མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཉིང་ཁྲི་རུ་གངས་རུད་བྱུང་ནས་མི་གྲངས་ ༢༨ རྐྱེན་འདས་སུ་གྱུར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྨན་གླིང་རྫོང་དུ་བསྐྱོད་པའི་ཕུག་ལམ་གྱི་སྒོར་ཁར་གངས་རུད་བྱུང་ནས་ཉུང་མཐར་བོད་མི་གྲངས་ ༢༨ རྐྱེན་འདས་སུ་གྱུར་ཡོད་འདུག

The rescue operation is ongoing. photo :Reuters

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོར་བོད་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྨན་གླིང་རྫོང་དུ་བསྐྱོད་པའི་ཕུག་ལམ་གྱི་སྒོར་ཁར་གངས་རུད་བྱུང་སྟེ་བོད་མི་ ༨ རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད། གངས་རུད་ཀྱི་རྐྱེན་གྱིས་ཕུག་ལམ་དང་གཞུང་ལམ་འགགས་འདུག་སྟེ། རྒྱ་ནག་གཞུང་གི་མྱུར་སྐྱོབ་མི་སྣ་ཟེར་བ་དང་། ས་གནས་ཉེན་རྟོག་པ་སོགས་ཀྱིས་བོར་བརླག་ཏུ་གྱུར་བའི་མི་རྣམས་འཚོལ་ཞིབ་བྱེད་མུས་ཡིན་སྐོར་བསྒྲགས་ཡོད་ཀྱང་། གངས་རུད་ཀྱི་གནོད་རྐྱེན་དེའི་ཁྲོད་ནས་མི་གྲངས་ག་ཚོད་ཅིག་བོར་བརླག་ཏུ་གྱུར་ཡོད་མེད་སོགས་གསལ་ཁ་གང་ཡང་མེད་ཀྱང་། དེ་རིང་ཕྱི་ཚེས་ ༢༡ བར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། མི་གྲངས་ ༢༨  རྐྱེན་འདས་སུ་གྱུར་ཡོད་ཅིང་།  རྒྱ་ནག་གི་མྱུར་སྐྱོབ་ཚན་པ་ཟེར་བས་མི་གྲངས་  ༥༣ སྲོག་ཉེན་ལས་བསྐྱབས་ཡོད་པའི་ཁྲོད། མི་གྲངས་ ༥ ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་སྐོར་སོགས་བསྒྲགས་འདུག་པ་ལས་འདས་གྲོངས་འགྲོ་མཁན་རྣམས་བོད་མི་ཡིན་མིན་གྱི་གསལ་ཁ་གང་ཡང་བཟོས་མི་འདུག 

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཉིང་ཁྲི་ཁུལ་དུ་གངས་རུད་བྱུང་ནས། བོད་མི་ཁག་ཅིག་ལ་གནོད་འཚེ་བྱུང་མཚམས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མགོ་ཁྲིད་ཟེར་བ་ཚོས་གནས་ཚུལ་རྩད་གཅོད་གསལ་པོ་བྱས་ཏེ། སླར་ཡང་གནོད་འཚེ་ཡོང་བར་སྔོན་འགོག་བྱེད་དགོས་ལུགས་སྐོར་སོགས་བསྒྲགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གི་རོགས་སྐྱོབ་བཀོད་འདོམས་འགན་འཛིན་ཟེར་བས། ཆེད་ལས་རོགས་སྐྱོབ་མི་སྣ་ ༢༤༦ དང་རླངས་འཁོར་ ༧༠ ལྷག དེ་བཞིན་འཕྲུལ་ཆས་ཆེ་གྲས་ ༡༠ མངག་གཏོང་བྱས་ཡོད་པ་མ་ཟད། གངས་རུད་ཁྲོད་རྐྱེན་འདས་སུ་ཤོར་བའི་བོད་མི་དེ་དག་གི་ནང་མིར་སེམས་གསོ་བྱས་ཡོད་ལུགས་སོགས་བསྒྲགས་ཡོད་འདུག

དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་འགོག་བཅོས་འཕྲལ་སྒྲུབ་བཀོད་འདོམས་འགན་འཛིན་ཟེར་བས། 《 ༡།༡༧ གངས་རྡིབ་གནོད་འཚེའི་རིམ་པ་གསུམ་པའི་འཕྲལ་སྒྲུབ་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ 》ཟེར་བ་ཞིག་བཏང་ནས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་བར་གྱི་འགྲིམ་འགྲུལ་མི་སྣ་དང་ཁུལ་དེར་གནས་སྡོད་མི་སྣ་དག་གིས་རང་བྱུང་གི་གནོད་འཚེ་ཡོང་བར་དོགས་ཟོན་དགོས་ལུགས་བསྒྲགས་ཡོད་འདུག

རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་སུ་ཆགས་པའི་བོད་ཀྱི་ས་ཁུལ་ཁག་གཙོས་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། ལོ་རེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་ནས། བོད་ཀྱི་རྒྱུག་ཆུ་དག་སྦག་གཙོག་དང་ཤིང་ནགས་གཅོད་བྲེག་བྱས་ནས་བོད་ཀྱི་རང་བྱུང་ཁམས་ལ་གནོད་འཚེ་ཡང་ཡང་བཏང་སྟེ། བོད་ནང་ཆུ་ལོག་དང་ས་ཡོམ། གངས་རུད་སོགས་ཡང་ཡང་འབྱུང་གི་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༧ ལོར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་དུ། ཚད་རིམ་ ༦།༩ ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་དང་བྲག་ཡིབ་ཁུལ་དུ་ཚད་རིམ་ ༣ ཡན་ཆད་ཀྱི་ས་ཡོམ་ཐེངས་བདུན་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་འབྲེལ་གནས་ཚུལ་རྣམས་གསང་རྒྱ་དམ་པོ་བྱས་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་སི་ཁྲོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁང་གིས་སི་ཁྲོན་ནས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་བར་གཞུང་ལམ་གསར་པ་ཞིག་བརྒྱག་རྒྱུ་ཡིན་སྐོར་བསྒྲགས་ཏེ། ད་ལྟ་གཞུང་ལམ་གསར་རྒྱག་གི་ལས་གཞི་ལག་བསྟར་བྱེད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist