མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

—–འདི་ག་དུས་བབ་གསར་ཁང་གི་འཛམ་གླིང་ཐོག་གནོད་སྐྱོན་ཆེ་ཤོས་ཀྱི་ནད་འབུ་ཞེས་པའི་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྐོར་གྱི་དམིགས་བསལ་ཚགས་པར་ལས་འདིར་བཀོད།

Covid-19 coronavirus, data visualization of the virus as it turns into a global pandemic. 3D illustration.

ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་མང་གི་འཕྲོད་བསྟེན་བདེ་ཐང་ཐད་འགན་འཁུར་ལེན་ཆེད། ཡུ་རོབ་ཀྱི་རྒྱལ་ཁབ་སུད་སིའི་ཇི་ནི་ཝར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་ལྷན་ཚོགས་དེར་ཡན་ལག་དོན་གཅོད་ཁང་ ༦ དང་ལས་ཁུངས་ ༡༥༠ ཙམ་འཛམ་གླིང་ཡུལ་ལུང་གང་སར་ཆེད་འཛུགས་བྱས་ཡོད་འདུག་ལ། ཕྱི་ལོ་ ༡༩༩༥ ནས་བཟུང་ལོ་ལྟར་འཛམ་གླིང་རྒྱལ་ཁབ་ ༡༩༢ ཙམ་གྱི་འཕྲོད་བསྟེན་ཐོག་ཉམས་ཞིབ་བྱས་ཏེ་གྲངས་མཛོད་བསྡུ་ལེན་དང་། སྤྱི་མང་གི་འཕྲོད་བསྟེན་ལམ་ལུགས་ཐོག་ལམ་སྟོན་དང་དཔལ་འབྱོར་རོགས་རམ། དེ་བཞིན་གཉན་ནད་རེག་དུག་ (HIV/AIDS) དང་། ཨི་པོ་ལཱ་ (Ebola)། ཏོག་དབྱིབས་བཅུ་དགུ་བ་ (COVID-19) མཱ་ལཱེ་རི་ཡ་ (malaria) སོགས་འགོས་ནད་རིགས་ལ་ཆེད་དམིགས་ལམ་སྟོན་དང་གདོང་ལེན་གྱི་ལས་དོན་གཉེར་མུས་ཡིན་པ་རེད་ལ། དམིགས་བསལ་ཏོག་དབྱིབས་གཉན་རིམས་སྐབས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྐང་འགན་འཁུར་ཏེ་འཛམ་གླིང་མི་མང་ལ་ནད་ཡམས་ཀྱི་ངོ་བོ་དང་ཉེན་ཁ། བཅོས་ཐབས་སོགས་ཀྱི་ལམ་སྟོན་གནང་ཞིང་། ནད་ཡམས་སྐབས་འཛམ་གླིང་ནང་དཀའ་ངལ་ཆེས་འཕྲད་བཞིན་པ་དང་ཉེན་ཁའི་འོག་ལྷུང་བའི་མི་མང་སྲུང་སྐྱོབ། དེ་བཞིན་ཏོག་དབྱིབས་ཀྱི་འགོག་ཁབ་བཟོ་སྐྲུན་དང་འདྲ་མཉམ་བགོ་འགྲེམས་སོགས་ཀྱི་ལས་དོན་རྒྱ་ཆེ་བསྒྲུབས་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་དུས་སྐབས་སུ་འཕྲོད་བསྟེན་སྒྲིག་འཛུགས་ནི་གཉན་རིམས་སྐོར་གྱི་ཤེས་བྱའི་གྲངས་མཛོད་ཡིན་ལ། ཡང་མཚམས་མཚམས་སུ་འཕྲོད་བསྟེན་སྒྲིག་འཛུགས་ནི་འཛམ་གླིང་རྒྱལ་ཁབ་ཁག་ཕན་ཚུན་བར་གྱི་ཟམ་པ་ལྟ་བུ་ཞིག་ཀྱང་ཡིན་པ་རེད།

སྒྲིག་འཛུགས་ཀྱི་ལས་དོན་ཆེན་པོ་བཞི།

ཏོག་དབྱིབས་ནད་འབུ་ངོ་རྟགས་ཆོད་ཐབས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ ཉིན་ཝུའུ་ཧན་གྲོང་ཁྱེར་འཕྲོད་བསྟེན་ལྷན་ཁང་ནས་ང་ཚོའི་གྲོང་ཁྱེར་གྱི་གློ་བའི་གཉན་ཚད་ཀྱི་གནས་སྟངས་ཡར་ཞུ་《  武汉市卫健委关于当前我市肺炎疫情的情况通报》ཞེས་པའི་ཡི་གེ་ཞིག་ཡོངས་ཁྱབ་ཏུ་གསལ་བསྒྲགས་བྱས་པ་དང་།  ཉིན་དེར་པེ་ཅིན་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལའང་གློ་བའི་གཉན་ཚད་སྐོར་གྱི་གསལ་བསྒྲགས་ཡི་གེ་དེ་རྒྱ་ཡིག་ལས་དབྱིན་ཡིག་ནང་བསྒྱུར་ཏེ་སྙན་ཞུ་ཐོག་མ་དེ་ཕུལ་འདུག ཉིན་དེར་རྒྱ་ནག་ཝུའུ་ཧན་དུ་ཏོག་དབྱིབས་ནད་པ་ཁྱོན་ ༤༤ ཡོད་པ་དང་དེའི་ནང་ནས་ཀྱང་ནད་པ་ ༡༡ གི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

ཕྱི་ལོ ༢༠༢༠ ཟླ་  ༡ ཚེས་ ༡ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དོན་རྐྱེན་དོ་དམ་རུ་ཁག་(IMST) འོག་ཡོད་པའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དབུས་དང་རྒྱལ་ཁབ་ ༡༥༠ ། ས་ཁུལ་རིམ་པའི་ནང་ཡོད་པའི་གླིང་ཕྲན་ ༦ བཅས་ཀྱི་ལས་ཁུངས་ཁག་ནས་འཕྲོད་བསྟེན་གྱི་ཛ་དྲག་གནད་དོན་ཐོག་མཉམ་འབྲེལ་གྱི་བྱ་བ་སྒྲུབ་མགོ་བརྩམས་པ་དང་། ཕྱི་ཚེས་ ༡ དང་ ༢ ཉིན་གཉིས་རིང་བསྟུད་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་ན་ཚ་དེའི་ཉེན་ཁ་སོགས་གནས་ཚུལ་རྒྱས་པ་མཁོ་སྤྲོད་གནང་བའི་རེ་བ་ཞུས་པ་དང་ལྷན་དུ། འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་འཕྲོད་བསྟེན་ཞབས་ཞུ་ཁང་ཆེ་གྲས་ཁག་དང་བརྟག་དཔྱད་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ཀྱིས་མཉམ་འབྲེལ་ཐོག་ནས་ན་ཚ་དེའི་སྐོར་ལ་རྩད་གཅོད་ཞིབ་འཇུག་དང་ཉེན་ཟོན་དགོས་པའི་སྐུལ་མ་བྱས། ཕྱི་ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་ན་ཚའི་སྐོར་གྱི་གནས་ཚུལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མཁོ་སྤྲོད་བྱས་པ་དང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཕྱི་ཚེས་ ༥ ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་དང་འབྲེལ་བའི་ལྷན་ཁང་ཁག་དང་ཞིབ་འཇུག་ཁང་སོགས་ལ། སྐབས་དེའི་ཏོག་དབྱིབས་ནད་པའི་གྲངས་འབོར་དང་བརྟག་དཔྱད་ཀྱི་གནས་སྟངས། ཝུའུ་ཧན་གྲོང་ཁྱེར་ནས་ན་ཚ་དེར་གདོང་ལེན་ཇི་ལྟར་བྱས་སྐོར་གྱི་གནས་ཚུལ་ཡོངས་བསྒྲགས་དང་བསྐྱར་དུ་འཛམ་གླིང་རྒྱལ་ཁབ་ཁག་ནས་ཡིད་གཟབ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ནད་དེ་ནི་(novel coronavirus)ཞེས་པའི་ནད་འབུ་ཞིག་གིས་འགོས་ཁྱབ་བྱུང་ཡོད་པའི་གསལ་བསྒྲགས་བྱས་པ་དང་ཕྱི་ཚེས་ ༡༠ ཉིན་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱ་ནག་གི་ནད་འབུ་དེ་ནི་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་ནང་འགོས་ཁྱབ་བྱུང་བའི་སར་སི་ (SARS) དང་། ཕྱི་ལོ་ ༢༠༡༢ ལོར་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཁྱབ་གདལ་བྱུང་བའི་མར་སི་ (MERS) གཉིས་ཀྱི་ནད་གཞི་དང་མཚུངས་ཤིང་། དབུགས་གཏོང་ལེན་བྱ་སའི་མ་ལག་ཁག་བརྒྱུད་ནས་འགོས་ཀྱི་ཡོད་པའི་ཤེས་རྟོགས་བྱུང་བ་གཞིར་བཟུང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཆེད་ལས་པ་དང་སྨན་པ། སྨན་ཞབས་པ་སོགས་ནས་ནད་འབུ་དེའི་འགོས་ཁྱབ་དང་བརྟག་དཔྱད་བྱེད་ཐབས། སྔོན་འགོག་བྱེད་པར་ཁ་རས་གྱོན་ཞིང་འབྲེལ་འདྲིས་ཀྱི་བར་ཐག་བཞག་པ། ནད་པའི་ཁ་ལུད་དང་ཁྲག་སོགས་གཙང་བཟོ་བྱེད་ཐབས་ཀྱི་ལམ་སྟོན་སོགས་གནང་བ་མ་ཟད། ཉིན་དེར་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་འབུ་འགོས་ཁྱབ་ཀྱི་ཛ་དྲག་འཐབ་ཇུས་ (STAG-IH)  ཚོགས་འདུ་ཐོག་མ་འཚོགས།

ཏོག་དབྱིབས་སྐོར་གྱི་གོ་རྟོགས།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ ཉིན་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། གློག་ཀླད་ཚན་རྩལ་དང་འབྲེལ་བའི་(Silicon Valley)འཕྲུལ་ཆས་བཟོ་སྐྲུན་ཁང་ ༣༠ ལྷག་བསྡུ་བསྐོང་བྱས་ཏེ། དེང་རབས་འཕྲུལ་རིགས་དང་དྲ་རྒྱའི་ལམ་ནས་འཛམ་གླིང་མི་མང་ཏོག་དབྱིབས་ཀྱི་ཉེན་ཁ་ལས་ཇི་ལྟར་སྐྱོབ་ཐབས་བྱེད་དགོས་མིན་ཐད་གྲོས་བསྡུར་བྱས་རྗེས།  ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ནས་ལོ་དེའི་ཕྱི་ཟླ་ ༨ ཚེས་ ༡༦ བར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཉིན་གྲངས་གཅིག་ཀྱང་ཆད་ལྷག་མེད་པར་ཏོག་དབྱིབས་སྐོར་གྱི་རྒྱུན་ཤེས་ངོ་སྤྲོད་བྱེད་མགོ་བཙུགས་པ་དང་། ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ནས་བདུན་རེའི་གཟའ་ཟླ་བ་དང་པ་སངས་འཆར་ཅན་ཏོག་དབྱིབས་སྐོར་གྱི་གོ་རྟོགས་དྲིལ་བསྒྲགས་སྤེལ། ཕྱི་ལོ་ ༢༠༢༡ ཟླ་ ༣ པ་ནས་ཟླ་ ༡༡ ཚེས་ ༡༦ བར་བདུན་རེའི་གཟའ་ཟླ་བ་དང་མིག་དམར་འཆར་ཅན་དུ་གོ་རྟོགས་སྤེལ། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་  ༢༣ ཉིན་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ བར་བདུན་རེའི་རེས་གཟའ་ལྷག་པ་འཆར་ཅན་དུ་ཏོག་དབྱིབས་གཉན་རིམས་ཀྱི་རྒྱུན་ཤེས་དང་གནས་ཚུལ་གསར་འཇུག་སོགས་ཀྱི་ལས་དོན་དྲ་ལམ་ཁག་ཏུ་སྤེལ་ཡོད་ལ། འཕྲོད་བསྟེན་སྒྲིག་འཛུགས་ནས་ད་སྔ་བར་ཏོག་དབྱིབས་སྐོར་གྱི་སྦྱང་བྱ་ཁྱོན་  ༡༠༠ ལྷག་སྐད་རིགས་མི་འདྲ་བ་ ༡༣ ནང་བསྒྱུར་ཏེ་གོ་རྟོགས་སྤེལ་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་  ༡༢ ཚེས་ ༢ བར་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁོ་ནས་ངག་ཐོག་དང་བརྙན་ལམ། ཡིག་ཐོག་སོགས་ནས་སྐད་རིགས་མི་འདྲ་བ་ ༤༤ ནང་ཏོག་དབྱིབས་སྐོར་གྱི་རྒྱུན་ཤེས་ཁྱོན་ ༥༥༠ ལྷག་སྤེལ་ཡོད་འདུག་ལ། འཕྲོད་བསྟེན་རྒྱུན་ཤེས་ནང་ཐོ་འགོད་བྱེད་མཁན་མི་གྲངས་ས་ཡ་ ༣།༧ ལྷག་བྱུང་བའི་ཁྲོད་བརྒྱ་ཆ་ ༨༠ ཏོག་དབྱིབས་སྐོར་ལ་རྒྱུས་ལོན་བྱེད་མཁན་ཡིན་འདུག

ཏོག་དབྱིབས་གཉན་རིམས་དང་རྒྱལ་སྤྱིའི་མཉམ་འབྲེལ་གདོང་ལེན།

ཕྱི་ལོ་ ༢༠༢༠ ཟླ་ ༣ པའི་ནང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འབོད་སྐུལ་འོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེབས་རྩ་ (UN Foundation) དང་སུད་སིའི་འགྲོ་མིའི་བདེ་རྩ་ (Swiss Philanthropy Foundation)། རྒྱལ་སྤྱིའི་ཐེབས་རྩ་ཁང་གཞན་དང་མཉམ་འབྲེལ་ཚོགས་པ་མང་པོ་ཞིག་གིས། ཏོག་དབྱིབས་གཉན་རིམས་ཀྱི་མཉམ་འབྲེལ་འགན་ལེན་ཐེབས་རྩ་ (COVID-19 Solidarity Response Fund) ཞེས་པ་བཙུགས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་སྨན་པ་དང་སྨན་ཞབས། འཕྲོད་བསྟེན་ཆེད་ལས་པ་སོགས་སུ་མཁོ་བའི་ཡོ་ཆས་མཁོ་སྤྲོད་དང་བགོ་འགྲེམས། ནད་པར་སྨན་བཅོས་དང་འགོག་ཁབ་བཟོ་ཐབས་ཀྱི་ཞིབ་འཇུག་སོགས་ཀྱི་ཆེད་དུ་མ་དངུལ་བཏང་།

དེ་ཡང་གཙོ་བོ་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྐང་འགན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་འདེགས་འོག འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་མཚམས་འཇོག་དང་། སྨན་བཅོས་དང་འགོག་ཁབ་བཟོ་ཐབས་སླད་རྒྱལ་ཁབ་དང་གྲགས་ཆེ་བའི་བཟོ་གྲྭ་ཁག མི་སྒེར་དང་ཞིབ་འཇུག་ཚོགས་པ་སོགས་འཛམ་གླིང་གི་གཞུང་དང་ཚོགས་སྡེ་ཁག་ ༢༠༥ ལྷག་གིས་འཕྲོད་བསྟེན་སྒྲིག་འཛུགས་ལ་དཔལ་འབྱོར་གྱིས་རྒྱབ་སྐྱོར་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོའི་ཟླ་གསུམ་པའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དྲ་ལམ་ཚོགས་ཆེན་ཐོག་མའི་སྟེང་། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊའེ་ཌོ་རོ་སི་ལགས་ནས་ཏོག་དབྱིབས་གཉན་རིམས་བཅོས་ཐབས་དང་མཉམ་འབྲེལ་གདོང་ལེན་བྱ་དགོས་པའི་འབོད་སྐུལ་ཞུས་པ་ལྟར་ཁས་ལེན་གནང་ཡོད་འདུག

ལོ་དེའི་ཕྱི་ཟླ་ ༤ ནང་འཕྲོད་བསྟེན་སྒྲིག་འཛུགས་དང་གོ་ལའི་མི་སེར་གཉིས་ཀྱི་གཙོ་སྒྲུབ་འོག འཛམ་གླིང་གཅིག མཉམ་དུ་ཁྱིམ་ན་ཡོད། ཅེས་པའི་དྲ་ཐོག་གླུ་གཞས་དགོང་ཚོགས་ཤིག་བསྡུས་ཏེ་ཏོག་དབྱིབས་གཉན་རིམས་ལ་ཁ་གཏད་གཅོག་ཐབས་ཀྱི་ཞལ་འདེབས་སློང་ཡོད་ཅིང་། སྐབས་དེའི་གླུ་གཞས་དགོང་ཚོགས་ནང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་སྒྱུ་རྩལ་བ་ལེ་ཌི་གྷ་གྷ་སོགས་གཙོ་བྱས་པའི་རྒྱལ་སྤྱིའི་སྒྱུ་རྩལ་བ་གྲགས་ཅན་མང་པོ་དང་བླངས་ངང་མཉམ་ཞུགས་བྱས་ཡོད་ལ། གླུ་གཞས་དགོང་ཚོགས་དེས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་ལ་ཞལ་འདེབས་ཨ་སྒོར་ས་ཡ་ཁྱོན་ ༡༢༧།༩ བསྡུ་ཐུབ་ཡོད་ལ། ཡང་ཟླ་དེའི་ཕྱི་ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲ་ལམ་ཚོགས་ཆེན་འཚོགས་ཏེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རམ་འདེགས་བྱས་ནས། ་ནད་ཡམས་འགོག་སྲུང་གི་སྨན་བཅོས་ཡོ་ཆས་དང་། སྨན་དང་འགོག་ཁབ་སོགས་ཀྱི་ཐོག་མཉམ་འབྲེལ་བྱ་དགོས་པའི་སྐུལ་མ་བྱས་པ་ལྟར། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གཙོས་འཛམ་གླིང་རྒྱལ་ཁབ་དང་ཚོགས་སྡེ་ ༢༠༥ ལྷག་གིས་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་འདེགས་བྱས་ཡོད་འདུག

འཛམ་གླིང་རྒྱལ་ཁབ་ཁག་གིས་འཕྲོད་བསྟེན་སྒྲིག་འཛུགས་ལ་མཉམ་འབྲེལ་རོགས་འདེགས་བྱས་པ་ལས་གཙོ་བོ་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་དོན་རྒྱུན་སྐྱོང་འོག་ཏོག་དབྱིབས་གཉན་རིམས་རྩ་མེད་བཟོ་ཐབས་སུ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་དང་། ད་སྔ་བར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཁྱོན་ཡོངས་ནས་རོགས་དངུལ་ཅི་ཙམ་བྱུང་ཡོད་པ་མི་གསལ་ནའང་། ཕྱི་ལོ་ ༢༠༢༡ ཟླ་ ༡༡ བར་ཞལ་འདེབས་རྒྱག་མཁན་མི་གྲངས་ ༦༧༦,༦༢༦ གིས་ཁྱོན་ཨ་སྒོར་ ༢༥༦,༨༥༨,༨༦༠ སྤྲད་ཡོད་ཅིང་། རོགས་དངུལ་དེ་དག་གིས་གཙོ་བོ་ཡོང་འབབ་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ཁྱོན་ ༡༥༠ ལྷག་ལ་དབུགས་རྔུབ་ཡོ་ཆས་ས་ཡ་ ༢༠ དང་ཁ་རས་ས་ཡ་ ༧། གདོང་ཁེབས་ས་ཡ་ ༨།༧། དེ་བཞིན་ལག་ཤུབ་ས་ཡ་ ༣༩། སྨན་བཅོས་ཁ་རས་ས་ཡ་ ༡༩༩། མིག་ཤེལ་ས་ཡ་ ༡།༦ གིས་རོགས་རམ་གནང་ཡོད་འདུག འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ང་ཚོ་མཉམ་དུ་ཡོད།  མི་གཅིག་ཀྱང་རྒྱབ་ཏུ་མི་སྐྱུར། ཞེས་པའི་འབོད་ཚིག་འོག ཕྱི་ལོ་  ༢༠༢༡ ལོར་ཁྱོན་ཏོག་དབྱིབས་གཉན་རིམས་ཚར་གཅོད་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་དང་སྒྲིག་འཛུགས་རང་གི་ཚོགས་ཁོངས་རྒྱལ་ཁབ་དག་ལ་ཨ་སྒོར་ཐེར་འབུམ་ ༡།༩༦ གི་རོགས་རམ་གནང་།

ཏོག་དབྱིབས་སྨན་དང་འགོག་ཁབ་བཟོ་སྐྲུན།

“མི་ཚང་མ་བདེ་འཇགས་མིན་ཚེ་གཅིག་ཀྱང་བདེ་འཇགས་མིན།

ང་ཚོ་ཚང་མ་བདེ་འཇགས་མ་བྱུང་བར་དུ་རྒྱལ་ཁབ་གཅིག་ཀྱང་བདེ་འཇགས་མིན། ”

“no country will be safe, until we’re all safe”

“No one is safe, until everyone is safe”

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག  འཛམ་གླིང་གི་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བའི་སྨན་པ་དང་ཚན་རིག་པ་སོགས་འཛམ་གླིང་རྒྱལ་ཁབ་ ༤༨ ཀྱི་ཆེད་མཁས་མི་སྣ་ཁྱོན་  ༣༠༠ ལྷག་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཇི་ནི་ཝའི་དབུས་ལས་ཁུངས་སུ་འཛོམས་ཡོད་པ་དང་། སྐབས་དེར་དྲ་ལམ་བརྒྱུད་འཛམ་གླིང་གི་ཚན་རིག་པ་དང་ཉམས་ཞིབ་པ་ ༡༥༠ ལྷག་གིས་ཀྱང་ལྷན་ཚོགས་ནང་མཉམ་ཞུགས་བྱས་ཡོད། ལྷན་ཚོགས་ཐོག་ཏོག་ནད་ཀྱི་འབྱུང་ཁུངས་དང་རྒྱབ་ལྗོངས་ལོ་རྒྱུས། འགོས་ཁྱབ་དང་བརྟག་དཔྱད་བྱེད་ཚུལ། རྟོག་ཞིབ་དང་དོ་དམ་བྱེད་ཕྱོགས། ནད་འབུ་འགོས་ཁྱབ་སྟངས་འཛིན་དང་སྲུང་སྐྱོབ། བཅོས་ཐབས་ཞིབ་འཇུག སྨན་བཟོ་ཐབས། ཞིབ་འཇུག་མ་དངུལ་གཏོང་སྟངས་སོགས་ཀྱི་སྐོར་ལ་གྲོས་བསྡུར་ཐོག་མ་དེ་བྱས་ཤིང་། མཉམ་འབྲེལ་གྱི་ཐོག་ནས་ནད་ཡམས་ལ་གདོང་ལེན་བྱ་དགོས་པའི་གྲོས་མཐུན་བྱུང་།

འཛམ་གླིང་ཡུལ་ལུང་མང་པོའི་ནང་ཏོག་དབྱིབས་འགོས་ཁྱབ་ཤུགས་ཆེན་འགྲོ་བཞིན་པའི་དུས་སྐབས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༤ ནང་འཕྲོད་བསྟེན་སྒྲིག་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་(UNICEF)། སུད་སིའི་རྒྱལ་སྤྱིའི་འགོག་ཁབ་དང་ནད་སྲུང་ཚོགས་པ་གྷ་ཝི་(GAVI)བཅས་ཀྱིས་རྐང་འགན་ཁུར་ཏེ། ཆེས་ཐོག་མར་ཁཱོ་ཝེག་སི་ (COVAX) ཞེས་པའི་གོ་ལ་རང་བཞིན་གྱི་ཏོག་དབྱིབས་འགོག་ཁབ་བཟོ་སྐྲུན་གྱི་ལས་གཞི་ཞིག་མགོ་བརྩམས་ཡོད་པ་དང་།  དེའི་ཁོངས་སུ་འཛམ་གླིང་རྒྱལ་ཁབ་ ༡༩༠ ལྷག་གིས་ཆ་ཤས་བླངས་ཏེ་ཏོག་དབྱིབས་འགོག་ཁབ་བཟོ་སྐྲུན་གྱི་འགྲན་རྩོད་བྱས།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༣ བར་འཛམ་གླིང་ནང་ཏོག་དབྱིབས་འགོག་ཁབ་བཟོ་སྐྲུན་བྱེད་མཁན་གྱི་ཞིབ་འཇུག་ཁང་ཁྱོན་ ༣༧༣ བྱུང་བའི་ཁྲོད། ད་ལྟ་ཏོག་དབྱིབས་འགོག་ཁབ་མི་འདྲ་བ་ ༡༩༩ ཐོག་མའི་ཞིབ་འཇུག་གི་གྲས་སུ་ཡོད་པ་དང་། འགོག་ཁབ་རིགས་ ༡༥༩ སྨན་ཁང་གི་ཚོད་ལྟའི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ནང་ལྷག་འདུག  ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཨ་རི་དང་འཇར་མན། སྦེལ་ཇམ། ཁོ་རོ་ཤི་ཡ་དང་ཨཡེ་རི་ལེན་ཌི་བཅས་ཀྱིས་བཟོས་པའི་ (Pfizer/BioNTech)འགོག་ཁབ་ལ་ངོས་ལེན་དང་བེད་སྤྱོད་ཀྱི་ཆོག་མཆན་ཐོབ་སྟེ། འཛམ་གླིང་གི་ཏོག་དབྱིབས་འགོག་ཁབ་ཨང་དང་པོར་གྱུར་ཡོད་འདུག

དེ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༩ ཉིན་རྒྱ་གར་གྱི་(Oxford/AstraZeneca)ལ་ངོས་ལེན་ཆོག་མཆན་ཐོབ་ཡོད་འདུག ད་ལྟའི་ཆར་རྒྱ་གར་གྱི་ (COVOVAX) དང་ (Covishield)། (Bharat Biotech) ཡིས་བཟོ་སྐྲུན་བྱས་པའི་ (Covaxin)། ཨ་རིའི་ (Nuvaxovid)།  (Moderna)།  སྦེལ་ཇམ་ནང་རྟེན་གཞི་བྱས་པའི་ཨ་རིའི་ཇེན་སན་སྨན་རིགས་བཟོ་སྐྲུན་ཁང་( Janssen Pharmaceuticals) གིས་བསྐྲུན་པའི་  (johnson & johnson)།  རྒྱ་ནག་གི་ (Convidecia)དང་ (Covilo) (CoronaVac) བཅས་འགོག་ཁབ་ཁྱོན་ ༡༡ ལ་ངོས་ལེན་ཆོག་མཆན་ཐོབ་སྟེ་བེད་སྤྱོད་གཏོང་བཞིན་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist