོང་གི་ཆར་གདུགས་གསར་བརྗེའི་ལས་འགུལ་ཐོག་དྲག་གནོན་བྱེད་མཁན་ཇོན་ལི་ཟེར་བ་ཧོང་ཀོང་སྤྱི་ཁྱབ་ལ་བསྐོ་གཞག་བྱས་ཡོད་སྐོར།  དེ་བཞིན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་སྟངས་ལ་གཞིགས་ནས། འཛམ་གླིང་རྒྱལ་ཁབ་བརྒྱད་ཀྱིས། རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ཐོག་ནས་ངོ་རྒོལ་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༦ ནང་ཤིན་ཅང་ནས་ཕྱིར་འདྲེན་བྱས་པའི་ཐོན་རྫས་དག་བཙན་དབང་འོག་ཡུ་གུར་བའི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཡིན་པས། ཨ་རིས་ཤིན་ཅང་ཁུལ་ནས་ཐོན་པའི་དངོས་རྫས་རིགས་ཕྱིར་འདྲེན་ཉོ་ཚོང་མི་ཆོག་པའི་(UFLPA) ཁྲིམས་གཏན་འབེབ་བྱས་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese