མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེམས་དང་སེམས་ཞེས་པའི་༧གོང་ས་མཆོག་གི་ཕྱག་དེབ་ཅིག་ཚོང་འགྲེམས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་སེམས་དང་སེམས་ཞེས་པའི་ཕྱག་དེབ་དེ་ཨེ་མཱ་རྫོན་(Amazon)གཙོ་བོར་གྱུར་བའི་རྒྱལ་སྤྱིའི་དཔེ་དེབ་ཚོང་ཁང་བདུན་གྱིས་ཚོང་འགྲེམས་བྱེད་ཀྱིན་འདུག

ཁ་སང་ཕྱི་ཚེས ༢༤ ཉིན་གྱི་དགོང་མོར་ཨ་རིར་རྟེན་གཞི་བྱས་པའི་ཧར་པར་ཁོ་ལིན་དཔེ་སྐྲུན་ཁང་(HarperCollins Publishers) གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འགུལ་རིས་རི་མོ་བ་གྲགས་ཅན་པ་ཊིག་(Patrick McDonnell) གཉིས་ཀྱིས་བརྩམས་པའི་སེམས་དང་སེམས་(Heart To Heart ) ཞེས་པའི་ཕྱག་དེབ་དེ་དྲ་ལམ་ནས་ཚོང་འགྲེམས་བྱེད་མགོ་བཙུགས་སོང་། 

དེའི་ཐད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ངོ་དེབ་སྟེང་། ངོས་རང་གིས་དཔེ་དེབ་འདིས་ང་ཚོའི་ཁོར་ཡུག་ཏུ་བྱམས་བརྩེ་དང་གཞན་ཕན་གྱི་གལ་ཆེའི་རང་བཞིན་ཐོག་མི་མང་གི་སེམས་ཁམས་དང་མིག་ཟུང་ཕྱེ་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག་པ་དང་། ཡང་དེ་རིང་ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འགུལ་རིས་གྲགས་ཅན་པ་ཊིག་མེག་ཌོན་ནིལ་གཉིས་ཀྱི་བརྩམས་ཆོས་འདི་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་ཡི་ཡོད། དཔེ་དེབ་འདིས་ཁྱེད་ལ་བློ་སྤོབས་སྩལ་ནས་ལག་ལེན་དངོས་ལ་གཞོལ་ཐུབ་པའི་རེ་བ་ཞུ། ཞེས་བརྗོད་ཡོད་འདུག 

ད་ལྟ་རང་ལོ ༦༦ ཡིན་པའི་འགུལ་རིས་རི་མོ་བ་གྲགས་ཅན་སྐུ་ཞབས་པ་ཊིག་མེག་ཌོན་ནིལ་ (Patrick McDonnell)  ལགས་ནི་ཨ་རིའི་ནེའུ་ཇར་སི་ (New Jersey )མངའ་སྡེའི་ཨེ་ལི་ཛེ་བྷེ་ཐི་(Elizabeth) གྲོང་ཁྱེར་ནང་འཚར་ལོངས་བྱུང་ཡོད་ཅིང་། ཁོང་གིས་གཞི་རིམ་གྱི་སློབ་གྲྭ་ཁག་མཐར་ཕྱིན་རྗེས། ཕྱི་ལོ་ ༡༩༧༨ ལོར་ཁོང་ཨ་རིའི་རྟོག་འཆར་རིག་པའི་སློབ་གྲྭ་(School of Visual Arts )ནས་སློབ་མཐར་ཕྱིན། ཁོང་ནི་ཨ་རིར་སྐད་གྲགས་ཡོད་པའི་འགུལ་རིས་རི་མོ་བ་དང་འཁྲབ་གཞུང་རྩོམ་པ་པོ། དེ་བཞིན་བྱིས་པའི་དཔེ་རིས་འབྲི་མཁན་གྲགས་ཅན་ཞིག་ཡིན་འདུག་ལ། ཁོང་ལ་ཨ་རིའི་དགོད་བྲོའི་འཁྲབ་གཞུང་(Comic Strip) གི་བྱ་དགའ་ཐེངས་བརྒྱད་དང་།  ཨ་རིའི་རྒྱལ་ཡོངས་ཀྱི་འགུལ་རིས་བའི་སྤྱི་ཚོགས་ཀྱི་བྱ་དགའ་(National Cartoonists Society )བཞི་གཙོས། སྔ་རྗེས་སུ་བྱ་དགའ་གྲགས་ཅན་མི་འདྲ་བ་ ༡༠ ལྷག་ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist