མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་གྲོང་ཁྱེར་སྤོག་རར་བསྐྱོད་པའི་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ནས་མི་གྲངས་ ༦༨ རྐྱེན་འདས་སུ་གྱུར།

Hundreds of rescuers were rushed to the site of the crash , photo: CNN

ཁ་སང་ཕྱི་ཚེས་ ༡༦ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་སྤོག་རར་བསྐྱོད་པའི་ཡེ་ཊི་མཁའ་ལམ་(Yeti Airlines) འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུ་ཞིག་སྤོག་རའི་གནམ་ཐང་གི་མཁའ་ལམ་ནས་མར་བབ་སྐབས། གནམ་གཤིས་ཡག་པོ་མེད་པ་སོགས་ཀྱི་དབང་གིས། གནམ་གྲུ་བརྡབ་སྐྱོན་བྱུང་ནས་མི་གྲངས་ ༦༨ རྐྱེན་འདས་སུ་གྱུར་ཡོད་འདུག

ཡེ་ཊི་མཁའ་ལམ་འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུའི་ནང་དུ་མཁའ་ལམ་ཞབས་ཞུ་བ་མི་གྲངས་ ༤ ཚུད་པའི་འགྲིམ་འགྲུལ་བ་ ༦༨ ཡོད་པའི་ཁྲོད། སྐྱེས་པ་གྲངས་ ༣༧ དང་བུད་མེད་ ༢༥ བྱིས་པ་དམར་རྗེན་ ༣ ཚུད་པའི་ཕྲུ་གུ་ ༦ ཡོད་འདུག་ལ། དེའི་ནང་བལ་པོ་བ་གྲངས་ ༥༣ དང་། རྒྱ་གར་བ་ ༥། ཨུ་རུ་སུ་ནས་མི་གྲངས ༤། ཀོ་རི་ཡ་ ༢། དེ་བཞིན་ཨོ་གླིང་དང་། ཨར་ཇེན་ཊི་ན། ཧྥ་རན་སི། ཨའེ་ལེན་ཌི་བཅས་ནས་མི་གྲངས་གཅིག་རེ་ཡོད་འདུག

དེའི་ཐད་བལ་ཡུལ་གྱི་སྲིད་བློན་པུ་ཤི་པ་ཀ་མལ་ (Minister Pushpa Kamal) ཡི་སྒེར་གྱི་ཊུ་ཝེ་ཊར་དུ། ངས་བལ་ཡུལ་གྱི་བདེ་འཇགས་མི་སྣ་དང་། བལ་ཡུལ་གཞུང་གི་འགྲིམ་འགྲུལ་ལས་ཁུངས་ཁག་སོགས་ཀྱིས་ནུས་པ་ལྡན་པའི་ངང་ནས་མྱུར་སྐྱོབ་བྱ་རྒྱུ་རེ་སྐུལ་ཞུས་ཡོད། ཅེས་དང་། དེ་རིང་བལ་ཡུལ་རྒྱལ་ཁབ་ཀྱི་ལས་ཁུངས་སོགས་སྒོ་བརྒྱབ་ནས། མཁའ་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བའི་མི་རྣམས་ལ་མྱ་ངན་བྱས་ཡོད་འདུག  དེ་བཞིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཊིན། བལ་ཡུལ་དུ་ཡོད་པའི་ཨོ་གླིང་གི་གཞུང་ཚབ་པ་སོགས་ཀྱིས་ཀྱང་མྱ་ངན་ཞུས་ཡོད་འདུག་ལ། དེ་རིང་བལ་ཡུལ་གྱི་ཡེ་ཊི་མཁའ་ལམ་ (Yeti Airlines) འགྲིམ་འགྲུལ་ཁང་གིས་ཀྱང་འགྲིམ་འགྲུལ་ཚང་མ་མཚམས་འཇོག་བྱས་ཏེ། རྐྱེན་འདས་སུ་ཕྱིན་པའི་འགྲིམ་འགྲུལ་བ་དག་གི་ཤུལ་ལུས་ནང་མིར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱས་ཡོད་འདུག

ཡེ་ཊི་མཁའ་ལམ་འགྲིམ་འགྲུལ་ཁང་གི་ (ATR-72) རྟགས་ཅན་གྱི་གནམ་གྲུ་སྤོག་རའི་གནམ་ཐང་དུ་མ་འབྱོར་གོང་། གློ་བུར་དུ་སེ་ཊི་ (Seti River Gorge) གཙང་ངོགས་སུ་འཕུར་སྐྱོད་བྱས་ཏེ་བརྡབ་སྐྱོན་བྱུང་ཡོད་ཅིང་། སྐབས་དེར་བལ་ཡུལ་གྱི་དམག་མི་དང་། ཉེན་རྟོག་པ་སོགས་ཁུལ་དེར་ཕྱིན་ནས་མྱུར་སྐྱོབ་བྱེད་ཐབས་བྱས་འདུག དེ་བཞིན་ད་ལྟ་དྲ་ལམ་དུ་གནམ་གྲུ་དེའི་ནང་ཡོད་པའི་སྐྱེས་པ་ཞིག་གིས་སྤོག་ར་གྲོང་ཁྱེར་གྱི་ཁང་བརྩེགས་དག་བརྙན་ལེན་བཞིན་པའི་སྐབས། གློ་བུར་དུ་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ། མེ་སྟག་མཆེད་པ་ལས་ཅི་ཡང་གོ་ཐོས་སུ་མེད་པར་གྱུར་བའི་བརྙན་ཐུང་ཞིག་དང་། ཡང་སྤོག་རར་ཡོད་པའི་མི་ཞིག་གིས།  གནམ་གྲུ་དེ་སྤོག་རའི་གནམ་ཐང་དུ་མར་བབ་གྲབས་ཡོད་ཀྱང་། གློ་བུར་དུ་གནམ་གྲུ་དེའི་གཤོག་པ་གཅིག་མར་གཡོན་རྗེས། གནམ་གྲུ་དེ་རིག་རྒྱུ་མེད་པ་ཆགས་པའི་བརྙན་སོགས་མཐོང་རྒྱུ་འདུག

ཕྱི་ལོ་ ༡༩༤༩ ལོར་བལ་ཡུལ་ནང་ཐེངས་དང་པོར་གནམ་གྲུ་འཕུར་སྐྱོད་བྱེད་མགོ་བརྩམས་པ་ནས་བཟུང་ད་བར་གནམ་གྲུའི་བརྡབ་སྐྱོན་ཐེངས་ ༤༢ ལྷག་བྱུང་ཡོད་ཅིང་། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་བལ་ཡུལ་རྒྱལ་ཁབ་ནི་གནམ་གྲུའི་མཐུན་རྐྱེན་ལེགས་པོ་མེད་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ད་ལན་གྱི་གནམ་གྲུ་བརྡབ་སྐྱོན་དེ་ནི་བལ་ཡུལ་ནང་གི་ལོ་ངོ་ ༣༠ རིང་གི་དོན་རྐྱེན་ཆེས་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱིན་འདུག་ལ། ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་ཏུ་བྱུང་བའི་མཁའ་ལམ་དོན་རྐྱེན་ཆེ་ཤོས་གཉིས་པ་དེ་ཡིན་འདུག ཕྱི་ལོ་ ༡༩༩༢ ལོར་པ་ཀི་སི་ཐན་དུ་གནམ་གྲུའི་དོན་རྐྱེན་བྱུང་བའི་ཁྲོད་མི་གྲངས་ ༡༦༧ འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་ནི་ཧི་མ་ཡ་ལའི་རི་རྒྱུད་རྒྱལ་ཁབ་ཁག་ཏུ་བྱུང་བའི་གནམ་གྲུའི་བརྡབ་སྐྱོན་ཆེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཆེད་མཁས་པ་རྣམས་ཀྱིས་བལ་ཡུལ་དུ་གནམ་གཤིས་ཡག་པོ་མེད་པའི་ཁར། མཁའ་ལམ་ནས་རྒྱང་དུ་ཡག་པོ་མི་མཐོང་བ་དང་རི་རྒྱུད་མང་པོ་ཞིག་ཡོད་སྟབས། བལ་ཡུལ་གྱི་མཁའ་ལམ་ནི་ཡོངས་གྲགས་ཐོག་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་ས་ཚིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 5

  1. འབྲོང་བུ་སོག་ཚ། says:
    ལོ་ 3 སྔོན།

    བོད་བཙོངས་མཁན་བོད་པ་རང་ཉིད་ལས་གཞན་སུ་ཞིག་ལ་ལས་ཁག་བསྐེལ་ས་མེད། གོ་རང་གི་མ་ཆོད། རྡུག་ཡུས་ཕ་མར་བཤད་ཟེར་བའི་དཔེ་ལས་མ་འདས།།

    Reply
  2. ཇ་མ་ says:
    ལོ་ 3 སྔོན།

    བལ་ཡུལ་སྲིད་འཛིན་ནས་བོད་བཙོང་ནས་རྒྱ་ནག་ནས་གནམ་གྲུ་འགའ་ཉོས་ན་ཆོག་ནི་རེད།

    Reply
  3. བསྟན་འཛིན་ཉི་མ། says:
    ལོ་ 3 སྔོན།

    དག་ཆ་ནོར་འདུག དམར་བྲིས་པ་ན་དམར་པོ་འབྱར་བ་ཞིག་ལ་གོ དག་ཆ་ངོ་མ་ནི་མ་འབྱར་རེད་དོ། །

    Reply
  4. Gangjong says:
    ལོ་ 3 སྔོན།

    ཧི་མ་ལ་ཡའི་ས་རི་རྩུབ་པས་མ་རེད། བལ་ཡུལ་གྱི་མཁའ་ལམ་ལས་ཁུངས་ཀྱིས་གནམ་གྲུ་གསར་པ་མ་ཉོས་པས་རེད། བལ་ཡུལ་གྱི་གནམ་གྲུ་ཚང་མ་རྒྱལ་ཁབ་གཞན་པས་གད་སྙིགས་ནང་ལ་གཡུག་ཡ་རིགས་རེད། གནམ་གྲུ་ཁ་ཤས་ནི་འཛམ་གླིང་དམག་ཆེན་པོ་དང་པོ་དང་གཉིས་པའི་སྐབས་ཀྱི་གནམ་གྲུ་རྙིང་པ་དེ་འདྲ་རེད།

    Reply
  5. ཀ་བྲག: says:
    ལོ་ 3 སྔོན།

    བྱིས་པ་དམར་རྗེན་མ་རེད་ཁོ་རེ། རྣམ་རྟོག་མ་སློང་།
    དམར་འབྱར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese