མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་མི་གསོད་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ནང་མི་གསོད་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་འདས་དང་མི་བཅུ་ཙམ་ལ་རྨས་སྐྱོན་བྱུང་ཡོད་འདུག

The released images of the mass shooting suspect from the Los Angeles County Sheriff’s office. (LASD)

དེ་རིང་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༠།༢༠ ཙམ་ལ་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ (Monterey Park) གྲོང་ཁྱེར་གྱི་འཁྱུག་བྲོ་འཁྲབ་སྟོན་ཁང་ (Ballroom Dance Studio) ཞིག་གི་ནང་མི་ཞིག་གིས་གང་བྱུང་མེ་མདའ་འཕངས་ཏེ་མི་ ༡༠ རྐྱེན་འདས་སུ་བཏང་བ་དང་མི་ ༡༠ ཡས་མས་ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག

དེ་འབྲེལ་ཐད་ས་གནས་ཉེན་རྟོག་དཔོན་པོ་རའོ་བྷར་ཊི་ (Robert Luna) ལགས་ཀྱིས། ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༠།༢༠ ཙམ་ལ་གྲོང་ཁྱེར་(Monterey Park) དུ་ཡོད་པའི་འཁྱུག་བྲོ་འཁྲབ་སྟོན་ཁང་ཞིག་གི་ནང་མེ་མདའ་ཐོགས་པའི་མི་ཞིག་གིས་གང་བྱུང་མེ་མདའ་འཕངས་པས། བུད་མེད་ ༥ དང་སྐྱེས་པ་ ༥ གྲོངས་ཡོད་པའི་ནང་ནས་མང་ཆེ་བ་རང་ལོ་ ༥༠ དང་ ༦༠ ནང་ཡིན་པ་དང་། ད་དུང་མི་ ༡༠ ཙམ་ལ་རྨས་སྐྱོན་ཕོག་པའི་ཁྲོད་མི་ ༧ ལ་ད་ལྟའང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

སི་ཨན་ཨན་གསར་ཁང་གི་གནས་ཚུལ་ལྟར་ན།  མི་མདའི་དོན་རྐྱེན་དེ་བོད་ལུགས་ལྟར་ན་སོ་ནམ་ལོ་གསར་སྐབས་རྩེད་འཇོལ་ལ་རོལ་བཞིན་པའི་སྐབས་སུ་བྱུང་ཞིང་། དོན་རྐྱེན་ཁྲོད་རྐྱེན་འདས་སུ་འགྲོ་མཁན་མང་ཆེ་བ་ཨེ་ཤ་ཡའི་མི་རྒྱུད་ཡིན་པའི་འགྲེལ་བརྗོད་བྱས་འདུག་པ་དང་། ད་དུང་དོན་རྐྱེན་དེའི་རྒྱབ་ཀྱི་ཉེས་ཅན་པ་ནི་རང་ལོ་ ༧༢ ཡིན་པའི་མིང་ལ་ (Huu Can Tran) ཟེར་བའི་མི་ཞིག་ཡིན་པའི་ཚོད་དཔག་བྱེད་མུས་ཡིན་པ་མ་ཟད། ཁོས་ཆག་སྒོ་བཟོས་རྗེས་ཉེ་འཁྲིས་ (Alhambra) གྲོང་ཁྱེར་དུ་བྲོས་པ་དང་། ས་གནས་དེར་ཡོད་པའི་འཁྲབ་སྟོན་ཁང་གཞན་ཞིག་ཏུ་ཕྱིན་ཡོད་ཀྱང་། སྐབས་དེར་མི་ཁ་ཤས་ཀྱིས་ཁོ་དང་ལག་འཛིངས་བྱས་ཏེ་མེ་མདའ་ལག་ནས་འཕྲོག་ཡོད་སྟབས་དོན་རྐྱེན་གཞན་གང་ཡང་ལྷག་མེད་པ་རེད། འོན་ཀྱང་། ཉེན་རྟོག་པས་ཁ་ལི་ཧྥོ་ནེ་ཡའི་གྲོང་ཁྱེར་ལོ་སི་ཨན་ཇལ་སི་ (Los Angeles) ཁུལ་དུ་ཆུ་ཚོད་ ༡༢ རིང་རྟོག་ཞིབ་དང་འཚོལ་ཞིབ་བྱས་མཐར།  ལོ་སི་ཨན་ཇལ་སིའི་(Torrance) ས་ཁུལ་ནས་རང་ལོ་ ༧༢ ལོན་པའི་དོགས་གནས་ཅན་གྱི་མི་དེ་རྙེད་སོན་བྱུང་ཡོད་ཀྱང་། མི་དེས་མེ་མདའ་འཕངས་ནས་རང་ཤི་བརྒྱབ་ཡོད་པ་རེད།

དོན་རྐྱེན་དེའི་ཐད་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་གིས། མི་གསོད་དོན་རྐྱེན་དེའི་ཁྲོད་ཤི་རྨས་བྱུང་བའི་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད། ཟླ་འདིའི་ཕྱི་ཚེས་ ༢༦ བར་དུ་ཨ་རིའི་ཕོ་བྲང་དཀར་པོ་དང་གཞུང་གི་ཡན་ལག་ལས་ཁུངས་ཁག་ཏུ་རྒྱལ་དར་ཕྱེད་ཕབ་བྱ་དགོས་པའི་བཀའ་གནང་ཡོད་འདུག་པ་དང་། ས་གནས་དང་མངའ་སྡེའི་དཔོན་རིགས་རྣམས་ཀྱིས་མུ་མཐུད་མེ་མདའི་དོན་རྐྱེན་དེའི་ཐོག་ཞིབ་འཇུག་བྱེད་དགོས་པ་དང་། ཨ་རིའི་ནང་སྲིད་བདེ་འཇགས་ལས་ཁུངས་ལ་ཆེད་དུ་དོན་རྐྱེན་དེའི་ཐད་རྒྱབ་སྐྱོར་བྱ་དགོས་པའི་ལམ་སྟོན་གནང་ཡོད་སྐོར་བརྗོད་འདུག

ད་ལྟ་འཛམ་གླིང་ནང་མི་སྒེར་ལ་མེ་མདའི་བདག་དབང་ཆེས་ཆེ་བའི་རྒྱལ་ཁབ་ནི་ཨ་རི་ཡིན་ཞིང་། ཨ་རིའི་ནང་མང་ཚོགས་ཁྲོད་མེ་མདའི་དོན་རྐྱེན་བྱུང་བ་ནི་འཆར་ཅན་ཡིན་པ་དང་། ད་ལན་གྱི་མི་གསོད་དོན་རྐྱེན་དེ་ནི་ཕྱི་ལོ་ ༢༠༢༣ ལོའི་དོན་རྐྱེན་ཐེངས་ལྔ་པ་ཆགས་ཀྱི་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་ཨ་རིའི་མངའ་སྡེ་ཊེག་ས་སི་ (Texas) ཡི་གྲོང་ཁྱེར་ (Uvalde) ནང་གི་སྔོན་འགྲོའི་སློབ་གྲྭ་ཞིག་གི་ནང་དུ་མི་ཞིག་གིས་གང་བྱུང་མེ་མདའ་བརྒྱབ་སྟེ་སློབ་ཕྲུག་ ༡༩ དང་དགེ་རྒན་ ༢ བཅས་ཁྱོན་མི་ ༢༡ བསད་ཡོད་པ་རེད། ཡང་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཁོ་ལོ་ར་ཌོ་རུ་མཚན་མཐུན་མ་ནིང་མོ་ལོག་གི་མཚན་ཚོགས་ (LGBTQ nightclub) སུ་མི་ཞིག་གིས་མེ་མདའ་བརྒྱབ་སྟེ་མི་ ༥ བསད་པ་དང་མི་ ༢༥ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese