མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་ཉི་ཧོང་གི་མཉམ་འབྲེལ་མཁའ་ལམ་དམག་སྦྱོང་ཐོག་མ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་ཉི་ཧོང་གིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཆེད་མཉམ་འབྲེལ་མཁའ་ལམ་དམག་སྦྱོང་ཐོག་མ་དེ་སྤེལ་གྱིན་འདུག

Photo: International Relations Insights & Analysis

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གི་དཔལ་འབྱོར་རྒྱ་སྐྱེད་དང་དམག་གི་ཤུགས་རྐྱེན་སོགས་ཡར་རྒྱས་འགྲོ་བཞིན་ཡོད་པར་བརྟེན། ཉི་ཧོང་དང་རྒྱ་གར་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་སླད། ཁ་སང་ཕྱི་ཚེས་ ༡༦ ནས་ ༢༦ བར་ཉིན་གྲངས་བཅུ་གཅིག་རིང་ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་བྱང་ཤར་ཁུལ་དུ་ཡོད་པའི་ (Ibaraki) ས་ཁུལ་གྱི་མཁའ་དམག་ལྟེ་གནས་སུ་ (Hyakuri Air Base) རྒྱལ་ཁབ་གཉིས་མཉམ་འབྲེལ་ཐོག་ནས་མཁའ་ལམ་དམག་སྦྱོང་བྱེད་བཞིན་ཡོད་པ་རེད།

ཉི་ཧོང་རྒྱལ་སྲུང་བློན་ཆེན་ལས་ཁུངས་ཀྱིས། རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་ཉིན་གྲངས་ ༡༡ རིང་མཁའ་ལམ་དམག་སྦྱོང་བྱ་རྒྱུ་ཡིན་པ་དང་། རྒྱ་གར་རང་བཙན་ཉིན་མོ་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་མཁའ་ལམ་དམག་སྦྱོང་མཇུག་བསྒྲིལ་རྒྱུ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་དམག་གི་སྟོབས་ཤུགས་ཡར་རྒྱས་འགྲོ་མུས་ཡིན་པས། ཉི་ཧོང་དང་རྒྱ་གར་བར་རྒྱལ་སྲུང་གཙོས་འབྲེལ་ལམ་གོང་འཕེལ་གཏོང་བར་འབད་བརྩོན་བྱ་རྒྱུ་ཡིན། ཞེས་དང་། ཉིན་གྲངས་ ༡༡ རིང་གི་མཁའ་ལམ་དམག་སྦྱོང་སྐབས། ཉི་ཧོང་རྒྱལ་སྲུང་མཁའ་དམག་གིས་ (F-2) རྟགས་ཅན་དང་ (F-15) རྟགས་ཅན་གྱི་མཁའ་དམག་གནམ་གྲུ་བཞི་རེ་གཏོང་གི་ཡོད་པ་དང་། རྒྱ་གར་མཁའ་དམག་གིས་ (Su-30MKl) རྟགས་ཅན་གྱི་མཁའ་དམག་གནམ་གྲུ་བཞི་དང་(C-17) རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ ༢ ། དེ་བཞིན་ (lL-78) རྟགས་ཅན་གྱི་ (refuelling tanker) སྣུམ་འདྲེན་གནམ་གྲུ་ ༡ བཅས་དང་རྒྱ་གར་གྱི་མཁའ་དམག་གི་ཆེད་ལས་མི་སྣ་ ༡༥༠ ཙམ་ཐེངས་འདིའི་མཁའ་ལམ་དམག་སྦྱོང་ནང་མཉམ་ཞུགས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་ཡོད་འདུག

རྒྱལ་ཁབ་གཉིས་ཐུན་མོང་གིས་མཁའ་དམག་གི་གོ་རྟོགས་གོང་སྤེལ་དང་། རྒྱལ་སྲུང་གི་འབྲེལ་ལམ་སྲ་བརྟན་བཟོ་རྒྱུ། དེ་བཞིན་མཁའ་དམག་གི་རྩལ་དང་ཐབས་ཇུས་སོགས་ཡར་རྒྱས་གཏོང་སླད་མཁའ་ལམ་དམག་སྦྱོང་བྱེད་ཀྱི་ཡོད་པ་དང་། དེ་འབྲེལ་ཐད་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལས་ཁུངས་ཀྱིས། ཉིན་གྲངས་ ༡༡ རིང་དམག་སྦྱོང་བྱེད་སྐབས་ཁོར་ཡུག་མི་འདྲ་བའི་ནང་མཁའ་ལམ་དམག་སྦྱོང་སྣ་མང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཉི་ཧོང་རྒྱལ་ཁབ་ཀྱིས་ཨ་རི་དང་ཨོ་གླིང་། དབྱིན་ཡུལ། འཇར་མན་ནི་བཅས་དང་ལྷན་དུ་ཕྱོགས་གཉིས་ཐུན་མོང་གིས་མཁའ་ལམ་དམག་སྦྱོང་བྱས་ཡོད་པ་དང་། རྒྱ་གར་ནི་ཉི་ཧོང་དང་མཉམ་དུ་མཁའ་ལམ་དམག་སྦྱོང་བྱེད་མཁན་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་འདུག་ལ། དེ་སྔ་ཉི་ཧོང་གིས་རྒྱ་གར་དང་མཉམ་དུ་ས་མཚོ་གཉིས་ཀྱི་དམག་སྦྱོང་བྱས་ཡོད་པ་རེད། ཉི་ཧོང་དང་རྒྱ་གར། ཨོ་གླིང་། ཨ་རི་བཅས་ནི་མཐུན་ཕྱོགས་རྒྱལ་འབྲེལ་བཞི་ཡིན་པ་དང་། རྒྱལ་ཁབ་དེ་དག་གིས་རྒྱ་ནག་གི་དམག་གི་སྟོབས་ཤུགས་དང་དཔལ་འབྱོར་གྱི་གནས་སྟངས་སོགས་ཡར་རྒྱས་ཕྱིན་པར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། རྒྱ་ནག་ལ་ཁ་གཏད་གཅོག་སླད་དམག་སྦྱོང་བྱས་དང་བྱེད་མུས་ཡིན་པ་མ་ཟད། འདས་པའི་བདུན་ཕྲག་ནང་ཉི་ཧོང་གིས་དབྱིན་ཡུལ་དང་མཉམ་དུ་རྒྱལ་སྲུང་གི་འབྲེལ་ལམ་གསར་པ་བཙུགས་ཡོད་འདུག

སྤྱིར་བཏང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་ཉི་ཧོང་གི་རྒྱལ་སྲིད་བློན་ཆེན་གཉིས་ཐུག་འཕྲད་ཀྱིས་རྒྱལ་སྲུང་སྐོར་ལ་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་ཉི་ཧོང་དང་རྒྱ་གར་གཉིས་ཟུང་འབྲེལ་གྱིས་དམག་སྦྱོང་བྱ་འཆར་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འགྲོ་འོང་བཀག་སྡོམ་དང་ཁྱིམ་སྡོད་སྒོ་རྒྱ་བསྡམས་པར་བརྟེན། དམག་སྦྱོང་བྱེད་མི་ཐུབ་པར་ཕྱིར་འགྱང་བཏང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༧ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese